༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི།

 

དོན་ཚན་དང་པོ། སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༡༩ ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

 

དོན་ཚན་གཉིས་པ། སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༠ འོག་བཀོད་སྒྲིག་བྱས་པ་ཡིན།

 

དོན་ཚན་གསུམ་པ། འགོ་འཛུགས།

སྒྲིག་གཞི་འདི་ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༢༧ ནས་འགོ་འཛུགས་བྱ་རྒྱུ།

 

དོན་ཚན་བཞི་པ། སྒྲིག་གཞིའི་ཁྱབ་ཚད།

སྒྲིག་གཞི་འདིས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཡོད་པའི་ལས་ཁུངས་ཡོངས་དང༌། རང་སྐྱོང་སྡེ་ཚན་རྣམས་ལ་ཁྱབ་པ་ཡིན།

 

དོན་ཚན་ལྔ་པ། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་ཁུངས་ཁག

ཁྲིམས་ལུགས་ལྟར་བཀོད་སྒྲིག་བྱས་པའི་འཛིན་སྐྱོང་ལས་ཁུངས་ཁག་གི་རིམ་པ་གཤམ་གསལ།

༡   བཀའ་བློན་ལས་ཁུངས་ཁག

ཀ བཅའ་ཁྲིམས་དོན་ཚན་ ༢༩ པའི་ནང་གསེས་ ༢ ནང་གསལ་ལྟར་འགན་དབང་སྤྲད་པའི་བཀའ་བློན་ཞིག་གིས་ཐད་ཀའི་འཛིན་སྐྱོང་འོག་ལས་རིགས་ལྟར་བཀོད་སྒྲིག་བྱས་པའི་དབུས་ཀྱི་ལས་ཁུངས་རྣམས་བཀའ་བློན་ལས་ཁུངས་ཡིན། (ད་ཡོད་བཀའ་བློན་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་དང་པོར་གསལ།)

ཁ བཀའ་བློན་ལས་ཁུངས་ཤིག་གསར་འཛུགས་དང་ཕྱིར་བསྡུ་བྱ་རྒྱུར་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གྱིས་མོས་མཐུན་ལྟར་ཐག་གཅོད་བྱ་རྒྱུ།

ག བཀའ་བློན་ལས་ཁུངས་སོ་སོའི་དྲུང་ཆེའི་འོག་དགོས་ངེས་འགན་འཛིན་དང་ལས་བྱའི་སྡེ་ཚན་གྱི་ལས་བྱེད་ས་མིག་བཀོད་སྒྲིག་བྱེད་དགོས།

ང  བཀའ་བློན་ལས་ཁུངས་གཅིག་ནང་ལས་རིགས་ཀྱི་དབྱེ་བས་གལ་ཆེའི་སྡེ་ཚན་ཁག་ཁ་ཤས་ཡོད་ཚེ་འགན་འཛིན་དྲུང་ཆེ་རེ་བསྐོ་གཞག་ཆོག་པ་དང༌། དེ་མིན་ལས་རིགས་སྡེ་ཚན་ཆེ་བ་ཁ་ཤས་ཡོད་ན་དེ་དག་གི་འགན་འཛིན་དྲུང་ཆེ་ལས་འཕར་རམ། ཟུང་འབྲེལ་དྲུང་ཆེ་ཞིག་གིས་བྱ་འཐུས། དྲུང་ཆེས་འབྲེལ་ཡོད་བཀའ་བློན་ལ་འགན་འཁུར་ལན་འདེབས་དགོས།

༢   སྐུ་ཚབ་དོན་གཅོད་ལས་ཁུངས་ཁག

ཀ བཀའ་ཤག་གིས་བསྐོ་འཛུགས་གནང་ཞིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་བའི་དོན་གཅོད་དམ། དེ་དང་གནས་ཚད་མཉམ་པའི་སྐུ་ཚབ་ཁག་གི་འཛིན་སྐྱོང་འོག་བཀོད་སྒྲིག་བྱས་པའི་ལས་ཁུངས་ཁག་སྐུ་ཚབ་དོན་གཅོད་ལས་ཁུངས་ཡིན། (ད་ཡོད་དོན་གཅོད་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་གཉིས་པར་གསལ།)

ཁ ལས་ཁུངས་དེ་དག་གི་འགན་འཛིན་དྲུང་ཆེའི་གནས་རིམ་ཅན་གྱི་སྐུ་ཚབ་རེ་དགོས་པ་དང༌། དེའི་འོག་ལས་དོན་ལ་གཞིགས་པའི་ལས་བྱེད་ཇི་དགོས་ཀྱི་ས་མིག་གཏན་འབེབས་དང་འབྲེལ་བཀོད་སྒྲིག་བྱ་རྒྱུ།

ག སྐུ་ཚབ་ཁག་གིས་ཕྱི་དྲིལ་བཀའ་བློན་བརྒྱུད་བཀའ་ཤག་ལ་འགན་འཁུར་ལན་འདེབས་ཞུ་དགོས།

ང  ལས་ཁུངས་འདི་རིགས་གསར་འཛུགས་དང་ཕྱིར་བསྡུ་ཇི་དགོས་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གྱིས་མོས་མཐུན་ལྟར་ཐག་གཅོད་བྱ་རྒྱུ།

༣ གཤམ་འོག་ལས་ཁུངས་ཁག

ཀ བཀའ་བློན་ལས་ཁུངས་གང་རུང་ངམ། དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་གང་རུང་འོག་དབུས་དང་ས་གནས་གང་དུའང་ཐད་ཀར་བཀོད་སྒྲིག་འཛིན་སྐྱོང་བྱེད་པའི་ལས་ཁུངས་ཁག་གཤམ་འོག་ལས་ཁུངས་ཡིན། (ད་ཡོད་གཤམ་འོག་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་གསུམ་པར་གསལ།)

ཁ ལས་ཁུངས་འདི་དག་གི་འགན་འཛིན་གནས་རིམ་ཇི་དགོས་སྐབས་མཚམས་སྒྲིག་གཞི་ལྟར་བཀོད་སྒྲིག་བྱ་རྒྱུ་དང༌། འགན་འཛིན་དེ་རྣམས་ཀྱིས་གོང་རིམ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཛིན་ལ་འགན་འཁུར་ལན་འདེབས་ཞུ་དགོས།

ག ལས་ཁུངས་འདི་རིགས་གསར་འཛུགས་དང་ཕྱིར་བསྡུ་ཁྱབ་ཁོངས་ལས་ཁུངས་སོ་སོའི་རྒྱབ་གཉེར་ཐོག་བཀའ་ཤག་གི་ཐག་གཅོད་ལྟར་བྱ་རྒྱུ།

༤  དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས།

ཀ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་ཁུངས། ཚོགས་དྲུང་ལས་ཁུངས། བཀའ་དྲུང་ཡིག་ཚང༌། རང་དབང་ཅན་གྱི་སྡེ་ཚན་ཁག་གི་ལས་ཁུངས། གཞན་ཡང་དེ་དག་དང་ཕྱོགས་མཚུངས་ཀྱི་ལས་ཁུངས་རྣམས་དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་ཡིན། (ད་ཡོད་དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བཞི་པར་གསལ།)

