
༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༡༥ ནས་ ༢༩ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་དང་། སྦེང་ལོར། མའི་སོར། མེང་ལོར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༧ པའི་ཚེས་ ༡༥ ཉིན་ཧི་མ་ཅལ་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་སྦེང་ལོར་ནས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༨ ནས་ ༢༢ བར་སྦེལ་ཀོབ་ས་གནས་སུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༢༣ ཉིན་སྦེལ་ཀོབ་ནས་མའི་སོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༤ ཉིན་མའི་སོར་ནས་སྦེང་ལོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༥ ནས་ ༢༦ བར་སྦེང་ལོར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༧ ཉིན་སྦེང་ལོར་ནས་མེང་ལོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༨ ཉིན་མེང་ལོར་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་ལྡི་ལི་ནས་ཧི་མ་ཅལ་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།