སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༥ ནས་ཕྱི་ཟླ་ ༡༠ ཚེས་ ༡༢ བར་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལི་ནས་གྷོ་ཝ་ཧ་ཀྲིར་ཕེབས་ཐོན་གནང་རྒྱུ་དང་།  ཕྱི་ཚེས་ ༢༦ ཉིན་གྷོ་ཝ་ཧ་ཀྲི་ནས་ཤིས་ལོངས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༧ ནས་ ༢༨ བར་ས་གནས་སུ་ལས་རིམ།  ཕྱི་ཚེས་ ༢༩ ཉིན་ཤིས་ལོངས་ནས་བསྟན་འཛིན་སྒང་དུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༣༠ ཉིན་ས་གནས་སུ་ལས་རིམ། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བསྟན་འཛིན་སྒང་ནས་འབུམ་སྡེ་ལར་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ། ཕྱི་ཟླ་ ༡༠ ཚེས་ ༢ ཉིན་འབུམ་སྡེ་ལ་ནས་མོན་དཔལ་སྤུངས་བྱང་ཆུབ་གླིང་དུ་ཕེབས་ཐོན་དང་། ཕྱི་ཚེས་ ༣ ཉིན་མོན་དཔལ་སྤུངས་བྱང་ཆུབ་གླིང་ནས་རྟ་དབང་དུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༤ ནས་ ༥ བར་རྟ་དབང་ཁུལ་དུ་ལས་རིམ། ཕྱི་ཚེས་ ༦ ཉིན་རྟ་དབང་ནས་དྷི་རང་བརྒྱུད་བརྒྱུད་འབུམ་སྡེ་ལར་ཕེབས་ཐོན་དང་། ཕྱི་ཚེས་ ༧ ཉིན་འབུམ་སྡེ་ལ་ནས་ཏེ་ཛུ་པུར་དུ་ཕེབས་ཐོན། ཕྱི་ཚེས་ ༨ ཉིན་ཏེ་ཛུ་པུར་ནས་དྷི་མ་པུར་དུ་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༩ ཉིན་དྷི་མ་པུར་ནས་ཀོ་ཧི་མར་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༠ ཉིན་དྷི་མ་པུར་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་རྣམ་པ་ལྡི་ལི་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །