སྤྱི་ལྷན་གྱི་རྒྱུན་ལས་ཚོགས་ཆུང་།
རྒྱུན་ལས་ཀྱི་མི་འགྲོ་རྣམས་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ། ཐད་བསྐོས་སྤྱི་འཐུས་ཡོད་ན་གཅིག་བཅས་ཁུངས་སོ་སོ་ནས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱེད་ཆོག་པ་དང༌། ལོ་རེའི་མཚམས་ནས་བསྐྱར་འདེམས་གནང་གི་ཡོད།
རྒྱུན་ལས་ཀྱི་སྡེ་ཚན།
|
|
|
|
ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག |
ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག |
ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་རྒྱུན་ལས་བྱིངས་རྣམས་གཤམ་གསལ་སྡེ་ཚན་ཁག་གསུམ་ལ་ལས་བགོས་གནང་རྒྱུ།
༡། རྒྱུན་འབྲེལ་སྡེ་ཚན།
![]() |
![]() |
|
སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག |
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག |
བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་གི་ལས་དོན་སྐོར་འགན་འཁུར་ཞུ་ཕྱོགས་སྒྲིག་གཞི་གཞིར་བཟུང་ལག་ལེན་བསྟར་རྒྱུ།
༢། ཆབ་སྲིད་སྡེ་ཚན།
|
|
![]() |
|
སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག |
སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག |
![]() |
![]() |
|
སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག |
སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག |
![]() |
|
|
སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག |
ཀཿ འཛམ་གླིང་སྤྱི་དང་ཁྱིམ་མཚེས་རྒྱ་དཀར་ནག སྒོས་སུ་བོད་ནང་གི་གནས་སྟངས་སོགས་ཀྱི་འགྱུར་འགྲོས་དང་བསྟུན་ཕྱི་དྲིལ་ཞུ་སྒོ་དང༌། ཛ་དྲག་གི་ལས་འགུལ་དང་འབྲེལ་བའི་སྲིད་དོན་གྱི་ལས་འགུལ་གསར་སྤེལ་ཞུ་དགོས་རིགས་སྐབས་སོ་སོར་རྒྱུན་ལས་ཀྱི་ཆོག་མཆན་དང་འབྲེལ་ལག་ལེན་བསྟར་རྒྱུ།
ཁཿ ཕྱོགས་བཞུགས་སྤྱི་འཐུས་གང་རུང་ནས་དམིགས་བསལ་གློ་བུར་གྱི་ལས་འགུལ་སྤེལ་དགོས་པའི་ཞལ་པར་རམ། སྙན་ཤོག་འབྱོར་ཚེ་རྒྱུན་ལས་པ་ཚོས་སྐབས་བསྟུན་དགོངས་བཞེས་བཀའ་བསྡུར་གྱིས་ཐག་གཅོད་གནང་རྒྱུ།
༣། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན།
|
|
![]() |
|
སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག |
སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག |
གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་སྒྲིག་གཞི་ལེགས་བཅོས་ཐོག་ཁོངས་སོ་སོའི་སྒྲིག་གཞི་རྩ་བཟུང་དང་འབྲེལ་ལས་དོན་སྐོར་ཡར་རྒྱས་ཚགས་ཚུད་ཡོད་མིན་དང་དགེ་སྐྱོན་ཅི་མཆིས་ཉམས་ཞིབ་བྱ་རྒྱུ་དང༌། དེ་འབྲེལ་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་དང་གཞེན་སྐུལ་བྱ་འོས་རིགས་སྐབས་སོ་སོར་རྒྱུན་ལས་ཀྱི་ཆོག་མཆན་དང་འབྲེལ་ལག་ལེན་བསྟར་རྒྱུ།