ཁ སྡེ་ཚན་དེ་དག་གི་ལས་ཁུངས་ཀྱི་འགན་འཛིན་དང༌། ལས་བྱའི་རིགས་འབྲེལ་ཡོད་སྒྲིག་གཞི་ཁག་ནང་གསལ་ལྟར་བཀོད་སྒྲིག་བྱ་རྒྱུ།

ག སྡེ་ཚན་དེ་དག་གི་འགན་འཛིན་དང༌། ལས་བྱའི་སྡེ་ཚན་སོ་སོའི་ལས་བྱེད་ཀྱིས་འབྲེལ་ཡོད་གོང་རིམ་ལ་འགན་འཁུར་ལན་འདེབས་དགོས།

 

དོན་ཚན་དྲུག་པ། ཁྱབ་ཁོངས་སྡེ་ཚན་ཁག

༡   འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཁག

ཀ བཀའ་བློན་ལས་ཁུངས་གང་རུང་ངམ། དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་གང་རུང་གིས་དགོས་དམིགས་ཁྱད་པར་བ་ཞིག་གི་སླད། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་དེབ་སྐྱེལ་བྱས་ཤིང༌། ལས་བྱེད་གང་འཚམས་རེ་གོ་གནས་རྗེས་འབྲེལ་གྱིས་འགན་འཛིན་ཚོགས་མིར་ཡོད་པ་དང༌། དགོས་དངུལ་གཞུང་གིས་གཏོང་དགོས་མིན་ལ་མ་ལྟོས་པར་འཆར་བྱུས་དང་འབྲེལ་བའི་ལས་དོན་ཁག་འཛིན་སྐྱོང་གི་ལམ་སྟོན་ལྟར་བྱེད་དགོས་པའི་རིགས་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཡིན། (ད་ཡོད་རང་སྐྱོང་སྡེ་ཚན་འདི་རིགས་ཀྱི་མཚན་གཞུང་སྒྲིག་གཞིའི་ཟུར་འཛར་ལྔ་པར་གསལ།)

ཁ སྡེ་ཚན་འདི་རིགས་ཀྱི་ཚོགས་པའི་དམིགས་ཡུལ་བརྗེད་བྱང་དང༌། སྒྲིག་གཞི་ཁག་གི་ནང་འབྲེལ་ཡོད་བཀའ་བློན་ལས་ཁུངས་ཀྱིས་འཛིན་སྐྱོང་དབང་བྱུས་ཐུབ་པའི་ཆ་རྐྱེན་ངེས་པར་དགོས།

ག འདི་རིགས་གསར་འཛུགས་བྱ་དགོས་བྱུང་མཚམས་དམིགས་ཡུལ་བརྗེད་བྱང་དང་སྒྲིག་གཞིའི་ཡིག་ཆ་ཁག་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། ཕྱིར་བསྡུ་བྱ་དགོས་རིགས་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་དང་འབྲེལ་ཚོགས་པ་དེའི་སྒྲིག་གཞི་ལྟར་བྱ་རྒྱུ།

༢   དངུལ་གྲོན་བསྩལ་དགོས་ཀྱི་རང་སྐྱོང་སྡེ་ཚན་ཁག

ཀ བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་བཙུགས་བྱས་པ་མིན་ཡང༌། དངུལ་གྲོན་ཆ་ཚང་ངམ་ཆ་ཤས་འཛིན་སྐྱོང་ནས་བསྩལ་དགོས་ཀྱི་སྡེ་ཚན། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་རྣམས་དངུལ་གྲོན་བསྩལ་དགོས་ཀྱི་རང་སྐྱོང་སྡེ་ཚན་ཡིན། (ད་ཡོད་རང་སྐྱོང་སྡེ་ཚན་འདི་རིགས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་དྲུག་པར་གསལ།)

ཁ འདི་རིགས་ལ་གཞུང་གྲོན་བསྩལ་རྒྱུའི་བཀའ་འཁྲོལ་མ་གནང་གོང་སྡེ་ཚན་དེའི་དམིགས་ཡུལ་བརྗེད་བྱང་དང༌། སྒྲིག་གཞི་བཅས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཐུན་མིན་ཞིབ་འཇུག་དང་འབྲེལ། སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྒྲིག་གཞི་སྤྱི་དང༌། ལྷག་པར་རྩིས་ཞིབ་ཀྱི་སྒྲིག་གཞི་ཁག་བརྩི་སྲུང་དགོས་པའི་ཆ་རྐྱེན་བཀོད་དགོས་པ་མ་ཟད། འགན་འཛིན་ལྷན་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་བསྐོས་འཐུས་མི་ཚུད་པ་དགོས།

ག འདི་རིགས་ལ་དགོས་དངུལ་བཀག་སྡོམ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ལེན་ཕྱིར་འཐེན་གནང་དགོས་རིགས་དང༌། གསར་དུ་ངོས་ལེན་དང་དགོས་དངུལ་གནང་དགོས་རིགས་བཅས་འབྲེལ་ཡོད་བཀའ་བློན་ལས་ཁུངས་ཀྱི་རྒྱབ་གཉེར་ཐོག་བཀའ་ཤག་གི་ཐག་གཅོད་ལྟར་བྱ་རྒྱུ།

༣  མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག

ཀ བོད་མི་དང་འབྲེལ་ཡོད་ཀྱི་རང་སྐྱོང་སྡེ་ཚན་རྒྱལ་ཁབ་གཞན་ནམ། གང་ཟག་གཞན་གྱིས་བཙུགས་པའི་སྒྲིག་འཛུགས་ྋགོང་ས་མཆོག་གམ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་མིར་ཡོད་པའི་རིགས་མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཡིན། (ད་ཡོད་རང་སྐྱོང་སྡེ་ཚན་འདི་རིགས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བདུན་པར་གསལ།)

ཁ སྡེ་ཚན་འདི་རིགས་ལ་སྐུ་ཚབ་ཚོགས་མི་གོ་འཕེར་བཏང་སྟེ་ལས་དོན་རྣམས་བོད་མིའི་ཁེ་ཕན་ལ་སྨིན་ངེས་ཡོང་ཐབས་ཀྱི་འབྲེལ་བ་བྱེད་དགོས།

ག ཚོགས་པའི་དམིགས་ཡུལ་དང་མི་མཐུན་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འགལ་ཚབས་ཆེ་བའི་ལས་དོན་བྱས་པ་བཀག་འགོག་མ་ཐུབ་ཚེ་བཀའ་ཤག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འཁྲོལ་ཞུས་ཏེ་སྐུ་ཚབ་ཚོགས་མི་ཕྱིར་འཐེན་བྱ་འཐུས། གོང་གསལ་སྡེ་ཚན་གང་དུའང་མ་ཚུད་པའི་ཚོགས་པ་བོད་མིའི་སྒྲིག་འཛུགས་ཀྱི་དབང་བྱུས་དགོས་པ་ཞིག་བྱུང་ཚེ་ཚོགས་པ་དེ་གོང་གསལ་སྡེ་ཚན་གང་རུང་གི་ཁོངས་སུ་ཚུད་ཐབས་ཀྱི་ཆ་རྐྱེན་བཟོ་དགོས་ཤིང༌། འཛིན་སྐྱོང་དབང་བྱུས་བྱེད་སྟངས་གསལ་ཁ་མེད་པའི་ཚོགས་པ་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་ཅན་དགོས་དངུལ་ལམ་མཐུན་རྐྱེན་སྤྲོད་མི་ཆོག

