སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་སྡེ་ར་ལྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་དང་། ཚེ་རིང་དོན་ལྡན་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ།


༄༅། ། བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༦ ཉིན་སྡེ་ར་ལྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་དང་། ཚེ་རིང་དོན་ལྡན་གཞིས་ཆགས་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༩ པའི་ཚེས་ ༦ སྡེ་ར་ལྡུན་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་བཞི་པར། བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་སྐབས། ས་གནས་བོད་མིའི་ལས་སྣེ་རྣམ་པ་དང་། མི་མང་བཅས་ནས་སྣེ་ལེན་ཕེབས་བསུ་དང་། དེ་རྗེས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་ཞིང་། དེ་ཡང་གཙོ་བོ་ཉེ་ཆར་རྒྱ་ནག་དམར་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་སྐོར་དང་། ལྷག་པར་དུ་ཁྲིམས་ཡིག་དེའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་ཉེན་ཚབས་སྐོར་ལ་གསུངས་གནང་འདུག

མི་མང་གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས། སྤྱི་འཐུས་རྣམ་གཉིས་ནས་དོན་གྲུབ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བཀྲ་ཤིས་འཁྱིལ་དགོན་པ་དང་། སྒ་ལྷ་ཁང་དགོན་པ། སྨིན་གྲོལ་གླིང་དགོན་པ་བཅས་སུ་མཆོད་མཇལ་འཚམས་གཟིགས་སུ་ཕེབས་གནང་ཡོད་འདུག

 

དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སུ་ཕེབས་ཏེ། མང་ཚོགས་ཐུག་འཕྲད་ཀྱིས་གོང་བཞིན་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཨད་གནང་ཡོད་འདུག་པ་བཅས