སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པའི་གནས་ཚུལ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པ་བསྐྱངས་གནང་སོང་།

དེ་ཡང་སྔ་དྲོའི་ལས་རིམ་ཐོག་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་གཏན་འབེབས་དང་། ཆོས་རིག་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་བཙུན་མའི་འཇང་དགུན་ཆོས། ཆོས་ལུགས་ཕན་ཚུན་གྱི་བགྲོ་གླེང་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཉིན་རྒྱབ་མུ་མཐུད་ལས་རིམ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། ལྡི་ལི་སྨན་ཁང་། བསུ་ན་མདའ་ས་གནས་འཕྲོད་བསྟེན་སྨན་ཁང་། མངོན་དགའ་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས། སོ་ན་ལི་སྣེ་ལེན་ཁང་གི་རྒྱུན་གྲོན། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། བལ་ཡུལ་སྣེ་ལེན་ཁང་གི་རྒྱུན་གྲོན་བཅས་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྒྱུན་གྲོན་སྔོན་རྩིས་ཀྱི་ནང་གསེས་ཨང་ ༡༤ ཐོག་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཚོགས་མི་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་ནས་གཅོག་ཆའི་གྲོས་འཆར་སྙན་སྒྲོན་གནང་སོང་བར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་རྒྱབ་སྐྱོར་གནང་སོང་བ་དང་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་སྔོན་རྩིས་ཐོག་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་ཁྲོད་གློ་ནད་ཊི་བི་རྩ་འགོག་ལས་གཞི། ཆར་ཆུ་གསག་བྱེད་ལས་གཞི། ཆུ་དང་གཙང་སྦྲའི་ལས་གཞི་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། དབུས་དང་སོ་ན་ལི། བལ་ཡུལ་གསུམ་གྱི་སྣེ་ལེན་ཁང་གི་ཐོག་སྤྱི་འཐུས་རྣམ་པས་དོགས་འདྲི་ཕུལ་བ་རྣམས་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་བ་དང་། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་སོང་།

དེ་ནས་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་ཞུས་གནང་ཡོད།

དེ་རིང་གི་སྟོང་པའི་དུས་ཚོད་སྤྱི་འཐུས་དགེ་བཤེས་གངས་རི་མཆོག་གིས་བཞེས་སོང་བ་དང་། ཚོགས་ཐུན་གཉིས་པའི་ཐོག་འཇར་མན་ནི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Anna- Elisabeth von Treuenfels- Frowein མཆོག་དང་ཁོང་གི་སྐུ་ཟླ་དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་ནི་རོགས་ཚོགས་ Friedrich Nauman Foundation ཀྱི་ལས་བྱེད་གཉིས་བཅས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་ཟུར་ཉན་དུ་ཕེབས་པ་དང་། ཁོང་རྣམ་པར་གྲོས་ཚོགས་ནས་དགའ་བསུ་གནང་ཡོད་པ་བཅས།