སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་༡༧ པའི་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡ ནས་ ༦ བར་རྒྱ་གར་བྱང་ཕྱོགས་སིམ་ལ་དང། ཁ་ར་པ་ཐར། ནར་ཀན་ཌ། བོན་གཞིས་ཌོ་ལན་ཇི། སྤོན་ཊ་ཆོལ་གསུམ། ས་ཊོན། ཀུམ་རའོ། སྤུ་རུ་ཝ་ལ། ཧར་པ་སྤུར། སེ་ལ་ཀུའེ། ཅན་རྡི་སྒར། ཨམ་བྷ་ལ། ཀར་ནལ་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་ཕྱི་ཟླ་ ༣ ཚེས་ ༡ ཉིན་སྤྱི་འཐུས་རྣམས་རྡ་ས་ནས་སིམ་ལར་ཕེབས་ཐོན་གནང་རྗེས། ཕྱི་ཚེས་ ༢ ནས་ ༣ བར་ས་གནས་སུ་མཛད་རིམ་བསྐྱང་གནང་རྒྱུ། ཕྱི་ཚེས་ ༣ ནས་ ༤ བར་བོན་གཞིས་དང་། དེ་ནས་ཕྱི་ཚེས་ ༥ ནས་ ༦ བར་སྤོན་ཊ་གཞིས་ཆགས་སོགས་ས་གནས་ལྷག་མ་རྣམས་ལ་ཕེབས་རྒྱུ་ཡིན་པ་བཅས།