༤  གོང་གསལ་ནང་གསེས་ ༡ ནས་ ༣ བར་གྱི་ནང་མ་ཚུད་པའི་བོད་མིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་རང་སྐྱོང་སྡེ་ཚན་ཁག

བོད་མིའི་ཁེ་ཕན་སླད་ཆེད་འཛུགས་གནང་བའི་སྡེ་ཚན་འདི་རིགས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་འོག་དེབ་སྐྱེལ་ཡོད་མེད་དང༌། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་མི་ཡོད་མེད་ལ་མ་ལྟོས་པར་སྡེ་ཚན་གྱི་ལས་དོན་བྱེད་ཕྱོགས་དབུས་སའི་བོད་མིའི་སྒྲིག་འཛུགས་ལ་དགོངས་བསྐོར་བཀའ་བསྡུར་དང༌། ཁུངས་སོ་སོའི་མི་མང་ལ་གོ་བསྡུར་གནང་དགོས། སྡེ་ཚན་དེ་དག་གི་བདག་དབང་བོད་མིར་ཡོད་པ་དང༌། སྡེ་ཚན་གྱི་ཡོང་འབབ་བོད་མིའི་བདེ་རྩའི་ཆེད་བེད་སྤྱོད་དགོས་པ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག་ཡིན། (ད་ཡོད་རང་སྐྱོང་སྡེ་ཚན་འདི་རིགས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བརྒྱད་པར་གསལ།)

 

དོན་ཚན་བདུན་པ། ལས་བྱེད་ལས་འགན་བཀོད་སྒྲིག་དང༌། ས་མིག་གཏན་འབེབས།

བཅའ་ཁྲིམས་དང༌། ཁྲིམས་ཡིག སྒྲིག་གཞི་ཁག་གཞིར་བཟུང་སྲིད་སྐྱོང་གིས་ཐད་ཀར་རམ། ཐབས་ལམ་གཞན་བརྒྱུད་བཀོད་སྒྲིག་གནང་དགོས་རིགས་དང༌། གོ་མིང་རྗེས་འབྲེལ་གྱི་བཀོད་སྒྲིག་བྱེད་དགོས་རིགས་ཕུད། དེ་བྱིངས་འགན་འཛིན་དང༌། ལས་བྱའི་སྡེ་ཚན་གཉིས་ཀའི་ལས་བྱེད་རྣམས་ལས་དོན་བཀོད་སྒྲིག་བྱེད་ཕྱོགས་སྒྲིག་གཞི་ཟུར་ཡོད་ལྟར་བྱ་རྒྱུ།

 

དོན་ཚན་བརྒྱད་པ། བཀའ་ཤག་གི་འགན་དབང༌།

༡      བཀའ་ཤག་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་འགན་འཁུར་རྐང་ལེན་བྱེད་པོའི་འགན་འཛིན་སྲི་ཞུའི་སྒྲིག་འཛུགས་མཐོ་ཤོས་དེ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་འོག་ཡོད་པའི་ལས་ཁུངས་སྡེར་གཏོགས་དང་བཅས་པར་སྤྱི་ཁྱབ་ཀྱི་ལམ་སྟོན་དང་རྟོག་ཞིབ། བཀོད་བྱུས་སྟངས་འཛིན། ཐག་གཅོད་བཅས་བྱེད་པའི་འགན་དབང་ཡོད།

༢      བཀའ་ཤག་གི་འགན་འཁུར་ནི་སྲིད་སྐྱོང་དང་། བཀའ་བློན་རྣམས་མཉམ་འདུས་ཀྱི་འགན་འཁུར་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་སྤྱི་མོས་སམ་མང་མོས་ཀྱིས་གྲོས་དོན་ཐག་གཅོད་བྱེད་དགོས་པ་ལས་སྲིད་སྐྱོང་ངམ་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་མི་ཆོག

༣  བཀའ་ཤག་གིས་གཏན་འབེབས་ཟིན་པའི་དོན་གནད་གང་ལའང་བཀའ་བློན་བྱེ་བྲག་པར་མོས་མཐུན་མེད་ཚེ་རང་ཉིད་བཀའ་བློན་གྱི་ལས་འཁུར་ནས་དགོངས་ཞུ་བྱེད་དགོས་པ་ལས་མོས་མཐུན་མེད་ཚུལ་དང༌། ཕྱོགས་འགལ་གྱིས་མང་ཚོགས་སུ་གསུང་བཤད་དང༌། གསར་འགོད་དྲིལ་བསྒྲགས་རིགས་མི་ཆོག

༤  སྲིད་སྐྱོང་དང་བཀའ་བློན་རྣམས་མཉམ་འདུས་ཀྱིས་སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་བཅས་ལ་འགན་འཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང་དྲི་བར་ལན་འདེབས་བྱེད་དགོས།

དོན་ཚན་དགུ་པ། བཀའ་བློན་བྱེ་བྲག་པའི་འགན་དབང༌།

༡      བཀའ་བློན་བྱེ་བྲག་པ་རེ་རེ་བཞིན་བཀའ་ཤག་གི་མཉམ་འདུས་ཀྱི་འགན་འཁུར་དང་ཆབས་ཅིག་སོ་སོའི་ཁྱབ་ཁོངས་བཀའ་བློན་ལས་ཁུངས་ཀྱི་སྤྱི་ཁྱབ་ལམ་སྟོན་དང༌། བཀོད་བྱུས་སྟངས་འཛིན། ཐག་གཅོད། ལས་ཁུངས་དེའི་ལས་དོན་ཆེ་ཕྲ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཐུན་པ་ཡོང་མིན་ཞིབ་འཇུག་བྱ་རྒྱུ་བཅས་ཀྱི་འགན་དབང་ཡོད།

༢      སོ་སོའི་ཁྱབ་ཁོངས་བཀའ་བློན་ལས་ཁུངས་ཀྱི་ལས་དོན་ཡིན་རུང་སྲིད་བྱུས་གཏན་འབེབས་དང༌། གཏན་ལ་ཕབ་པའི་སྲིད་བྱུས་ལ་འགྱུར་བ་དང༌། ཕྱི་འབྲེལ་ཆོད་དོན་འཇོག་དགོས་རིགས་བཅས་བཀའ་ཤག་དང་ཞིབ་ཕྲའི་མོལ་བསྡུར་དགོས་པ་ལས། བཀའ་བློན་བྱེ་བྲག་པ་ཞིག་གིས་རང་འཚམས་ཐག་གཅོད་མི་ཆོག

 

དོན་ཚན་བཅུ་པ། དཔལ་འབྱོར་དབང་ཚད།

༡      ལོ་འཁོར་སྔོན་རྩིས་ཀྱི་གཏོང་ལེན་ཁྲིམས་ཡིག་བཀའ་འཁྲོལ་ཟིན་པ་དང༌། མཐའ་མའི་སྔོན་རྩིས་བཀའ་འཁྲོལ་ནང་གསལ་དངུལ་འབབ་ཡོངས་རྫོགས་ཀྱི་གཏོང་ལེན་དབང་ཚད་ཆ་ཚང་བཀའ་ཤག་ལ་ཡོད།

༢   བཀའ་ཤག་གིས་བཀའ་བློན་སོ་སོ་དང་གཤམ་འོག་འགན་འཛིན་སོ་སོར་སྒྲིག་གཞི་ལྟར་སྐབས་བསྟུན་གྱི་དབང་ཚད་སྤྲད་དེ་གཏོང་ལེན་དང་རྩིས་ཉར་བྱ་རྒྱུ།

༣      ངེས་མེད་དགོས་དངུལ་ནས་འགྲོ་གྲོན་གཏོང་དགོས་ཇི་བྱུང་བཀའ་ཤག་གིས་ཐག་གཅོད་བྱ་རྒྱུ་ལས་བཀའ་བློན་བྱེ་བྲག་པས་ཐག་གཅོད་མི་ཆོག

 

དོན་ཚན་བཅུ་གཅིག་པ། རྗེ་བློན་ལྷན་ཚོགས།

ཕྱིར་བསྡུ།

 

དོན་ཚན་བཅུ་གཉིས་པ། བཀའ་ཤག་ལྷན་ཚོགས་དང༌། ཐག་གཅོད་གནང་ཕྱོགས།

༡      ཛ་དྲག་དམིགས་བསལ་ལྷན་ཚོགས་རིགས་ཕུད། འཆར་ཅན་རེས་གཟའ་མིག་དམར་དང༌། པ་སངས་གཉིས་ལ་བཀའ་ཤག་ལྷན་རྒྱས་གནང་རྒྱུ་དང༌། གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་ངོ་བཞུགས་མེད་ན་ལས། དེ་མིན་སྲིད་སྐྱོང་དང་བཀའ་བློན་ཚང་མ་ངེས་པར་ལྷན་བཅར་གནང་དགོས། གཞུང་འབྲེལ་ལས་དོན་དབང་གིས་ལྷན་བཅར་མ་ཐུབ་སྐབས་བཀའ་དྲུང་ལ་དེ་དོན་བརྡ་ལན་གནང་དགོས་ཤིང༌། ཛ་དྲག་དམིགས་བསལ་ལྷན་ཚོགས་གནང་དགོས་གྱུར་ཚེ་བཀའ་དྲུང་ནས་ཚོགས་བརྡ་འབུལ་དགོས།

༢      བཀའ་ཤག་ལྷན་རྒྱས་སྐབས་སྲིད་སྐྱོང་གིས་འགོ་འདོམས་བྱ་རྒྱུ་དང༌། སྲིད་སྐྱོང་མེད་སྐབས་ངོ་ཡོད་བཀའ་བློན་རྣམས་ནས་གཞུང་འབྲེལ་གཏན་འབེབས་གཞིར་བཟུང་ལས་ཁུངས་གྲལ་རིམ་བཀའ་བློན་དེས་འགོ་འདོམས་བྱ་རྒྱུ།

 

 

དོན་ཚན་བཅུ་གསུམ་པ། ལས་དོན་ཐག་གཅོད།

༡   སྲིད་སྐྱོང་དང་བཀའ་བློན་སུ་རུང་ནས་གྲོས་འཆར་བཏོན་པའམ། བཀའ་དྲུང་ཡིག་ཚང་ནས་སྙན་སེང་ཞུས་རིགས་བཅས་ཆབ་སྲིད་དང༌། འཛིན་སྐྱོང་གང་ཅིའི་སྐོར་བཀའ་བསྡུར་གནང་སྐབས་ཚང་མ་དགོངས་མཉམ་སྤྱི་མོས་བྱུང་ན་དང༌། དེ་མིན་སྲིད་སྐྱོང་དང་བཀའ་བློན་ངོ་ཡོད་མང་མོས་ཀྱིས་ཐག་གཅོད་གནང་རྒྱུ། དེ་ཡང་འབྲེལ་ཡོད་བཀའ་བློན་ངེས་པར་ཡོད་དགོས་པ་མ་ཟད། གོ་བསྡུར་ཐག་གཅོད་བྱུང་རིགས་རྩ་འཛིན་ལག་ལེན་དགོས་པ་ལས། རང་ཉིད་མོས་མཐུན་མེད་པའི་རྣམ་འགྱུར་རིགས་མི་ཐོན་པ་དགོས།

༢   བཀའ་ཤག་གི་སྤྱི་བྱེའི་འཆར་འཕར་ལས་དོན་ཚང་མ་སྲིད་སྐྱོང་དང་བཀའ་བློན་ལྷན་རྒྱས་མཉམ་གྲོས་གོ་བསྡུར་གྱི་ལམ་ནས་གནང་དགོས་པ་དང༌། ལྷག་པར་ལས་དོན་དམིགས་བསལ་དང༌། དངུལ་གྲོན་འཕར་མ་གཏོང་ཕྱོགས་ཀྱིས་མཚོན་ལས་དོན་གང་ཅི་གོ་བསྡུར་མེད་པར་སྲིད་སྐྱོང་ངམ་བཀའ་བློན་སུ་ཐད་ནས་ཐག་གཅོད་གནང་མི་ཆོག

༣  སྲིད་སྐྱོང་ངམ་བཀའ་བློན་རྣམས་གཞུང་འབྲེལ་ལས་དོན་ཆེད་ཕྱོགས་ཕེབས་ཀྱིས་མ་མཐར་ངོ་བཞུགས་གཅིག་ལས་མེད་པ་བྱུང་ཚེ། འཆར་ཅན་འཛིན་སྐྱོང་ལས་དོན་སྐོར་ཐག་གཅོད་གནང་ཆོག་ཅིང༌། འོན་ཀྱང་ལས་དོན་གལ་ཆེ་དང༌། གསར་གཏོད་བཅས་འཆར་ཅན་མ་ཡིན་པའི་རིགས་ཐག་གཅོད་མི་ཆོག་པ་དང༌། ཛ་དྲག་གི་ལས་དོན་རིགས་བྱུང་ཚེ་ཕྱོགས་ཕེབས་སྲིད་སྐྱོང་དང་བཀའ་བློན་རྣམས་ལྷན་འཛོམས་དགོས་པའི་བརྡ་ཐོ་འབུལ་དགོས།

 

དོན་ཚན་བཅུ་བཞི་པ། ལས་དོན་སྙན་ཞུ།

༡   སྲིད་སྐྱོང་དང་བཀའ་བློན་གང་ཞིག་གཞུང་འབྲེལ་ལས་དོན་ཆེད་ཕྱོགས་ཕེབས་གནང་དགོས་གྱུར་ཚེ་བཀའ་ཤག་ཏུ་བཀའ་འཁྲོལ་ཞུ་ཐོན་དགོས་པ་ཡིན། དེ་མཚུངས་ཕྱིར་འཁོར་རྗེས་སྒྲིག་མཐུན་ལམ་གྲོན་དང༌། འགྲོ་གྲོན་གཞན་དག་བཅས་ཀྱི་རྩིས་ཁྲ་དང་ལས་བསྡོམས་འཕྲལ་འབུལ་གནང་དགོས།

