སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའམ་བཅུ་གཅིག་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ།

༄༅།། དེ་རིང་ང་ཚོ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དང་མཐའ་མ་ཆགས་ཀྱི་ཡོད་རེད། གྲོས་ཚོགས་ཀྱི་ལས་ཉིན་བཅུ་གསུམ་དེའི་ནང་ལ་ཐོག་མར་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ལས་རིམ་བང་བསྒྲིགས་པ་གཞིར་བཟུང་དེ་རིང་ལེགས་གྲུབ་ཀྱི་ཉིན་མོ་དེ་ཆགས་བསྡད་ཡོད། དེར་བརྟེན་ང་ཚོས་ཚོགས་འདུའི་ནང་ལ་ལས་རིམ་མང་པོ་ཞིག་བསྐྱངས་ཐུབ་ཡོད་རེད། དེའི་ནང་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གསུམ་ནས་གཅིག་དེ་༸སྐུའི་གཅུང་པོ་སྤྱི་ཟུར་མངའ་རིས་རིན་པོ་ཆེ་མཆོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་བྱུང་བ་དང་། དེ་ག་ནང་བཞིན་གཉིས་པ་དེ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད། དེ་བཞིན་བཀའ་ཤག་ནས་བསྣམས་ཕེབས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཅས་ང་ཚོས་གྲོས་ཆོད་རིགས་གསུམ་གཏན་འབེབས་བྱུང་ཐུབ་ཡོད་རེད། དེ་ཡིན་དུས་གཙོ་བོ་གྲོས་ཆོད་ཀྱི་ནང་དོན་ལ་བགྲོ་གླེེང་ཞུས་ཡོང་དུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དེ་ཕྱི་ལོ་ ༢༠༠༨ ནས་ད་ལྟ་བར་དུ་གྲོས་ཚོགས་ནང་ལ་སླེབས་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད་རེད། གཙོ་བོ་དེ་གང་རེད་ཟེར་ན། བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་ནས་གནས་བསྡད་པ་དེའི་ཐོག་ནས་ང་རང་ཚོས་སེམས་ཁུར་དང་། དེ་ག་ནང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞུ་སྐུལ་བྱེད་རྒྱུས་མཚོན་པའི་ཆབ་སྲིད་ཀྱི་དཀའ་ངལ་ཟེར་ནའང་མི་འདུག བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐུབ་པར་ང་ཚོར་ཐབས་ལམ་ག་རེ་འདུག དེའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་རྒྱབ་སྐྱོར་བཙལ་རྒྱུ། དེ་ག་ནང་བཞིན་བོད་ནང་གི་བོད་མིའི་གནས་སྟངས། རྒྱ་ནག་གིས་བོད་ཀྱི་ཐོག་ལ་ཆབ་སྲིད་ཀྱི་ཁ་ཕྱོགས་འཛིན་སྟངས། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་དེར་དམིགས་བསལ་འགན་ཁུར་བཞེས་རྒྱུ་ག་རེ་ཡོད་མེད་ཐོག་ནས་བཀའ་མོལ་བྱུང་སོང་། གཙོ་བོ་དེ་ད་ལྟ་ང་རང་ཚོས་བསམ་བློ་གཏོང་ཡག་ལ། བོད་ཀྱི་བདེན་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་ཐབས་ལམ་ཞིག་བཏོན་ཡོད་རེད། དེ་ནང་བཞིན་དཀའ་ངལ་དེ་སེལ་བར་ཕན་ཚུན་འབྲེལ་མོལ་བྱས་ནས་དཀལ་ངལ་སེལ་ཐུབ་པའི་ཐབས་ལམ་ཉག་ཅིག་དེ་ཆགས་བསྡད་ཡོད་རེད། འབྲེལ་ལམ་ཐོག་ནས་ཐབས་ལམ་བརྒྱུད་ནས་ཡོང་དུས་ཕྱོགས་གཉིས་ཀས་ཕན་ཚུན་བཀའ་མོལ་ཞུ་རྒྱུ། གནད་དོན་དང་དེའི་བསམ་ཚུལ་དེ་ཚོ་རྟོགས་ཐུབ་རྒྱུ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་འདིའི་ཐོག་ནས་རྒྱ་ནག་གཞུང་གིས་ཡིན་ནའང་། བོད་ཀྱི་གནད་དོན་དེར་བཏང་སྙོམས་མེད་པའི་ཐོག་ནས་གལ་ཆེན་པོ་བརྩི་ཐུབ་པར་ང་ཚོར་ཐབས་ལམ་ག་རེ་འདུག དེ་ག་ནང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དེར་ཤུགས་རྐྱེན་ག་རེ་སྤྲད་ཐུབ་ཀྱི་འདུག དེ་བཞིན་ང་རང་ཚོ་བོད་པ་རང་གི་ངོས་ནས་དེའི་ཐོག་ལ་དམིགས་བསལ་འགན་ཁུར་ག་རེ་ཞུ་ཐུབ་དགོས་ཀྱི་འདུག དེ་ཚོའི་གྲས་དེ་ང་ཚོས་མུ་མཐུད་ནས་བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱུན་འཁྱོངས་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། དེའི་ཐོག་ནས་རྒྱ་ཆེའི་མང་ཚོགས་རེད། ང་ཚོ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲོགས་པོ་རྣམ་པ་རེད། དེ་ག་ནང་བཞིན་གཞུང་དང་སྒྲིག་འཛུགས་རེད། དེའི་ཐོག་ནས་དུས་རྒྱུན་ནས་ང་ཚོས་སྐུལ་མ་འདྲ་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་འདུག

