སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༢ ནས༢༥ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་། མེང་ལོར། མའེ་སོར། སྦེལ་ཀོབ་ལུགས་བསམ་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་མེང་ལོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༤ ཉིན་མེང་ལོར་ཁུལ་ལ་ལས་རིམ། ཕྱི་ཚེས་ ༡༥ ནས་ ༡༦ བར་སྦེང་ལོར་ཁུལ་ལ་ལས་རིམ། ཕྱི་ཚེས་ ༡༧ ཉིན་མའེ་སོར་ཁུལ་ལ་ལས་རིམ། ཕྱི་ཚེས་ ༡༨ ནས་ ༢༢ བར་སྦེལ་ཀོབ་ལུགས་བསམ་ཁུལ་ལ་ལས་རིམ།  ཕྱི་ཚེས་ ༢༣ ཉིན་སྦེལ་ཀོབ་ནས་སྦེང་ལོར་ལ་ཕྱིར་ཕེབས་འབྱོར་དང་། ཕྱི་ཚེས་ ༢༤ ཉིན་སྦེང་ལོར་ནས་ལྡི་ལིར་ཕྱིར་ཕེབས་འབྱོར། ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་བཞུགས་གནས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།