ཨ་རི་ Denver University ཡིན་པའི་སློབ་དཔོན་གཅིག་དང་སློབ་ཕྲུག་བཅུ་སྤྱི་ལྷན་དུ་གཟིགས་སྐོར་ཕེབས་པ།

img_7141

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ཨ་རི་ Denver University ནས་ཡིན་པའི་སློབ་དཔོན་གཅིག་དང་། སློབ་ཕྲུག་བཅུ་བོད་མི་མང་སྤྱི་འཐུས་ཁང་དུ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་སྙིང་བསྡུས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས། དེ་བཞིན་བོད་ནང་གི་བོད་མིའི་ཛ་དྲག་གི་གནས་སྟངས་ཐོག་ནས་ལས་དོན་དང་ལས་འགུལ་སྤེལ་ཕྱོགས། བོད་ཐོག་རྒྱ་ནག་གི་སྲིད་ཇུས་འཛིན་སྟངས་དང་། ལྷག་པར་བོད་ཀྱི་ཁོར་ཡུག་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་གལ་བཅས་ཐོག་བཀའ་སློབ་གནང་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱིའི་གཞུང་མང་སྤྱི་སྒེར་ནས་རྒྱབ་སྐྱོར་ཇི་ཐོབ་དང་། ཁྱེད་རྣམས་ནས་ཀྱང་མ་འོངས་བོད་ཀྱི་རྩ་དོན་ཐོག་དོན་ཆེད་ཁ་ཞེ་གཉིས་མེད་ཐོག་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད། མཇུག་ཏུ་སློབ་ཕྲུག་རྣམས་ཀྱིས་གནད་དོན་གང་ཅིའི་ཐོག་འདྲི་བ་འདྲ་མིན་ཞུས་པར་བཀའ་ལན་གནང་ཡོད་པ་བཅས་ཆུ་ཚོད་གཅིག་ཙམ་འགོར་ཡོད་པའི་གནས་ཚུལ་དུ།།