དེ་དང་མཉམ་དུ་དེ་རིང་གྲོས་ཚོགས་འདིར་བཀའ་ཤག་གི་གཞུང་འབྲེལ་གྲོས་ཆོད་ཀྱི་ཡིག་ཆ་གསར་པ་ཞིག་བསྣམས་ཕེབས་དགོས་པའི་གནས་སྟངས་ཆགས་ཡོད་རེད། ཉེ་ཆར་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཕྱི་ཟླ་ ༣ ཚེས་ ༡༢ ལ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་རེད། དེའི་ནང་ནས་རྩ་བའི་རྒྱ་ནག་གཞུང་གི་སྒྲོམ་གཞིའི་ནང་ནས་མི་རིགས་ཞེས་ཁོང་རང་ཚོའི་ཐ་སྙད་བེད་སྤྱོད་བྱེད་སྟངས་ལྟར་བྱས་པ་ཡིན་ན་གྲངས་ཉུང་མི་རིགས་ཁག་ཅེས་ཟེར་གྱི་ཡོད་རེད། གྲངས་ཉུང་མི་རིགས་དེ་ཚོའི་ནང་ནས་ང་ཚོ་བོད་ལྟ་བུ་མཚོན་པ་ཡིན་ན་ང་ཚོ་བོད་རིགས་ཤིག་ཆགས་བསྡད་ཡོད་རེད། མི་རིགས་ཆེན་པོ་ཟེར་ནའང་འགྲིག་གི་ཡོད་རེད། མི་རིགས་ཆེན་པོ་དེ་དང་འབྲེལ་བའི་ཐོག་ནས་ང་ཚོའི་ས་ཁོངས་རེད། མི་རིགས་དེའི་ཁྱད་ཆོས་རེད། དམིགས་བསལ་རྒྱ་བོད་ཟེར་ནས་མི་རིགས་ཁག་ཁག་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་སོ་སོའི་མི་རིགས་ཀྱི་ཐོབ་ཐང་དེ་སོ་སོ་ལ་དབང་དགོས་པ། སོ་སོས་དེ་བདག་པོ་རྒྱག་དགོས་པའི་ཐོབ་ཐང་དེ་དབང་ཡོད་དབང་འཛིན་པ་སུའི་འོག་ལ་ཡོད་ནའང་དེ་སྤྲད་དགོས་པ་དེ་དཔེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ཡིན་ནའང་རྒྱ་ནག་གཞུང་གི་དགོས་མཁོ་དང་རྒྱ་ཧན་མི་རིགས་ཀྱི་སྐད་ཡིག་དེ་ཚོ་ཤུགས་ཆེ་རུ་སྟོན་ཐུབ་རྒྱུ། དེ་ནས་གྲངས་ཉུང་མི་རིགས་དེ་ཚོ་རིམ་པས་རྒྱ་རིགས་ཀྱི་ངོ་བོར་འགྱུར་ཐུབ་རྒྱུའི་ཐབས་ཤེས་གཏོང་གི་ཡོད་རེད། དེ་གཅིག་པུ་མིན་པར་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཐོག་ནས་ཆོས་དང་རིག་གཞུང་རེད། གལ་ཆེན་པོ་དེ་ཚོ་ཚང་མ་རྒྱ་ནག་གི་རིག་གཞུང་གི་ཆ་ཤས་སུ་འགྱུར་ཐུབ་རྒྱུར་ཐབས་ཤེས་གཏོང་བཞིན་འདུག དེ་འདྲའི་ཐོག་ནས་དངོས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དེར་དགག་པ་ཤུགས་ཆེན་པོ་ཡོང་བསྡད་དུས། ཁྲིམས་ཀྱི་ཐོག་ནས་གཏན་འབེབས་བྱས། ང་ཚོར་ཁྲིམས་ཡོད་རེད་ཟེར་ནས་ལག་པ་ཕྱི་ས་དབུས་རེད། ས་གནས་རེད། དེར་ལག་པ་ཕྱིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་བཀག་རྒྱུའི་ཐབས་ཤེས་གཏོང་གི་ཡོད་རེད། དེར་བརྟེན་དེ་འདྲའི་དུས་ཚོད་ལ་ང་རང་ཚོས་དངོས་ཡོད་གང་ཡིན་པ་དེར་གདོང་ལེན་བྱེད་པའི་ཐོག་ནས་མོས་མཐུན་མེད་པར་ང་ཚོས་དུས་རྒྱུན་དུ་ནས་དོ་སྣང་བྱས་ནས་དེ་ལ་དགག་པ་རྒྱག་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། ད་ལྟའི་གྲངས་ཉུང་མི་རིགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེའི་ཐོག་ནས་བསམ་བློ་གཏོང་བ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་བགྲོ་གླེང་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པ་དང་། དེ་ག་ནང་བཞིན་རྒྱ་རིགས་ཤེས་ཡོན་ཅན་ནང་ལ་ཡིན་ནའང་དེར་འདོད་པ་མེད་པའི་རྣམ་འགྱུར་གསལ་པོ་སྟོན་སྡོད་པའི་གནས་སྟངས་ཆགས་འདུག དེར་ང་རང་ཚོ་ཐད་ཀར་འབྲེལ་བ་ཆགས་བསྡད་དུས་ང་ཚོའི་ངོས་ནས་དུས་ནམ་ཡང་དེ་ལ་མོས་མཐུན་ཞུ་མ་ཐུབ་པའི་གནས་སྟངས་ཤིག་གི་ཐོག་ནས་ང་ཚོའི་གྲོས་ཆོད་དེ་འགྲོ་ཐུབ་པ་དེ་ཡག་པོ་ཞེ་པོ་བྱུང་སོང་ཞེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་ནས་ང་ཚོའི་ལས་ཉིན་མང་ཆེ་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦་་་༢༧ ལོའི་སྔོན་རྩིས་དེ་ཆགས་ཡོད་རེད། སྔོན་རྩིས་ཀྱི་བསྡོམས་དེར་ང་ཚོས་ས་ཡ་སུམ་སྟོང་བཞི་བརྒྱ་ལྷག་ཙམ་གཏན་འབེབས་བྱུང་ཐུབ་ཡོད་རེད། དེའི་ནང་ནས་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་ཕེབས་པ། དེ་བཞིན་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པའི་ཐོག་ནས་གསལ་བཤད་གནང་རྒྱུ། དེ་བཞིན་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་འཛིན་སྐྱོང་གི་ལས་དོན་དེ་ཚགས་ཚུད་ཡོང་ཐུབ་པར་ཚང་མས་ཆབ་སྲིད་རེད། དཔལ་འབྱོར་རེད། རིག་གཞུང་རེད། ང་ཚོའི་ཡུལ་གོམས་གཤིས་ལུགས་རེད། དེ་ཚོ་ཚང་མའི་ཐོག་ལ་བསམ་ཚུལ་ཡག་པོ་ཞེ་དྲག་བྱུང་སོང་། འདིའི་བརྒྱུད་ནས་ང་རང་ཚོའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་རེད། མང་ཚོགས་རེད། དེ་ཚོ་ལ་དམིགས་བསལ་གྱི་འགན་ཁུར་ཡག་ག་ཡོང་ཐུབ་པའི་རེ་བ་ཞུ་ཡི་ཡོད། དེ་ག་ནང་བཞིན་ང་ཚོའི་དཔལ་འབྱོར་དེ་ཁ་སེང་སྤྱི་ཡོངས་ཀྱི་བགྲོ་གླེང་ཐོག་ནས་མང་པོ་བྱུང་བ་རེད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབས་དེ་མང་བ་གཞན་རྟེན་ཆགས་བསྡད་ཡོད་རེད། བརྒྱ་ཆ་ ༩༡ གཞན་རྟེན་ཆགས་བསྡད་ཀྱི་ཡོད་རེད། དེ་ག་ནང་བཞིན་གཙོ་བོ་བཀའ་ཤག་གིས་འགན་འཁུར་ནས་ཐབས་ཤེས་གནང་དགོས་པ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་ང་རང་ཚོའི་དངོས་སུ་ལས་ཁུངས་སོ་སོ་ཡིན་ནའང་འདྲ། ཁྱབ་ཁོངས་ཀྱི་ལས་ཁུངས་སོ་སོ་ཡིན་ནའང་འདྲ། དངོས་སུ་ལག་བསྟར་བྱེད་ཡོང་དུས་བསྲི་ཚགས་ཀྱི་རྣམ་པ་གནང་དགོས་པ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་རེད། ལས་འཆར་དེ་ལ་དམིགས་པ་ལྟར་འགྲོ་དགོས་པ་གང་ཞིག་ལ་དོན་མེད་ཀྱི་དཔལ་འབྱོར་བེད་སྤྱོད་གཏོང་རྒྱུ་དེ་ཚོའི་གྲས་ང་ཚོས་གང་ཐུབ་ཐུབ་ཀྱིས་སོ་སོས་འགན་འཁུར་ནས་བསྲི་ཚགས་ཀྱི་རྣམ་པ་སྟོན་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་གང་ཞིག་ལ་དངོས་སུ་ལག་བསྟར་གྱི་ལས་དོན་དེ་དག་འཐུས་ཤོར་མེད་པར་སྒྲུབ་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་རེད། ད་ལྟ་ང་ཚོའི་གྲོས་ཚོགས་འདིའི་ནང་གི་ཚོགས་མི་ཚང་མའི་འགན་ཞིག་རེད་དེ། ཡིན་ནའང་ཐད་ཀར་དབུས་དང་ས་གནས་ཀྱི་འཛིན་སྐྱོང་གི་ལས་བྱེད་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དེ་ཚོའི་ངོས་ནས་གཙོ་བོ་ལྷག་བསམ་རྣམ་དག་གི་ཀུན་སློང་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤྱི་དང་། བྱེ་བྲག་དཔལ་འབྱོར་གྱི་ཐོག་ལ་བསྲི་ཚགས་དང་ལས་དོན་དེ་དག་དུས་ནས་དུས་སུ་སྒྲུབ་ཐུབ་རྒྱུར་འགན་ཁུར་བཞེས་དགོས་པ་དེ་གལ་ཆེན་པོ་རེད།


དེ་ག་ནང་བཞིན་གྲོས་ཚོགས་ཀྱི་ནང་ལ་ལས་དོན་འགན་ཁུར་ཞུ་ཕྱོགས་ཀྱི་ཐོག་ལ་གླེང་སློང་མང་པོ་བྱུང་ཡོད་པ་རེད། བགྲོ་གླེང་མང་པོ་བྱུང་ཡོད་པ་རེད། དེ་ག་ནང་བཞིན་དཔལ་ལྡན་བཀའ་ཤག་གི་ཐོག་ནས་དེ་ལ་ལན་འདེབས་གསལ་བཤད་མང་པོ་གནང་ཡོད་པ་རེད། དེ་ཚོའི་གྲས་ལ་ཐུགས་སྣང་གནང་སྟེ་དངོས་སུ་ལག་བསྟར་བྱེད་ཡོང་དུས། དོན་ཕན་ལྡན་པ་ཡོང་ཐུབ་པར་རྣམ་པ་འདྲ་གསར་པ་ཐོན་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཞིག་རེད་འདུག དེ་མ་གཏོགས་ང་ཚོ་འདིར་ཚོགས། བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་དྲི་བ་གནང་། བཀའ་ཤག་གི་ཐོག་ནས་ལན་འདེབས་གནང་། དེ་ག་རང་ཡིན་བསམ་པའི་ཆོ་ག་ཕྱག་ལེན་གྱི་རྣམ་པར་བརྩིས་བསྡད་ན་ང་ཚོའི་དུས་ཚོད་འཕྲོ་བརླག་བྱས། འགྲོ་སོང་འཕྲོ་བརླག་ཆགས་འགྲོ་ཡི་འདུག་གཱ། དེ་གལ་ཆེན་པོ་ཞིག་ཏུ་བརྩིས་ནས་དེ་ལ་ཡོ་བསྲང་བྱེད་རྒྱུ་ག་རེ་འདུག དེ་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་ག་རེ་འདུག དངོས་གནས་ཀྱི་དོན་དང་ལྡན་པ་ཡོང་ཐུབ་རྒྱུར་འགན་ཁུར་ག་རེ་བཞེས་དགོས་ཀྱི་འདུག འབྲེལ་ཡོད་ཚང་མས་དེའི་ཐོག་ནས་དོ་སྣང་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་ང་ཚོས་ཚོགས་ཆུང་གཉིས་བཙུགས་ཡོད་རེད། གཅིག་དེ་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་ཚད་ལྡན་གཅིག་གྱུར་ཡོང་རྒྱུའི་ཚོགས་ཆུང་གཅིག་བྱས། གཅིག་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་གྱི་ལོ་དང་འབྲེལ་བའི་ཐོག་ནས་༸གོང་ས་མཆོག་གིས་མང་གཙོ་དང་འབྲེལ་བའི་གྲོས་ཚོགས་ནང་ལ་བཀའ་སློབ་ཕེབས་པ་ཁག་དང་། དེ་ག་ནང་བཞིན་ང་ཚོ་བཙན་བྱོལ་གྱི་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་ཞེས་པའི་དེབ་གཉིས་སྔོན་མ་ནས་བྲིས་ཚར་བ་རེད། དེ་ཁ་སྐོང་བྱེད་རྒྱུ་ལྷག་བསྡད་ཡོད་རེད། དེ་སྒྲིག་རྒྱུའི་ཆེད་དུ་ང་ཚོས་ཚོགས་ཆུང་ཁག་གཉིས་བཙུགས་ཡོད་རེད། ཚོགས་ཆུང་ཁག་གཉིས་ཀྱི་ཐོག་ནས་ཡིན་ནའང་སྙན་ཐོ་ཕེབས་ཐུབ་པ་དང་། ལས་དོན་དེ་མཇུག་བསྒྲིལ་ནས་དེ་རིང་དངོས་སུ་གྲོས་ཚོགས་ནང་དུ་སྙན་སྒྲོན་ཞུ་རྒྱུ་བྱུང་ཡོད་རེད། དེ་ཡིན་དུས་རྩ་བའི་གཅིག་དེ་ཁྲིམས་བཟོའི་ལས་དོན་དང་འབྲེལ་བ་ཆགས་བསྡད་ཀྱི་ཡོད་རེད། བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་རེད། རྩ་བའི་འདིའི་སྔོན་ལ་བཀའ་ཤག་གོང་མའི་གོང་མས་ཚོགས་ཆུང་ཞིག་བཙུགས་འདུག དེའི་རྗེས་སུ་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་ཞིག་བཙུགས་ཡོད་རེད། དེ་རིང་སྐབས་བཅུ་བདུན་པའི་ཐོག་ནས་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་བཙུགས་ནས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་བཅས་པ་གྲོས་ཚོགས་ནང་སླེབས་ཐུབ་པ་ཙམ་མ་ཟད། བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་འཆར་ཟིན་ཞིག་བསྣམས་པ་རེད། དེའི་ཐོག་ནས་ང་ཚོས་ཉི་མ་གཉིས་འདྲ་པོ་ཞིག་བགྲོ་གླེང་བྱུང་ནས། སྤྱིར་བཏང་གིས་བོད་མི་རིགས་དང་རྒྱལ་ཁབ་མཚོན་རྒྱུའི་མཚོན་རྟགས་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་རེད། དེ་ལ་ལོ་རྒྱུས་དང་རིག་གཞུང་བཅས་པ་གནས་བབ་མང་པོ་ཞིག་གི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པའི་གནས་སྟངས་ཆགས་བསྡད་ཀྱི་ཡོད་པ་རེད། དེ་ཡང་ཚང་མའི་དགོངས་པ་གཅིག་གྱུར་ཡོང་མི་ཡོང་ཟེར་བ་དེ་དྲི་བ་ཆགས་བསྡད་ཀྱི་རེད། ཡིན་ན་ཡང་