སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་སྦིར་བོད་ཚོགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།  

༄༅། །བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༢ ནས་ ༢༦ བར་སྦིར་བོད་ཚོགས་སུ་སྦིར་སྡེ་དགེ་དང་། སྦིར་ནང་ཆེན་ཅོན་ཊ་ར། སྦིར་བོད་ཚོགས། མན་ཌི་བཅས་ཀྱི་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་རྣམ་པ། དེ་བཞིན་སྦིར་བོད་ཚོགས་ཀྱི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ “ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་།”གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་རྡ་ས་ནས་སྦིར་ལ་ཕེབས་ཐོན་གནང་རྗེས། ཕྱོགས་བཞུགས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་ལྷན་འཛོམས་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ནས་ ༢༦  བར་ས་གནས་སུ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །