ཨ་རིའི་ས་གནས་ཡུ་ཀྲ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མཛད་སྒོའི་ཆེད་སྐུ་མགྲོན་དུ་ཕྱོགས་བཞུགས་བྱང་ཨ་རི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཕེབས་གནང་བ།

༄༅། །ཕྱི་ལོ་༢༠༢༣ ཟླ་ ༡༢ ཚེས་ ༩ ཉིན་ཨ་རིའི་ས་གནས་ཡུ་ཀྲ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མཛད་སྒོའི་ཆེད་སྐུ་མགྲོན་དུ་ཕྱོགས་བཞུགས་བྱང་ཨ་རི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་དང་། གྲོང་སྡེའི་སྤྱི་ཁྱབ་ South Salt Lake Mayor Cheri Woods དེ་བཞིན་སྤྱི་ཟུར་པདྨ་ཕྱག་མཛོད་ཚང་མཆོག་ཆེད་ཕེབས་ཐོག དེ་སྔ་ཚོགས་ཁང་གི་ལམ་ Dalai Lama Way ཞེས་ས་གནས་སུ་ཞུ་གཏུགས་བྱུང་བའི་བཀའ་འཁྲོལ་ཐོབ་པར་བརྟེན། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་ Mayor Cherie Woods ནས་ས་གནས་མི་མང་ཚང་འཛོམས་ཐོག་ལམ་དབུ་འབྱེད་གནང་བ་དང་མཛད་སྒོ་སྲུང་བརྩི་ཞུས།
ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ས་གནས་ཚོགས་ཁང་དུ་བྱང་ཨ་རི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གཟའ་འཇུག་སློབ་གྲྭའི་འཛིན་ཁང་ནང་གཟིགས་སྐོར་ཕེབས་པ་དང་བོད་པའི་སློབ་ཕྲུག་ཐུགས་རྒྱུ་བྱུང་བ་མ་ཟད། མི་མང་དང་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་བ་དང་འདྲི་བར་ལན་འདེབས་སོགས་ལེགས་གྲུབ་བྱུང་འདུག