སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་ཤྲི་ན་གྷར་དང་། དཀར་འཁྱིལ། ལ་དྭགས་སླེ་བྱང་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༤ ནསཟླ་ ༡༠ ཚེས་  ༧ བར་རྒྱ་གར་བྱང་ཕྱོགས་ཤྲི་ན་གྷར་དང་། དཀར་འཁྱིལ། དུར་དུག ཟངས་དཀར། ནུབ་ར། ནུབ་མ་ (ཉོ་མ།) བྱང་ཐང་བཀག་གཞུང་། ཧེན་ལེ། མ་ཁྱུ། ས་སྨད། སུམ་མདོ། བཅུ་མུར། རྒོད་ཡུལ། ལ་དྭགས་རྒྱལ་ས་སླེ་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཅན་དྷི་གྷར་བརྒྱུད་ཤྲི་ན་གྷར་ལ་ཕེབས་ཐོན་གནང་རྒྱུ་དང། ཕྱི་ཚེས་ ༢༥ ཉིན་ས་གནས་སུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༢༦ ཉིན་དཀར་འཁྱིལ་ཁུལ་ལ་ལས་རིམ། ཕྱི་ཚེས་ ༢༧ ནས་ ༢༨ བར་དུག་དུག་དང་། ཟངས་དཀར། ནུབ་ར་བཅས་སུ་ལས་རིམ། ཕྱི་ཚེས་ ༢༩ ཉིན་ནུབ་མ་(ཉོ་མ།) ས་གནས་སུ་ལས་རིམ། ཕྱི་ཚེས་ ༣༠ ཉིན་བྱང་ཐང་བཀག་གཞུང་དང་། ཧེན་ལེ་ས་གནས་སུ་ལས་རིམ། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བྱང་ཐང་མ་ཁྱུ་ས་གནས་སུ་ལས་རིམ།  ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ ༣ བར་ས་སྨད་དང་། སུམ་མདོ། བཅུ་མུར། རྒོད་ཡུལ་བཅས་སུ་ལས་རིམ། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ལ་དྭགས་རྒྱལ་ས་སླེ་རུ་ལས་རིམ། ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ལ་དྭགས་དཔོན་རིགས་ཁག་དང་མཇལ་འཕྲད། ཕྱི་ཟླ་ ༡༠ ཚེས་ ༦ ཉིན་ལ་དྭགས་རྒྱལ་ས་སླེ་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།