༢      བཀའ་ཤག་གིས་ཆབ་སྲིད་དང་གལ་ཆེའི་ལས་དོན་ཞིག་བཀའ་བློན་སུ་རུང་ལ་དམིགས་བཀར་འགན་འཁྲི་གནང་ཚེ་དེའི་ལས་དོན་འགྲོ་གྲོན་སྔོན་འཆར་དང༌། དེའི་རྗེས་སྐབས་མཚམས་སོ་སོར་དུས་འགྱངས་མེད་པར་མང་མཐའ་ཟླ་བ་གཉིས་ནང་ཚུན་རྩིས་ཞུ་འགད་གཙང་དགོས་པ་མ་ཟད། ལས་བསྡོམས་ཡིག་ཐོག་བཀའ་ཤག་ལྷན་ཚོགས་སུ་འབུལ་དགོས།

 

དོན་ཚན་བཅོ་ལྔ་པ། དྲིལ་བསྒྲགས་གསང་རྒྱ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་མཛད་ཕྱོགས་གཞུང་འབྲེལ་གསལ་བསྒྲགས་གནང་རྒྱུ་དང༌། ལས་དོན་གལ་ཆེ་གསང་དགོས་རིགས་ཕྱི་བསྒྲགས་གནང་རྒྱུའི་ཐག་གཅོད་མ་བྱུང་བར་གསང་རྒྱ་དང༌། རྩ་འཛིན་གཅིག་གྱུར་གནང་དགོས།

 

དོན་ཚན་བཅུ་དྲུག་པ། བཀའ་དྲུང་ཡིག་ཚང༌།

༡      བཀའ་དྲུང་ཡིག་ཚང་གི་ལས་འགན་ནི། བཀའ་ཤག་ནས་ཐག་གཅོད་བཀོད་ཁྱབ་གནང་བ་གཞིར་བཟུང་ལས་དོན་ཡོངས་རྫོགས་ཀྱི་འགན་འཁུར་ལག་བསྟར་དང༌། བརྒྱུད་བསྒྲགས་བཅས་བྱ་རྒྱུ།

༢       ཕྱི་ནང་ལས་ཁུངས་མ་ལག་ཁག་དང༌། མང་ཚོགས་བཅས་ཀྱི་གནད་དོན་ཡིག་ངག་གཉིས་ཐོག་ནས་ཞུས་འབྱོར་རིགས་བཀའ་ཤག་ལྷན་རྒྱས་ལ་སྙན་སེང་དང་འབྲེལ་ཁུངས་སོ་སོར་ཐག་གཅོད་བཀའ་གསལ་ཇི་གནང་ལྟར་བཀོད་མངགས་བྱ་རྒྱུ།

༣  གཞན་ཡང་བཀའ་དྲུང་ཡིག་ཚང་གི་ལས་དོན་གཞི་རྒྱ་དང་འབྲེལ་བབས་ལ་གཞིགས་པའི་གང་ཅིའི་ལས་དོན་མི་འདྲ་བ་སོ་སོར་འཛིན་སྐྱོང་འགན་འཁུར་བྱེད་ཕྱོགས་ཀྱི་ལས་བགོས་སྒྲིག་གཞི་བཀའ་དྲུང་ནས་བཟོ་འགོད་ཀྱིས་བཀའ་ཤག་ལ་སྙན་སེང་དང་འབྲེལ་གཏན་འབེབས་ལག་བསྟར་བྱ་རྒྱུ།

 

དོན་ཚན་བཅུ་བདུན་པ། སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བཀའ་ཤག་དང༌། སྤྱི་འཐུས་རྒྱུན་ལས་སམ་སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་ པ་དང་། པ་གཉིས་ཀྱི་ནང་གསལ་སྒྲིག་འཛུགས་ཁག་དང་། ཁྱབ་ཁོངས་སྡེ་ཚན་ཁག་གི་ཟུར་འཛར་མཚན་ཐོ་གཏན་འབེབས།

༡༽  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་ ༥ པའི་ནང་གསེས་  ༡ པོའི་ ‘ཀ’ ནང་གསལ་ད་ཡོད་བཀའ་བློན་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་དང་པོ།

༡་༡          ཆོས་རིག་ལས་ཁུངས།

༡་༢         ནང་སྲིད་ལས་ཁུངས།

༡་༣         དཔལ་འབྱོར་ལས་ཁུངས།

༡་༤         ཤེས་རིག་ལས་ཁུངས།

༡་༥         བདེ་སྲུང་ལས་ཁུངས།

༡་༦         ཕྱི་དྲིལ་ལས་ཁུངས།

༡་༧         འཕྲོད་བསྟེན་ལས་ཁུངས།

 

༢༽  གོང་གསལ་སྒྲིག་གཞི་དོན་ཚན་ ༥ པའི་ནང་གསེས་ ༢ པའི་ ‘ཀ’ ནང་གསལ་ད་ཡོད་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་གཉིས་པ།

༢་༡     ལྡི་ལི་སྐུ་ཚབ་དོན་བཅོད་ལས་ཁུངས།

༢་༢     ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༣    བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༤    སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༥     ཉི་འོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༦     ཨིན་ལན་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༧     སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༨     རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༩     ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༡༠    ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༡༡    ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས།

༢་༡༢   པེ་རི་སི་འབྲེལ་མཐུད་ལས་ཁུངས།

༢་༡༣   ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས།

 

༣༽ གོང་གསལ་སྒྲིག་གཞི་དོན་ཚན་ ༥ པའི་ནང་གསེས་ ༣ པའི་ ‘ཀ’ ནང་གསལ་ད་ཡོད་གཤམ་འོག་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་གསུམ་པ།

༣་༡    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ཁྲིམས་ཞིབ་ཁང་འོག་མ་ཁག་གི་མཚན་ཐོ།

༣་༡་༡      སྐོར་སྐྱོད་ཁྲིམས་ཞིབ་ཁང་།

༣་༡་༢      བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

༣་༡་༣      ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

༣་༡་༤      ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

༣་༢  བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་གཤམ་འོག་ལས་ཁུངས་ཁག་གི་མཚན་ཐོ།

༣་༢་༡     ཡིག་ཚགས་དང་བར་བརྒལ་ལས་བཀོད་སྡེ་ཚན།

༣་༣    ནང་སྲིད་ལས་ཁུངས་ཁྱབ་ཁོངས་གཤམ་འོག་ལས་ཁུངས་ཁག་གི་མཚན་ཐོ།

༣་༣་༡      སྦེང་ལོར་ལྷོ་སྤྱི་ལས་ཁུངས།

༣་༣་༢      མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣     སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༤     བསོད་ནམས་གླིང་ལ་སྤྱི་ལས་ཁུངས།

༣་༣་༥     ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༦     སྦེལ་ཀོབ་བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༧     ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༨      ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༩     མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༠    འབུམ་སྡེ་ལ་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༡    བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༢    མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༣   སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༤   ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༥    ཤིས་ལོང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༦    འབྲུག་སྡོད་བོད་མིའི་ལྟ་རྟོག་འགན་འཁུར་ལས་ཁུངས།

༣་༣་༡༧    སྦིར་སྡེ་དགེ་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༨    སྦིར་ནང་ཆེན་ཅོན་ཏ་ར་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༡༩    སྦིར་བོད་ཚོགས་ས་གནས་ས་གནས་འགོ་འཛིན་ལས་ཁུངས།