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་བཟོ་བཅོས་གྲོས་འཆར་བསྣམ་རྒྱུ་བྱས་ནས། ང་ཚོས་ཚང་མ་འདྲ་པོ་ཞིག་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཐུབ་པ་དེ་ཡག་པོ་ཞེ་པོ་བྱུང་སོང་བསམ་གྱི་ཡོད། ཕྱོགས་གཅིག་ནས་ང་རང་ཚོའི་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་མཚོན་རྟགས་ཤིག་རེད། ཕྱོགས་གཞན་ཞིག་ནས་རྒྱ་ནག་མཉམ་དུ་འབྲེལ་བ་བྱ་རྒྱུ་དེ་ང་ཚོས་གལ་ཆེན་པོ་ཞིག་ཏུ་བརྩི་དགོས་པ་གང་ཞིག་ལ། རྒྱ་ནག་གི་བྱེད་སྟངས་དེ་ལ་ཡང་ང་ཚོས་བརྡ་ལན་དེ་ཡང་སྤྲད་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་ཡོད་རེད། ཉེ་ཆར་ཁོ་རང་ཚོས་མི་མང་འཐུས་མི་ཚོགས་ཆེན་ཚོགས་པ་དེར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་བྱས་ཡོད་རེད། ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུའི་འཆར་གཞི་རེད། ང་རང་ཚོའི་ངོས་ནས་མི་རིགས་ཞེས་པ་དེ་ཁག་ཁག་ཞིག་ཡིན་པ་དང་། བོད་རྒྱལ་ཁབ་མི་རིགས་མཚོན་བྱེད་ཀྱི་མཚོན་རྟགས་ཤིག་ཡོད་དཱ་ཟེར་ནས་དེ་རིང་གཏན་འབེབས་བྱུང་ཐུབ་པ་དེ་ཡང་ཁོ་ཚོར་བརྡ་ལན་ཞིག་རང་བཞིན་གྱིས་ཆགས་སོང་བསམ་གྱི་ཡོད། ལས་རིམ་དེ་གལ་ཆེན་པོ་རྩི་ཡི་ཡོད། ལས་རིམ་གལ་ཆེན་པོ་བརྩིས་པའི་ཐོག་ནས་ཁྲིམས་སྒྲིག་གཏན་འབེབས་བྱུང་ཐུབ་པ་རེད། དངོས་སུ་ལག་བསྟར་བྱ་རྒྱུ་དེ་ཕྱི་ཟླ་ ༥ པའི་ནང་ལག་བསྟར་བྱེད་ཡོང་དུས། ང་ཚོའི་གཞུང་འབྲེལ་གྱི་སྒྲིག་འཛུགས་ཁག་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་རེད། དེ་ཚོའི་གྲས་ཀྱིས་སྒྲིག་གཞི་འདི་ལ་ཐུགས་སྣང་གནང་སྟེ། དངོས་སུ་བེད་སྤྱོད་བྱེད་ཡོང་དུས་འགལ་འཛོལ་མ་ཡོང་བར་ཚད་ལྡན་ཡོང་ཐུབ་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཞིག་རེད། གཅིག་གཅིག་གིས་སོ་སོའི་རྒྱུ་མཚན་དེ་གལ་ཆེན་པོ་ཞེ་པོ་ཞིག་འཁུར། མི་གཞན་གྱི་རྒྱུ་མཚན་ལ་དོ་སྣང་ཁྱོན་ནས་མེད་པའི་ཐོག་ནས་ཁག་དཀྲི་བྱས་ནས་དེ་ལ་དམའ་འབེབས་འདྲ་པོ་དང་ཟུར་ཟ་འདྲ་པོ་ཐོན་ན་རྩ་བ་ནས་འགྲིག་ཡོད་མ་རེད། གང་གཏན་འབེབས་བྱས་པ་དེ་ལ་ང་ཚོས་བརྩི་བཀུར་བྱེད་པའི་ཐོག་ནས་ལག་ལེན་དུ་འགྲོ་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་རེད། དེ་ང་ཚོ་བོད་མི་རིགས་ཚང་མའི་ལས་འགན་རེད་མ་གཏོགས། མི་གཅིག་གཉིས་ཀྱི་འགན་མ་རེད། དེ་ཡིན་དུས་དེའི་ཐོག་ནས་ཚང་མ་གཅིག་གྱུར་ཡོང་ཐུབ་རྒྱུར་འགན་ཁུར་བཞེས་དགོས་པ་གལ་ཆེན་པོ་རེད། དངོས་སུ་ལག་ལེན་བསྟར་ཡོང་དུས་ནང་ཁུལ་གྱི་ཐོག་ནས་འགལ་འཛོལ་དང་། སྤྱི་ཚོགས་དང་གང་ཅིའི་གནས་བབ་ཀྱི་ཐོག་ནས་འགྲིག་གི་མེད་པ་ཡིན་ན། ང་ཚོས་སྐབས་དང་དུས་སུ་དེ་ལ་བསྐྱར་བཅོས་གཏོང་རྒྱུའི་ལམ་ཁ་དེ་འདྲ་ཡོད་ཡོད་པ་རེད། དེ་ཡིན་དུས་དེའི་གནས་བབ་མ་བྱུང་བར་དུ་གང་གཏན་འབེབས་བྱས་པ་དེ་རྩ་འཛིན་ལག་ལེན་བསྟར་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་རྩིས་ལོ་ ༢༠༢༥་་་༢༦ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དང་། རྩིས་ལོ་ ༢༠༢༦་་་༢༧ ལོའི་གཏོང་ལེན་ཁྲིམས་ཡིག་དེ་ད་རེས་གོང་དུ་སྙན་སྒྲོན་ཞུས་ཏེ་གཏན་འབེབས་ཞུས་མ་ཐག་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ང་རང་ཚོའི་དཔལ་འབྱོར་གྱི་གནས་བབ་དེ་ངས་གོང་དུ་ཞུས་པ་ལྟར་རེད། བརྒྱ་ཆ་ ༩༡ གཞན་རྟེན་ཆགས་སྡོད་ཀྱི་ཡོད་རེད། བརྒྱ་ཆ་ ༩ ཞིག་ང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་བོད་མིའི་རང་དབང་དཔྱ་ཁྲལ་ལག་དེབ་དང་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ཡོང་སྡོད་ཀྱི་རེད། ང་རང་ཚོ་རང་ཁ་རང་གསོ་བྱ་རྒྱུར་བཀའ་ཤག་གི་དགོངས་པ་ཡོད་རེད། བོད་མི་མང་ཚོགས་ཀྱི་དགོངས་པ་ཡོད་རེད། ང་རང་ཚོ་བོད་མི་ནང་ཁུལ་ལ་གཅིག་གིས་གཅིག་ལ་རོགས་ཕན་དང་བློས་གཏོང་དེ་འདྲ་གནང་ནས་ཡར་རྒྱས་གཏོང་ཐུབ་རྒྱུར་ཐབས་ལམ་ག་རེ་ཡོད་པ་དེ་བལྟ་དགོས་པ་གལ་ཆེན་པོ་ཞེ་པོ་རེད་འདུག ང་རང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་རོགས་ཚོགས་རིགས་གཅིག་གཞུང་དང་ཚོགས་སྡེ་ཁག་ཡོང་གི་ཡོད་པ་རེད། རིགས་གཅིག་སྒེར་པ་ཁག་ནས་ཡོང་གི་ཡོད་པ་རེད། མི་རིགས་གཞན་པའི་སྒེར་པ་གཅིག་ནས་ཡོང་ཐུབ་པར་ང་ཚོ་བོད་མིའི་སྤྱི་ཚོགས་ནང་ལ་གང་ལ་གང་འཚམ་དཔལ་འབྱོར་གྱི་གནས་བབ་ཡག་པོ་ཡོད་མཁན་དེ་འདྲ་མཐོང་གི་འདུག དེ་ཚོའི་ཐོག་ནས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་པ་ག་རེ་འདུག