སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་དང་། རྡ་རམ་ས་ལ་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༢ ནས༡༩ བར་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་དང་། བཞུགས་སྒར་རྡ་རམ་ས་ལ་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་ཕྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་གྱི་སྔ་དྲོ་རྡ་རམ་ས་ལ་ནས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ བར་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༡༤ ཉིན་ཏི་ལོ་པུར་དུ་ལས་རིམ། ཕྱི་ཚེེས་ ༡༥ ནས་ ༡༩ བར་རྡ་རམ་ས་ལ་ས་གནས་འགོ་འཛིན་ཁྱབ་ཁོངས་གྷོ་པལ་པུར་དང་། སྭ་ར་བོད་ཀྱི་མཐོ་སློབ། རྡ་སྟེང་བོད་ཁྱིམ་སློབ་གྲྭ ཧྥོ་སེད་གྷན་ཇི། མེག་ལོར་གྷན་ཇི། བོད་ཀྱི་ཟློས་གར། གངས་སྐྱིད་དཔེ་སྟོན་སློབ་གྲྭ།  སྨན་རྩིས་ཁང་། སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་། ཤེས་རབ་དགའ་ཚལ་སློབ་གླིང་། འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྒྲོལ་མ་གླིང་བཙུན་དགོན། རྒྱུད་སྟོད་དགོན། ཅ་མུན་ཌ། ཤུགས་གསེབ། འཇམ་དབྱངས་ཆོས་གླིང་། དགའ་ལྡན་ཆོས་གླིང་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་བཅས།