སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་པའི་གནས་ཚུལ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་པ་བསྐྱངས་གནང་སོང་།

དེ་ཡང་སྔ་དྲོའི་ལས་རིམ་ཐོག་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་གིས་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཡིག་ཆ་ཨང་ ༤༠ པ་དང་གྲོས་ཆོད་ཨང་ ༢༠༢༣།༡༣།༥།༥༣ པ་དེ་ཉིད་ཕྱིར་འཐེན་བྱ་རྒྱུའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་བཏོན་གནང་པ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་བའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་བ་དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཐུབ་མེད།

མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། དཔལ་འབྱོར་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཟུར་བཀོལ། དཔལ་འབྱོར་ཡིད་ཆེས་དགེ་རྩའི་ཟུར་བཀོལ། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཟུར་བཀོལ། ལས་བྱེད་གསོལ་ཚང་གི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། ཚོགས་དྲུང་ལས་ཁུངས་ཀྱི་རྒྱུན་གྲོན་བཅས་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

དཔལ་འབྱོར་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་དྭང་བླངས་དཔྱ་དངུལ་ལག་དེབ་དང་། བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ། དཔལ་འབྱོར་ཀམ་པུ་ཊར་སྡེ་ཚན། ལས་བྱེད་གསོལ་ཚང་གི་ཞལ་ལག་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།

དེ་རིང་གི་སྟོང་པའི་དུས་ཚོད་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་བཞེས་གནང་བ་དང།

དེ་བཞིན་ཚོགས་ཐུན་བཞི་པའི་ཐོག་ལས་རིམ་མུ་མཐུད་ཀྱིས་ཆོས་རིག་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་དགོན་པ་ཉམས་གསོ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་བཅས།