ཆོས་དང་རིག་གཞུང་། སྐད་ཡིག་དེ་ཚོ་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་བར་དམིགས་བསལ་ག་རེ་འདུག དེ་ག་ནང་བཞིན་གྱི་ཉམ་ཐག་གི་གནས་སྟངས་ཡིན་ནའང་འདྲ། འཕྲོད་བསྟེན་གྱི་གནས་སྟངས་ཡིན་ནའང་འདྲ། སྐྱོ་བོའི་རིགས་དེ་འདྲ་ཡོད་པ་ཡིན་ན། ང་ཚོ་བོད་པས་བོད་པར་རོགས་པ་བྱེད་ཐུབ་པ་ཡིན་ན། རང་བཞིན་གྱི་སྒྲིག་འཛུགས་ལ་ཕན་ཐོགས་ཀྱི་ཡོད་རེད། བོད་པའི་སྤྱི་ཚོགས་ནང་ལའང་དམིགས་བསལ་གྱི་མིག་ལྟོས་བཟང་པོ་འདྲ་ཞིག་ང་ཚོས་བཞག་ཐུབ་ཀྱི་རེད་པཱ། དེ་ཡིན་དུས་ང་ཚོ་ཚང་མས་དེའི་ཐོག་ལ་ཐུགས་སྣང་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཟེར་ནས་དེ་ཞུ་རྒྱུ་ཡིན། ང་ཚོའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ ༡༡ གི་ཐོག་ལ་ལས་རིམ་བསྐྱངས་པ་ཆེ་ཁག་དེ་འདྲ་ཆགས་བསྡད་ཡོད།

དེ་ནས་དེ་རིང་ང་ཚོའི་སྐབས་བཅུ་བདུན་པའི་གྲོས་ཚོགས་མཐའ་མ་དེ་ཆགས་བསྡད་ཡོད་རེད། དེ་ནང་བཞིན་གྱི་ང་ཚོས་ལོ་ལྔའི་ནང་ལ་ཕྱག་ལས་གནང་བའི་ཡིག་ཆ་ཨང་ ༣༢ པ་དེ་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་འདྲ་པོ་རེད། ཚོགས་གཙོའི་གཏམ་བཤད་ཀྱི་ཆ་ཤས་འདྲ་པོ་ཞིག་དེ་རྣམ་པ་ཚོའི་ངོས་ནས་ཚང་མའི་དྲན་པའི་ཡུལ་ལ་ཡོད་རེད། དེ་ནས་རེ་རེ་ནས་མར་སྙན་སེང་ཞུ་མི་དགོས་པའི་ཐོག་ནས། ངས་བསྡོམས་འདྲ་པོ་ཞིག་མདོར་བསྡུས་མདོར་བསྡུས་འདྲ་ཞིག་ཞུས་ན་བསམ་སོང་། དེ་ག་ནང་བཞིན་ང་ཚོ་སྐབས་བཅུ་བདུན་པ་ཐོག་མར་འགོ་བཙུགས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༨ ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་དམ་འབུལ་གནང་བ་རེད། དེའི་རྗེས་སུ་ང་ཚོས་ས་བགོས་འཚམས་གཟིགས་ཕེབས་རྒྱུ་དང་། ས་བགོས་ཕྱོགས་སྐྱོད་གནང་རྒྱུ་དེ་འདྲའི་ལས་རིམ་ནས་མར་འགོ་བཙུགས་ཡོད་རེད། ང་ཚོ་གྲོས་ཚོགས་གོང་མ་མང་པོའི་ཐོག་ནས་ང་ཚོས་འཚམས་གཟིགས་ཕེབས་རྒྱུ་དང་། དེ་ག་ནང་བཞིན་ས་བགོས་ཕྱོགས་སྐྱོད་ཕེབས་རྒྱུ་དེ་ཚོ་གལ་ཆེན་པོ་ཞེ་པོ་ཞིག་རྩིས་འདུག དེ་ནས་བཀུར་འོས་སྤྱི་འཐུས་རྣམ་པ་མང་པོའི་ཐོག་ནས་ང་ཚོས་དེའི་ཐོག་ལ་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་རེད། གྲོས་ཚོགས་ནང་ལའང་གླེང་སློང་བྱུང་ཡོད་རེད། དེ་ཡིན་དུས་དེ་གལ་ཆེན་པོ་ཞིག དེ་ཡང་ང་ཚོའི་གྲོས་ཚོགས་ཀྱི་སྲོལ་རྒྱུན་གྱི་འགྲོ་སྟངས་ཀྱི་ནང་ནས། ཁྲིམས་ཡིག་གི་ཐོག་ནས་གང་ཡང་ཡོད་མ་རེད་དེ། གྲོས་ཚོགས་ཀྱིས་དེ་མི་མང་དང་བཀའ་ཤག ཡང་ན་མི་མང་དང་འཛིན་སྐྱོང་གི་བར་ལ་ཟམ་པ་ལྟ་བུ་དེ་འདྲ་ཞིག་གི་ངོ་བོར་ངོས་འཛིན་བྱས་འདུག ང་རང་ཚོའི་ངོས་ནས་སྒྲིག་འཛུགས་རེད། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཐོག་ནས་མང་ཚོགས་ལ་གོ་རྟོགས་སྤེལ་དགོས་རྒྱུ་དང་། དེ་ནས་མང་ཚོགས་ཀྱི་ཐོག་ནས་ཡིན་ནའང་ཤེས་ཡོན་རེད། འཕྲོད་བསྟེན་རེད། ཉམ་ཐག་གི་གནས་སྟངས་རེད། དེ་ནང་བཞིན་གྱི་ས་ཁང་དང་འབྲེལ་བའི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་སྒྲིག་འཛུགས་ལ་ཞུ་སྐུལ་གནང་དགོས་པ། དེ་ག་ནང་བཞིན་གྱི་སྒྲིག་འཛུགས་རེད། མི་མང་གི་ཐོག་ནས་དོ་སྣང་མ་བྱུང་བའི་གནས་སྟངས་དེ་འདྲའང་ལྷག་བསྡད་པ་དེ་འདྲ་ཡོད་པ་ཡིན་ན། བཀུར་འོས་སྤྱི་འཐུས་རྣམ་པ་ས་གནས་ས་ཐོག་ལ་ཕེབས་ནས་འཚམས་འདྲིའི་གཟིགས་སྐོར་དང་། ས་བགོས་ཕྱོགས་སྐྱོད། དེར་ང་ཚོས་དུས་ཚོད་ངེས་ཅན་ཞིག་བཏང་ནས་ཞིབ་ཚགས་པོ་ཞིག་ཡོང་བར་ང་ཚོས་ཐབས་ལམ་དེ་བསྟན་ཡོད་རེད། དེ་ང་ཚོའི་ལས་རིམ་གལ་ཆེན་པོ་འདྲ་ཞིག་ཆགས་ཀྱི་འདུག དེ་ཡིན་དུས་རྩ་བའི་ང་རང་ཚོའི་མང་གཙོའི་སྒྲོམ་གཞི་ཡི་ཐོག་ནས་ཆབ་སྲིད་ཀྱི་ཚོགས་པ་གང་ཡང་ཡོད་མ་རེད། དེ་ག་ནང་བཞིན་གྱི་ཁུངས་དེ་ཡང་ཆོལ་ཁ་ཆོས་བརྒྱུད་ས་གནས་ནས་ཡོང་གི་ཡོད་རེད། ང་ཚོ་འདིར་སླེབས་པ་ཡིན་ནའང་གྲོས་ཚོགས་ཀྱི་འཐུས་མི་ཡིན་ཕྱིན་ཆད་བོད་མི་ས་ཡ་དྲུག་གི་སྐུ་ཚབ་དང་། བོད་མི་རིགས་ཀྱི་བདེ་དོན་འཐབ་རྩོད་ཀྱི་ཐོག་ལ་རེད། བོད་མི་རིགས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་རེད། བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་བདེ་དོན་གྱི་གནས་སྟངས་ཀྱི་ཐོག་ལ་ང་ཚོས་གཟེངས་སུ་ཐོན་པའི་ཐོག་ནས་གླེང་སློང་བྱེད་ཐུབ་དགོས་པ་དང་། རྒྱུ་མཚན་བཤད་ཐུབ་དགོས་པ། དེ་ག་ནང་བཞིན་གྱི་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཡིན་ནའང་དེ་ལ་ཐུགས་ཕན་གསོ་རྒྱུའི་ལས་གཞི་འདིང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག