སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གསུམ་པའི་གནས་ཚུལ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གསུམ་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གསུམ་པ་བསྐྱངས་གནང་སོང་།

དེ་ཡང་སྔ་དྲོའི་ལས་རིམ་ཐོག་བདེ་སྲུང་ལས་ཁུངས་ཀྱི་དམིགས་བསལ་དང། ཟུར་བཀོལ་སྔོན་རྩིས་གཏན་འབེབས་གྲུབ་མཚམས། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་བགྲོ་གླེང་གནང་ཞིང་སྤྱི་འཐུས་རྣམ་པས་བོད་ཀྱི་སྒྲ་བརྙན་ཚན་པའི་ལས་རིམ། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་ས་ཁྲ་འགྲེམས་སྟོན་གནང་ཕྱོགས། བོད་དོན་དང་འབྲེལ་བའི་ཉམས་ཞིབ་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

ཉིན་རྒྱབ་ཚོགས་ཐེངས་གསུམ་པའི་ཐོག་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང། དམིགས་བསལ། ཟུར་བཀོལ་སྔོན་རྩིས་རྣམས་གྲོས་ཚོགས་ནས་གཏན་འབེབས་གནང་སོང་བ་དང་། ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན་ཐོག་བགྲོ་གླེང་གནང་།

དེ་རིང་གི་གྲོས་ཚོགས་ཚོགས་ཐེངས་བཞི་པའི་ཐོག་རྡ་ས་ས་གནས་གྲོང་སྡེ་སྤྱི་ཁྱབ་འགན་འཛིན་ (Commissioner, Mr. Zaffar Iqbal, IAS) དང་འགན་འཛིན་གཞོན་པ་ (Additional Commissioner, Mr. Surendar Kumar, HAS) མཆོག་རྣམ་གཉིས་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་དགའ་བསུ་ཞུས་ཡོད་པ་བཅས།