༣༌༣༌༢༠    སིམ་ལ་སྤྱི་ཁྱབ་ལས་ཁུངས།

༣་༣་༢༡    ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༢    སྤུར་ཝ་ལ་ས་སྐྱ་གཞིས་ཆགས་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༣   སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༤   ས་ཊོན་ཀཿཐོག་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༥    ཀུམ་རའོ་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༦    ཌོ་ལན་ཇི་བོན་གཞིས་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༧    དྷ་རམ་ས་ལ་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༨    ཀུ་ལུ་དཔལ་རབ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༢༩    མན་ཌི་ས་གནས་འགོ་འཛིན་ལས་ཁུངས། (ཁྱབ་ཁོངས་སྤོན་ཊོ་བཀྲིས་གླིང་། མཚོ་པདྨ། སུན་རྡར་ན་གྷར། མན་ཊི་བཅས།)

༣་༣་༣༠   སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༡   ར་ཝང་ལ་ཀུན་ཕན་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༢   རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༣   ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༤   བསུ་ན་མདའ་བཀྲིས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༥   སྡེེ་ར་སྡུན་ས་གནས་འགོ་འཛིན་ལས་ཁུངས། (ཁྱབ་ཁོངས་ས་ཁག་དགུ)

༣་༣་༣༦   ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༧   ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༨    བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༣༩   བལ་ཡུལ་རྒྱལ་ས་དང་འཕགས་ཤིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༤༠   བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༤༡   བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༤༢   བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༤༣   བལ་ཡུལ་རྡོར་སྤ་ཊན་ནོར་འཛིན་གླིང་ས་གནས་འགོ་འཛིན་ལས་ཁུངས། (ཁྱབ་ཁོངས་མ་ནང་། ཙུམ། ནུབ་རི།)

༣་༣་༤༤  བལ་ཡུལ་ཤ་ཝ་ར་གསུམ་ས་གནས་འགོ་འཛིན་ལས་ཁུངས།(ཤར་ཁུམ་བདེ་ལེགས་གླིང་། ཝ་ལུང་བསམ་འཕེལ་གླིང་། ར་སུ་ཝ་དགེ་རྒྱས་གླིང་།)

༣་༣་༤༥   བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས། (བྱམས་པ་གླིང་དང་། དཔལ་འབྱོར་གླིང་། བཀྲ་ཤིས་སྒང་།)

༣་༣་༤༦   བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་ས་གནས་འགོ་འཛིན་ལས་ཁུངས།

༣་༣་༤༧   སྦིེར་བཀྲ་ཤིས་ལྗོངས། (གཞུང་བསྐོས་སམ་རང་ཁོངས་ནས་སྒྲིག་མཐུན་འོས་བསྡུ་བྱས་པའི་ས་གནས་འགོ་འཛིན་མེད།)

༣་༣་༤༨   ཀྲུ་ཀྲིང་ས་གནས་འགོ་འཛིན་ལས་ཁུངས།

༣་༤    དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་གཤམ་འོག་ལས་ཁུངས་ཀྱི་མཚན་ཐོ།

༣་༤་༡   ལས་བྱེད་གསོལ་ཚང་།

༣་༤་༢  ཀཾ་པཱུ་ཊར་སྡེ་ཚན།

༣་༥    བདེ་སྲུང་ལས་ཁུངས་ཁྱབ་ཁོངས་གཤམ་འོག་ལས་ཁུངས་ཀྱི་མཚན་ཐོ།

༣༌༥༌༡      དབུས་སྣེ་ལེན་འབྲེལ་མཐུད་ཁང་དང་ཁྱབ་ཁོངས་ཡན་ལག

༣་༦    ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་གཤམ་འོག་ལས་ཁུངས་ཀྱི་མཚན་ཐོ།

༣་༦་༡       སྣར་ཐང་དཔར་ཁང་།

༣༌༦༌༢     བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།

༣་༧    འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་གཤམ་འོག་ལས་ཁུངས་ཀྱི་མཚན་ཐོ།

༣་༧་༡      མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ།

༣་༧་༢      བདེ་སྐྱིད་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༣     སྦིེར་འཕྲོད་བསྟེན་སྨན་ཁང་དང་ཅོན་ཏ་ར་འཕྲོད་བསྟེན་སྨན་ཁང་།

༣་༧་༤     མན་སྤར་འཕྲོད་བསྟེན་སྨན་ཁང་།

༣་༧་༥      སྦན་ད་ར་འཕྲོད་བསྟེན་སྨན་ཁང་།

༣་༧་༦     ལྡི་ལི་འཕྲོད་བསྟེན་སྨན་ཁང་།

༣་༧་༧     ལ་དྭགས་འཕྲོད་བསྟེན་སྨན་ཁང་།

༣་༧་༨      བཀྲ་ཤིས་ལྗོངས་འཕྲོད་བསྟེན་སྨན་ཁང་།

༣་༧་༩      ཀུ་ལུ་མ་ན་ལི་དང་། མེས་ ༡༥ འཕྲོད་བསྟེན་སྨན་ཁང་།

༣་༧་༡༠    སྤོན་ཌོ་བཀྲ་ཤིས་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༡༡    མཚོ་པདྨ་འཕྲོད་བསྟེན་སྨན་ཁང་།

༣་༧་༡༢    ཌལ་ཧོར་འཕྲོད་བསྟེན་སྨན་ཁང་།

༣་༧་༡༣    ཌོ་ལན་ཇི་བོན་གཞིས་འཕྲོད་བསྟེན་སྨན་ཁང་།

༣་༧་༡༤    སྤོན་ཊ་ཆོལ་གསུམ་འཕྲོད་བསྟེན་སྨན་ཁང་།

༣་༧་༡༥    སྤུར་ཝ་ལ་ས་སྐྱ་གཞིས་ཆགས་འཕྲོད་བསྟེན་སྨན་ཁང་།

༣་༧་༡༦    ས་ཊོན་ཀཿཐོག་འཕྲོད་བསྟེན་སྨན་ཁང་།

༣་༧་༡༧    ཀུམ་རའོ་འཕྲོད་བསྟེན་སྨན་ཁང་།

༣་༧་༡༨    ཧ་པ་སྤུར་འཕྲོད་བསྟེན་སྨན་ཁང་།

༣་༧་༡༩    དོན་གྲུབ་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༢༠    གླིང་ཚང་འཕྲོད་བསྟེན་སྨན་ཁང་།

༣་༧་༢༡    མེའོ་འཕྲོད་བསྟེན་སྨན་ཁང་།

༣་༧་༢༢    ཏི་ཛུ་འཕྲོད་བསྟེན་སྨན་ཁང་།

༣་༧་༢༣    ཀྲུ་ཀྲིང་འཕྲོད་བསྟེན་སྨན་ཁང་།

༣་༧་༢༤   བསྟན་འཛིན་སྒང་འཕྲོད་བསྟེན་སྨན་ཁང་།

༣་༧་༢༥    ར་ཝང་ལ་འཕྲོད་བསྟེན་སྨན་ཁང་།

༣་༧་༢༦    བསུ་ན་མདའ་འཕྲོད་བསྟེན་སྨན་ཁང་།

༣་༧་༢༧    ཤི་རི་ན་གྷར་འཕྲོད་བསྟེན་སྨན་ཁང་།

༣་༧་༢༨    བལ་ཡུལ་དཔལ་འབྱོར་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༢༩    བལ་ཡུལ་བྱམས་པ་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༣༠    བལ་ཡུལ་ཝ་ལུང་འཕྲོད་བསྟེན་སྨན་ཁང་།

༣་༧་༣༡    བལ་ཡུལ་ཐུབ་བསྟན་ཆོས་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༣༢    བལ་ཡུལ་འཇོར་པ་ཊི་འཕྲོད་བསྟེན་སྨན་ཁང་།

༣་༧་༣༣   བལ་ཡུལ་མ་ནང་འཕྲོད་བསྟེན་སྨན་ཁང་།

༣་༧་༣༤   བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་འཕྲོད་བསྟེན་སྨན་ཁང་།

༣་༧་༣༥   བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༣༦   བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་འཕྲོད་བསྟེན་སྨན་ཁང་།

༣་༧་༣༧   བལ་ཡུལ་གློ་ཚེ་རོགས་འཕྲོད་བསྟེན་སྨན་ཁང་།

༣་༧་༣༨    བལ་ཡུལ་རྡོར་སྤ་ཊན་འཕྲོད་བསྟེན་སྨན་ཁང་།

༣་༧་༣༩   བལ་ཡུལ་ཤབ་རུ་བེན་སི་འཕྲོད་བསྟེན་སྨན་ཁང་།

༣་༨     སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཁྱབ་ཁོངས་གཤམ་འོག་ལས་ཁུངས་ཀྱི་མཚན་ཐོ།

༣་༨་༡       སྦེལ་ཀོབ་ལྷོ་ཕྱོགས་རྩིས་ཞིབ་ཡན་ལག་ལས་ཁང་།

༣་༨་༢       བལ་ཡུལ་ཀཋ་མན་གྲུ་རྩིས་ཞིབ་ཡན་ལག་ལས་ཁང་།

༣་༨་༣      སྡེ་ར་ལྡུན་བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་།

 

༤༽ སྒྲིག་གཞི་དོན་ཚན་ ༥ པའི་ནང་གསེས་ ༤ པའི་ ‘ཀ’ ནང་གསལ་ད་ཡོད་དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བཞི་པ།

༤་༡         ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་ཁུངས།

༤་༢         ཚོགས་དྲུང་ལས་ཁུངས།

༤་༣        བཀའ་དྲུང་ཡིག་ཚང་།

༤་༤        དབུས་འོས་བསྡུ་ལས་ཁང་།

༤་༥        ལས་བྱེད་འདེམས་བསྐོ་ལྷན་ཁང་།

༤་༦        སྤྱི་ཁྱབ་རྩིས་ཞིབ་ལས་ཁང་།

༤་༧        ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ལས་ཁུངས།

༤་༨         ༸གོང་ས་མཆོག་གི་སྐུ་ཚབ་ལས་ཁུངས།

 

༥༽  སྒྲིག་གཞི་དོན་ཚན་ ༦ པའི་ནང་གསེས་ ༡ པོའི་ ‘ཀ’ ནང་གསལ་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་ལྔ་པ།

༥་༡     ཆོས་རིག་ལས་ཁུངས་ཁྱབ་ཁོངས་དེབ་སྐྱེལ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༥་༡་༡       ༸གོང་ས་ཏཱ་ལའི་བླ་མའི་ཆོས་དང་རིག་གཞུང་ཚོགས་པ།

༥་༢     ནང་སྲིད་ལས་ཁུངས་ཁྱབ་ཁོངས་དེབ་སྐྱེལ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༥་༢་༡       དབུས་བོད་མིའི་ངལ་སེལ་ཚོགས་པ།

༥་༣    ཤེས་རིག་ལས་ཁུངས་ཁྱབ་ཁོངས་དེབ་སྐྱེལ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༥་༣་༡      སཾ་བྷོ་ཊ་བོད་སློབ་ཚོགས་པ།

༥་༣་༢      བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ།

༥་༤    དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དེབ་སྐྱེལ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༥་༤་༡      ༸གོང་ས་མཆོག་གི་ཡིད་ཆེས་དགེ་རྩ།

༥་༤་༢      བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ།

༥་༤་༣     སྤྱི་ཚོགས་ཡར་རྒྱས་ཐེབས་རྩ།

༥་༤་༤     གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་

༥་༥     འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་དེབ་སྐྱེལ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༥་༥་༡       བོད་མིའི་དྭང་བླང་འཕྲོད་བསྟེན་ཚོགས་པ།

༥་༥་༢       མོན་གྷོ་འདོད་རྒུ་གླིང་འཕྲོད་བསྟེན་སྨན་ཁང་།

༥་༥་༣      སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་།

༥་༥་༤      ཧོན་སུར་ཕན་བདེ་སྨན་ཁང་།

༥་༥་༥      ཀོ་ལི་གྷལ་དོན་ལྡན་གླིང་འཕྲོད་བསྟེན་སྨན་ཁང་།

༥་༥་༦      ཨོ་ཌི་ཤ་ཕུན་ཚོགས་གླིང་འཕྲོད་བསྟེན་སྨན་ཁང་།

༥་༦    ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དེབ་སྐྱེལ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༥་༦་༡      ཨ་རི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ།

༥་༦་༢      བལ་ཡུལ་ཧི་མ་ལ་ཡའི་སྤྱི་ཚོགས་བདེ་དོན་ཚོགས་པ།

༥་༦་༣      ཉི་འོང་བོད་ཁང་།

༥་༦་༤      ཨིན་ལན་བོད་ཁང་།

༥་༦་༥      རུ་སོག་བོད་ཀྱི་རིག་གཞུང་དང་དྲིལ་བསྒྲགས་བསྟི་གནས་ཁང་།

༥་༦་༦      ཨོ་སི་ཊོ་ལི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་།

༥་༦་༧      ཐའེ་ཝན་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ།

༥་༦་༨       པེ་རི་སི་བོད་ཁང་།

༥་༦་༩      བོད་ཀྱི་དྲིལ་བསྒྲགས་ཚོགས་པ།

 

༦༽ གོང་གསལ་སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༢  པའི་ ‘ཀ’ ནང་གསལ་ད་ཡོད་གཞུང་གི་ཆེད་བཙུགས་བྱས་པ་མིན་ཡང་། དངུལ་གྲོན་ཆ་ཚང་ངམ་ཆ་ཤས་གཞུང་ནས་བསྩལ་དགོས་ཀྱི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་དྲུག་པ།

༦་༡     ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རང་སྐྱོང་སྡེེ་ཚན་འདི་རིགས་ཀྱི་མཚན་ཐོ།

༦་༡་༡       བོད་ཀྱི་ཟློས་གར་ཚོགས་པ།

༧༽ གོང་གསལ་སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༣ པའི་ ‘ཀ’ ནང་གསལ་ད་ཡོད་མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བདུན་པ།

༧་༡     ཕྱིར་བསྡུ།

༧་༡་༡       ཕྱིར་བསྡུ།

༧་༢     ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༧་༢་༡       ལྡི་ལི་བོད་ཀྱི་ཁང་པ།

༧་༢་༢       བོད་ཀྱི་དཔེ་མཛོད་ཁང་།

༧་༢་༣      ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།

༧་༢་༤      ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་།

༧་༣    ཤེས་རིག་ལས་ཁུངས་ཁྱབ་ཁོངས་མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༧་༣་༡      དྷ་ས་བོད་ཁྱིམ།

༧་༣་༢      མ་སུ་རི་བོད་ཁྱིམ།

༧་༣་༣     རྒྱ་གར་དབུས་བོད་སློབ་འཛིན་ཚོགས།

༧་༣་༤     ཤེས་རིག་དཔར་ཁང་ཡིད་ཆེས་དགེ་རྩ།

༧་༣་༥      བལ་ཡུལ་གངས་ཅན་བདེ་རྩ།

༧་༤    འཕྲོད་བསྟེན་ཁྱབ་ཁོངས་མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༧་༤་༡      བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས།

༧་༤་༢      བོད་ཀྱི་སྨན་རྩིས་ཁང་།

༧་༤་༣     བདེ་ལེགས་སྨན་ཁང་།

༧་༤་༤     བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ།

 

༨༽  སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༤ པ་དགོངས་དོན་སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༡ ནས་ ༣ བར་མ་ཚུད་པའི་བོད་མིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བརྒྱད་པ།

༨༌༡།    ཚོགས་དྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་རང་སྐྱོང་སྡེ་ཚན་ཁག་གི་མཚན་ཐོ།

༨༌༡༌༡       ས་གནས་འཐུས་མིའི་ཚོགས་འདུ་ཁག

༨༌༡༌༢       བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་ཁག

༨་༢     ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དེ་ལྟའི་རང་སྐྱོང་སྡེ་ཚན་གྱི་མཚན་ཐོ།

༨་༢་༡       བོད་མིའི་སྤྱི་མཐུན་མཉམ་འབྲེལ།

༨་༢་༢       ལུགས་བསམ་བོད་མིའི་གཞི་རིམ་སོ་ནམ་མཉམ་འབྲེལ།

༨་༢་༣       འདོད་རྒུ་གླིང་བོད་མིའི་མཉམ་འབྲེལ།

༨་༢་༤      བདེ་སྐྱིད་སླར་གསོ་བོད་མིའི་སོ་ནམ་གཞི་རིམ་མཉམ་འབྲེལ།

༨་༢་༥       ཧོན་སུར་རབ་གླིང་བོད་མིའི་གཞི་རིམ་སོ་ནམ་མཉམ་འབྲེལ།

༨་༢་༦       དོན་ལྡན་གླིང་གཞི་རིམ་སོ་ནམ་མཉམ་འབྲེལ།

༨་༢་༧       ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་མཉམ་འབྲེལ།

༨་༢་༨       མན་སྤར་ཕན་བདེ་གླིང་མི་སྤྱི་མཉམ་འབྲེལ།

༨་༢་༩       སྦན་ད་ར་ནོར་རྒྱལ་གླིང་བོད་མིའི་མཉམ་འབྲེལ།

༨་༢་༡༠      ཆོས་འཕེལ་གླིང་བོད་མིའི་མཉམ་འབྲེལ།

༨་༢་༡༡      ཏི་ཛུ་དར་རྒྱས་གླིང་བོད་མིའི་མཉམ་འབྲེལ།

༨་༢་༡༢      བསྟན་འཛིན་སྒང་བོད་མིའི་མཉམ་འབྲེལ།

༨་༢་༡༣     ལ་དྭགས་བསོད་ནམས་གླིང་ལྷོ་བྱང་བོད་མིའི་མཉམ་འབྲེལ།

༨་༢་༡༤     དྷ་ས་བོད་མིའི་མཉམ་ལས་བཟོ་གྲྭ།

༨་༢་༡༥     ར་ཝང་ལ་ཀུན་ཕན་གླིང་མཉམ་འབྲེལ།

༨་༢་༡༦     བསུ་ན་མདའ་བཀྲིས་གླིང་མཉམ་འབྲེལ།

༨་༢་༡༧     ཤར་ཁུམ་མཉམ་འབྲེལ།

༨་༢་༡༨      ཇོ་ཁེལ་མཉམ་འབྲེལ།

༨་༢་༡༩     སྤོག་ར་བཀྲིས་དཔལ་འཁྱིལ་མཉམ་འབྲེལ།

༨་༢་༢༠      ཧོན་སུར་རབ་རྒྱས་གླིང་འོ་མ་མཉམ་འབྲེལ།

༨་༢་༢༡      སྦེལ་ཀོབ་ལུགས་བསམ་འོ་མ་མཉམ་འབྲེལ།

༨་༢་༢༢     སྦེལ་ཀོབ་བདེ་སླར་འོ་མ་མཉམ་འབྲེལ།

༨་༢་༢༣     ཀོ་ལི་གྷལ་འོ་མ་མཉམ་འབྲེལ།

༨་༢་༢༤     ཌལ་ཧོར་སྐྱབས་བཅོལ་བོད་མིའི་ལག་ཤེས་བཟོ་གྲྭ

༨་༢་༢༥     སིམ་ལ་སྐྱབས་བཅོལ་བོད་མིའི་རང་འཚོ་བཟོ་གྲྭ

༨་༢་༢༦     སྦིར་བོད་ཚོགས་ལག་ཤེས་བཟོ་གྲྭ

༨་༢་༢༧     སྦིར་ཅོན་ཏ་ར་ནང་ཆེན་བཟོ་གྲྭ

༨་༢་༢༨      སྦིར་སྡེ་དགེ་བཟོ་གྲྭ

༨་༢་༢༩     སྤུར་ཝ་ལ་ས་སྐྱ་ཚོགས་པ།

༨་༢་༣༠     སྤོན་ཊ་ཆོལ་གསུམ་བོད་མིའི་བཟོ་ཚོགས།

༨་༢་༣༡     སྤོན་ཌོ་བཀྲིས་གླིང་བཟོ་གྲྭ

༨་༢་༣༢     ཧ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་བཟོ་གྲྭ

༨་༢་༣༣    བོད་ཀྱི་བོན་པོ་ཚོགས་པ།

༨་༢་༣༤    ཀུམ་རའོ་སྒ་པ་བདེ་དོན་ཚོགས་པ།

༨་༢་༣༥     རཇ་སྤུར་བེུད་མཉམ་ལས་བཟོ་གྲྭ

༨་༢་༣༦    ས་ཊོན་ཁམས་ཀཿཐོག་ཚོགས་པ།

༨་༢་༣༧    བདེ་སྐྱིད་གླིང་མཉམ་ལས་བཟོ་གྲྭ

༨་༢་༣༨     བཀྲིས་ལྗོངས་བཟོ་གྲྭ

༨་༢་༣༩     བལ་ཡུལ་འཇོ་ཁེལ་ཕུན་གླིང་མ་ལག་བཟོ་གྲྭ

༨་༢་༤༠     བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་བཟོ་གྲྭ

༨་༢་༤༡     བལ་ཡུལ་སྤོག་ར་བཀྲིས་གླིང་བཟོགྲྭ།

༨་༢་༤༢     བལ་ཡུལ་སྤོག་ར་གློ་སྒྲིག་ཚོགས་པ་མ་ལག

༨་༢་༤༣    ཝ་ལུང་བསམ་འཕེལ་གླིང་བཟོ་གྲྭ

༨་༢་༤༤    ར་སུ་ཝ་དགེ་རྒྱས་གླིང་བཟོ་གྲྭ

༨་༢་༤༥    ཤར་ཁུམ་བདེ་གླིང་བཟོ་གྲྭ་བཅས།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།