ང་ཚོའི་སྒྲིག་འཛུགས་བཙུགས་རྒྱུའི་དམིགས་བསལ་གྱི་དགོས་མཁོ་དགོས་དམིགས་ཟེར་ནའང་མི་འདུག དོན་དག་དེ་ཆགས་བསྡད་ཀྱི་ཡོད་རེད། དམིགས་ཡུལ་འདྲ་པོ་དེ་རེད། དེ་ཡིན་དུས་དེ་ཡི་ཐོག་ནས་ང་ཚོས་ས་གནས་ལ་འཚམས་འདྲིའི་གཟིགས་སྐོར་ཕེབས་རྒྱུ་དང་། ས་བགོས་ཕྱོགས་སྐྱོད་དེ་གལ་ཆེན་པོ་ཞིག་བརྩི་བསྡད་ཀྱི་ཡོོད། དེ་ཡིན་དུས་ང་ཚོས་དངོས་སུ་ལག་ལེན་བསྟར་ཡོང་དུས། མང་གཙོའི་རྣམ་པའི་ཐོག་ནས་ཡང་མཚམས་རེ་སྤྱི་ཚོགས་ནང་ལ་གནས་ཚུལ་ཡ་མཚན་པོ་དེ་འདྲ་ཡོང་གི་འདུག ཡིན་ནའང་ང་ཚོ་གནས་སྟངས་གཅིག་གི་ཐོག་ནས་དེ་འདྲ་ཡོང་གི་ཡོད་རེད། ཡིན་ནའང་ཚོགས་གཙོའི་ཐོག་ནས་གཅིག་འགྲིག་པ་རེད། འགྲིག་པ་མ་རེད་ཟེར་ནས་གང་ཡང་ཞུ་ཡི་མེད་དེ། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཡིན་ནའང་འདྲ། རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ། ང་ཚོའི་སྤྱི་ཚོགས་དེ་ཆུང་ཆུང་ཆགས་ཚར་བ་རེད། ང་ཚོའི་བོད་ནང་གི་གནས་བབ་དེ་རང་འཇགས་ལྷག་བསྡད་ན། ང་རང་ཚོས་རྒྱ་ཆེ་ས་ནས་བགྲོ་གླེང་གནང་རྒྱུ་དང་། ང་ཚོས་ལས་དོན་བརྩམ་རྒྱུ། འགན་ཁུར་ཞུ་སྟངས་ཤིག་ཡོང་གི་ཡོད་རེད། ང་ཚོ་འདིར་སྐྱབས་བཅོལ་གྱི་གནས་བབ་ཅིག་ཆགས་སྡོད་དུས། མི་འབོར་གྱི་ཐོག་ནས་ཡང་འབུམ་གཅིག་དང་ཁྲི་ལྔ་ཡར་མར་ཞིག་རེད། བོད་པ་ཡིན་ནའང་རྒྱལ་ཁབ་མང་པོ་ཞིག་ལ་ཁ་བཀྲམས་ནས་གནས་སྡོད་ཀྱི་ཡོད་རེད། དེ་ཡིན་དུས་དེའི་ཐོག་ནས་ང་ཚོ་བཟང་སྤྱོད་དང་བོད་མིའི་ནང་ཁུལ་གཅིག་སྒྲིལ་གྱི་རྣམ་པ་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཡིན་དུས། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཡང་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ང་རང་ཚོའི་སྒྲིག་འཛུགས་གནས་དགོས་ཀྱི་ཡོད་རེད། སྒྲིག་འཛུགས་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་ཡག་པོ་ཉར་དགོས་ཀྱི་ཡོད་རེད། དེ་ལ་ཕྱོགས་ཚང་མ་ནས་འགན་ཁུར་དང་ལྷག་བསམ། ཆ་ཤས། གང་ལྟར་སྤྱི་ཚོགས་འདི་ལེགས་པའི་ལམ་དུ་ཁྲིད་ཐུབ་དགོས་པའི་འགན་བཞེས་དགོས་པ་དེ་གལ་ཆེན་པོ་ཞིག་མཐོང་གི་འདུག དེ་ཡིན་དུས་འདས་པའི་ཉམས་མྱོང་ལ་བལྟས་ནས་དེ་འདྲ་ཞིག་ཞུས་ན་བསམ་སོང་།

དེ་ག་ནང་བཞིན་ད་རེས་ཀྱི་འདི་བརྩིས་པའི་ང་རང་ཚོས་གྲོས་ཚོགས་ཐེངས་ ༡༡ ཚོགས་ཡོད་རེད། དེའི་ནང་ལ་ང་རང་ཚོའི་གྲོས་ཚོགས་ཀྱི་ཐོག་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྲངས་ ༨༢། ཁྲིམས་བཟོའི་ལས་དོན་གཏོང་ལེན་ཁྲིམས་ཡིག་དང་དེ་ཚོ་ཚང་མ་བརྩིས་པའི་གྲངས་ ༤༨ བསྐྱངས་འདུག དེ་ཡིན་དུས་དེ་ཡང་གལ་ཆེན་པོ་ཞེ་པོ་ཞིག་ཆགས་འདུག ང་ཚོ་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐོག་མ་སླེབས་ཡོང་དུས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དེ་དཀའ་ངལ་ཞིག་གི་ནང་ལ་ལྷུང་བསྡད་ཡོད་རེད་ཅེས་ཞུས་ནའང་མ་འགྲིག་པ་མེད་པའི་བཟོ་འདྲ་ཞིག་རེད། ཡིན་ནའང་དཀའ་ངལ་ནང་ལ་ལྷུང་པ་དེའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་རེད། གྲོས་ཚོགས་འཐུས་མི་རེད། བཟང་སྤྱོད་ཀྱི་འགན་ཁུར་ཞུས། གདོང་ལེན་གནང་ནས་ང་ཚོ་འགྱེལ་ས་ནས་ཡར་ལངས་ཟེར་ནའང་འགྲིག་གི་ཡོད་རེད། གང་ལྟར་ང་ཚོས་མིག་དཔེ་འོས་པ་འདྲ་ཞིག་ཆགས་ཐུབ་ཡོད་རེད། དེ་ང་རང་ཚོ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མའི་བྱས་རྗེས་དང་གཟི་བརྗིད་ལ་བརྩིས་ནའང་མ་འགྲིག་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག དེའི་ཐོག་ནས་ང་ཚོའི་འདས་པའི་ལས་དོན་བྱེད་ཕྱོགས་དང་དེ་ཚོ་ལ་བལྟས་ནས་ང་ཚོའི་ཁྲིམས་སྒྲིག་ནང་རིགས་གཅིག་གསར་པ་བཟོ་དགོས་པ། རིགས་གཅིག་མ་འོངས་པའི་གནས་ཚུལ་དེ་འདྲ་ཡོང་བ་ཡིན་ན་ཁྲིམས་སྒྲིག་གི་ཐོག་ནས་ཁ་གསལ་བཟོ་དགོས་རྒྱུ། དེ་འདྲ་ཡིན་དུས་ང་ཚོའི་ཚོགས་ཆུང་ཁག་ནས་ལས་དོན་གནང་བར་བརྒྱུད་ཁྲིམས་སྒྲིག་ཁག་དེའི་ཐོག་ནས་བསྐྱར་བཅོས་གནང་རྒྱུ། དེ་ཚོས་དངོས་གནས་ཕྱོགས་གཅིག་ནས་ཕན་ཐོགས་ཆེན་པོ་ཞེ་པོ་བྱུང་སོང་བསམ་གྱི་ཡོད། དེ་ཡིན་དུས་རྩ་བའི་ཚོགས་གཙོ་གཏམ་བཤད་ཞུ་སྡོད་མཁན་འདི། གང་ཡོད་པ་དེ་འགྲོ་ཐུབ་ན་བསམ་པ་དེ་འདྲ་བསམ་བློའི་ནང་ན་ཡོད། ཞེ་པོ་ཞིག་འགྱུར་བ་བཏང་ནས་གཅིག་དགོས་རེད། གཉིས་དགོས་རེད་ཟེར་མཁན་དེ་ཡང་མིན། ཡོང་ཐུབ་ཡས་མེད་པའི་གནས་སྟངས་ཤིག་ཆགས་སྡོད་ཀྱི་ཡོད་རེད། དེ་ཡིན་དུས་གང་ཡོད་པ་དེ་ང་ཚོ་ཚགས་ཚུད་པོ་དང་ཡག་པོ་ཞིག་འགྲོ་ཐུབ་པ་ཡིན་ན། དེའི་ཐོག་ནས་ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་ ༦༧ ལྷག་ཅིག་ཆགས་འགྲོ་ཡི་ཡོད་རེད། དེ་ལྟ་བུའི་དཀའ་ངལ་ཅན་གྱི་དུས་ཚོད་དེ་འདྲ་ལ་འགྲིག་པ་ལ། ད་ལྟ་ང་ཚོ་ཚང་མའི་གནས་བབ་དེ་ཏོག་ཙམ་ཚད་མཐོན་པོ་ལྟ་བུ་སླེབས་བསྡད་ཡོད་རེད། དེ་འགྲིག་མི་ཐུབ་པ་གང་ཡང་ཡོད་མ་རེད་པཱ། དེ་འདྲའི་ཐོག་ནས་ཁྲིམས་བཟོའི་ལས་དོན་ཁག་རེད། གནས་སྟངས་ཀྱི་ཐོག་ནས་ཡར་རྒྱས་གཏང་དགོས་པ་གང་ཞིག་ལ་སྔོན་མའི་གནས་བབ་ཀྱི་ཐོག་ནས་གལ་ཆེའི་རྒྱུ་མཚན་དང་གནས་བབ་དེ་ཚོ་ལ་གཟིགས་ནས་ཁྲིམས་སྒྲིག་བསྐྱར་བཅོས་ཡིན་ནའང་འདྲ། ང་རང་ཚོའི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ཡིན་ནའང་རེད། དེ་ཚོ་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་སྡོད་ཀྱི་ཡོད་རེད། ཡིན་ནའང་ང་ཚོའི་ཁྲིམས་བཟོའི་ལས་དོན་ ༤༨ བསྐྱངས་ཐུབ་པ་བྱུང་ཡོད་རེད། དེ་དག་གི་ཐོག་ནས་མ་འོངས་པར་ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་ག་རེ་འཕྲད་ནའང་བཟང་ཕྱོགས་ཀྱི་གདོང་ལེན་དང་། ཞེ་པོ་ཞིག་སྔོན་མའི་གནས་བབ་ནང་བཞིན་མ་ཡོང་བའི་ལམ་ཁ་ཞིག་ང་ཚོས་བཟོ་ཐུབ་ཡོད་རེད། དེ་ང་རང་ཚོའི་རྒྱལ་ཁ་ཆེན་པོ་རེད་བསམ་གྱི་འདུག་ཅེས་དེ་གཅིག་ཞུ་འདོད་བྱུང་། དེ་ག་ནང་བཞིན་གོང་དུ་ཁྲིམས་བཟོའི་ལས་དོན་དང་དེ་ཚོ་ལ་འབྲེལ་བ་ཡོད་པ་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཐེངས་ ༡༠ བཙུགས་འདུག དེ་ག་ནང་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་ཆེད་འཛུགས་ཚོགས་ཆུང་གྲངས་ ༦ བཙུགས་འདུག རྩ་བའི་ང་ཚོའི་ཚོགས་ཆུང་ནང་བཞུགས་མཁན་ཐད་གྲོས་ཚོགས་ནང་དུ་གླེང་སློང་ཡོང་གི་ཡོད་རེད། སྤྱི་འཐུས་ཚང་མ་ལ་བཞུགས་ཐུབ་ཀྱི་ཡོད་དམ་ཞེས་འབྲེལ་བ་དེ་ཚོ་མཚམས་རེ་གནས་བབ་ཀྱི་ཐོག་ནས་ཡོང་གི་མི་འདུག ཡིན་ནའང་འོས་བབ་ཡོད་པ་དང་ཕྱག་ལས་དང་དེ་ཚོ་ལ་དོན་ཕན་གསོས་ས་རེད་བསམ་པ་དེ་ལ་ཕར་ཞུས་ཡོང་དུས། ཡང་དུས་ཚོད་དེ་ལ་ངོས་ལེན་ཞུ་མ་ཐུབ་པའི་གནས་སྟངས་དེ་འདྲ་ཡོང་སྡོད་ཀྱི་འདུག དུས་ཚོད་ཀྱི་ཐོག་ནས་ལྕོག་གི་མི་འདུག་ཅེས་དེ་འདྲ་ཡོང་སྡོད་ཀྱི་འདུག ཡིན་ནའང་ང་ཚོ་ཚང་མ་གྲོས་ཚོགས་ཀྱི་ར་བ་ནང་སླེབས་ཚར་རྗེས་འགན་ཁུར་དགོས་དུས། ཚང་མ་ལ་འབོད་སྐུལ་ཞུས་ནས་ཚོགས་ཆུང་ཁག་ནང་དུ་ཕྱག་ལས་གནང་། ཕྱག་ལས་གནང་བ་དེ་ཡང་དོན་དང་ལྡན་པ་ཡོང་བར་སོ་སོའི་ངོས་ནས་རྣམ་དཔྱོད་བཏོན་ནས་གྲུབ་འབྲས་ཐོན་ཐུབ་པ་བཟོ་རྒྱུ་དེ་ཚོགས་ཆུང་རིམ་པའི་ནང་བཞུགས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མའི་བྱས་རྗེས་ཆགས་བསྡད་ཡོད། དེ་ཡིན་དུས་ཚོགས་ཆུང་གི་ནང་ལ་བཞུགས་མཁན་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་དེ་ཞུ་འདོད་བྱུང་།

དེ་ག་ནང་བཞིན་བོད་དོན་ཞུ་སྐུལ་ལས་འགུལ་ཟེར་ན་རེད། བོད་དོན་དང་འབྲེལ་བའི་ང་ཚོས་ཚོགས་འདུ་བསྐྱངས་པ་དང་དེ་ཚོའི་གནས་སྟངས་ཤིག་ཆགས་ཀྱི་འདུག དེ་ཡིན་དུས་ང་ཚོའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་རིང་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་ཐེངས་གཉིས་ཚོགས་ཐུབ་པ་བྱུང་ཡོད་རེད། དེའི་སྔོན་གྱི་གྲོས་ཚོགས་རིམ་པའི་ནང་ཕལ་ཆེར་གཉིས་ཚོགས་ཐུབ་པ་བྱུང་མི་འདུག གྲོས་ཚོགས་སྐབས་གཅིག་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་ཚོགས་པ་དེ་ཕལ་ཆེར་ཐེངས་དང་པོ་ཆགས་བསྡད་ཀྱི་ཡོད། ཡིན་ནའང་སྔོན་མའི་སྐབས་སུ་དེར་ཐུགས་སྣང་མ་གནང་བ་མ་རེད། ཡང་གནས་སྟངས་ཀྱི་ཐོག་ནས་དེ་འདྲ་འགྱུར་བ་འགྲོ་བ་དེ་རང་བཞིན་ཆགས་སྡོད་ཀྱི་འདུག་གཱ། དེ་ཡིན་དུས་ང་ཚོའི་སྐབས་བཅུ་བདུན་གྱི་རིང་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཕྱི་ལོ་ ༢༠༢༢ ལ་ཝ་ཤིན་ཊོན་ཌི་སི་ལ་ཚོགས་ཡོད་རེད། དེ་དམིགས་བསལ་ཞེེ་པོ་ཞིག དེ་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཟེར་ནའང་མ་འགྲིག་པ་མེད་པ་ལྟ་བུའི་གནས་སྟངས་ཤིག་བྱུང་སོང་། དེ་དུས་ནད་ཡམས་དེའི་མཇུག་ཆ་ཚང་ཞིག་སྒྲིལ་ཡོད་མ་རེད། དེ་ལ་ཡང་ཚང་མའི་ཐོག་ནས་དོགས་ཟོན་གནང་སྡོད་པའི་དུས་ཚོད་ཅིག་ཆགས་ཡོད་རེད། ཡིན་ནའང་ཨ་རི་ལ་རྒྱལ་ཁབ་མང་པོ་ཞིག་ནས་གྲོས་ཚོགས་འཐུས་མི་ཡོང་དགོས་ཀྱི་ཡོད་རེད། ཝ་ཤིན་ཊོན་ཌི་སི་ལ་ཚོགས་དུས། ནམ་རྒྱུན་ཨ་རི་དེ་ང་ཚོའི་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་བྱེད་མཁན་གལ་ཆེ་ཤོས་དང་། དེ་ཡང་ཁྲིམས་ཡིག་གི་ཐོག་ནས་རྒྱབ་སྐྱོར་ཡོད་པ། དེ་ཡང་ཆབ་སྲིད་ཚོགས་པ་གཉིས་ཀའི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་ཞིག་རྒྱལ་སྤྱིའི་ནང་ངོས་འཛིན་ཞུ་ཡི་ཡོད་རེད། ང་རང་ཚོའི་ངོས་ནས་ཀྱང་དེ་ལ་ངོས་འཛིན་ཞུས་སྡོད་ཀྱི་ཡོད་རེད། དེའི་གནས་བབ་དེ་ཏག་ཏག་ཅིག་སྡོད་མ་ཐུབ་ན་ཚོགས་འདུ་དེ་ང་ཚོའི་གྲོས་ཚོགས་ཀྱི་ངོས་ནས་བསྡུ་སྐོང་བྱེད་ཀྱི་ཡོད་རེད། འཛིན་སྐྱོང་གི་ཐོག་ནས་མཐུན་འགྱུར་སྦྱར་གྱི་ཡོད་རེད། གནས་བབ་མང་པོ་ཞིག་གི་ཐོག་ནས་ཚད་དང་ལྡན་པ་ཞིག་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་པཱ། ཝ་ཤིན་ཌོན་ཌི་སི་ལ་ཚོགས་གཙོ་ཚོགས་གཞོན་གཉིས་ཀ་ཕར་བཅར། ཕ་གིའི་ཆབ་སྲིད་ཀྱི་ཐོག་ནས་ཚོགས་འདུ་སང་ཉིན་ཡིན་ནའང་དེ་རིང་ད་དུང་གཏན་འཁེལ་གྱི་ཡོད་མ་རེད། ཚོགས་འདུའི་དབུ་འབྱེད་དེ་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་རེད། ང་ཚོའི་འཚོགས་ས་དེ་ཡང་གྲོས་ཚོགས་ཀྱི་ཚོགས་ཁང་གཅིག་གི་ར་བ་ནང་ལ་ཚོགས་པ་རེད། དེ་ལ་དམིགས་བསལ་རྒྱབ་སྐྱོར་བྱེད་མཁན་རྣམ་པས་དོ་སྣང་བྱེད་རྒྱུ་ཞིག་ཡོད་རེད་པཱ། སང་ཉིན་འཚོགས་རྒྱུ་ཡིན་ན་དེ་རིང་གི་ལས་འཆར་གཏན་གང་འདྲ་འཁེལ་གྱི་ཡོད་ན་བསམ་བསམ་དེ་འདྲ་ཞིག་ཡོང་ཡོད་རེད། ཡིན་ནའང་རྩ་བའི་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་རེད། དེ་ག་ནང་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་བརྟེན་ནས་ང་རང་ཚོའི་བསམ་པ་ལས་ལྷག་པ་དེ་འདྲ་ཡོང་བསྡད་པ་ཞིག དེ་ང་ཚོར་ཞེ་པོ་ཞིག་ཡག་པོ་བྱུང་སོང་བསམ་གྱི་ཡོད། སྐབས་དེ་དུས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དངོས་སུ་ཕེབས་ནས་གསུང་བཤད་གནང་། དེ་ག་ནང་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཕེབས་ནས་གསུང་བཤད་གནང་བ། དེ་འདྲ་བྱས་ནས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་སླེབས་པ་རེད། ཁོང་ཚོ་མང་པོ་ཞིག་སེམས་འགུལ་ཐེབས་ནས་རེད། སྐབས་དེ་དུས་ལྷོ་ཨ་མི་རི་ཀའི་ཕྱོགས་ནས་ཚོགས་བཅར་བ་ནང་ལ་མང་ཤོས་ཤིག་ཕེབས་ཐུབ་ཡོད་རེད། ཁོ་རང་ཚོར་དཔེ་སེམས་འགུལ་ཐེབས་ནས་ཁོ་རང་ཚོས་ཟུར་དུ་ཚོགས་ནས་ང་ཚོ་བོད་ཀྱི་ཐོག་ལ་དམིགས་བསལ་བསྒྲགས་གཏམ་སྤེལ་བ་དེ་འདྲ་བྱུང་སོང་། དེའི་རྗེས་སུ་མེག་སི་ཀོ་ (Mexico) ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཙུགས་ཐུབ་པ་བྱུང་རེད། ལྷོ་ཨ་མི་རི་ཀའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་དངོས་སུ་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱི་ཐོག་ནས་ཐུགས་སྣང་གནང་ཡོང་དུས། ཁོ་རང་ཚོའི་ངོས་ནས་ཀྱང་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞེ་པོ་ཞིག་ཡིན་པ་ངོས་འཛིན་སླེབས་ཡོང་གི་འདུག་གཱ། དེ་ཡིན་དུས་སྐབས་དེ་དུས་དབུ་འབྱེད་ཀྱི་གཏམ་བཤད་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཕེབས་པ་རེད། གསུང་འཕྲིན་ཕེབས་དུས་གསུང་འཕྲིན་ནང་དུ་གསལ་པོ་ཡོད་རེད། བོད་ཀྱི་གནས་སྟངས་དེ་ཆབ་སྲིད་ཀྱི་འཐབ་རྩོད་གཅིག་པུ་མ་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་རྒྱལ་སྤྱི་ལ་ཕན་ཐོགས་པའི་རིག་གཞུང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་ཚོགས་བཅར་བ་ཚང་མས་ཐུགས་སྣང་གནང་དགོས་རེད་ཅེས་བཀའ་ཕེབས་པ་ཞིག་ཡོད་རེད། དེ་ངས་གལ་ཆེན་པོ་ཞེ་པོ་ཞིག་བརྩི་ཡི་ཡོད། དེའི་རྗེས་སུ་ཕྱི་ལོགས་ནས་གནད་ཡོད་མི་སྣ་སུ་ཐུག་པ་ཡིན་ནའང་ངས་ཞུས་སྡོད་ཀྱི་ཡོད། བོད་ཀྱི་འཐབ་རྩོད་ཅེས་པ་དེ་ཆབ་སྲིད་ཀྱི་གནད་དོན་གཅིག་པུ་ལ་འགྲིག་སོང་བ་དང་དེ་ལ་ངོས་འཛིན་བྱེད་སྡོད་པ་ཡིན་ན། དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་ཀྱི་ཆབ་སྲིད་གཉིས་ཐད་ཀར་སྤྱི་ཚོགས་གཞན་གྱི་ཆབ་སྲིད་དང་ག་ཚོད་ཀྱིས་འབྲེལ་བ་འདོགས་པའི་གནས་བབ་འདུག དེ་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་ཚོའི་གྲས་ང་ཚོས་ཞུས་ཆོག་གི་རེད་པཱ། ཡིན་ནའང་ང་ཚོའི་ཆོས་དང་རིག་གཞུང་ལ་དམིགས་བསལ་གྱིས་འཛམ་གླིང་ནང་ལ་བྱས་རྗེས་འབུལ་ཐུབ་པའི་གནས་བབ་ཅིག་འདུག དེ་འཛམ་གླིང་ཚང་མས་དོ་སྣང་གནང་རྒྱུ་དང་། དེ་གལ་ཆེན་པོ་བརྩི་དགོས་པ་དེ་ཡོང་བ་ཡིན་ན། དེ་ནས་རང་བཞིན་གྱི་བོད་ཀྱི་གནས་སྟངས་དེ་ཆབ་སྲིད་དང་། འགྲོ་བ་མིའི་ཐོབ་ཐང་ལས་བརྒལ་བའི་ཐོག་ནས་བོད་ཀྱི་ཆོས་དང་། རིག་གཞུང་དེ་ཚོ་གལ་ཆེན་པོ་ཡིན་པ། དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག དཔེར་ན། ནང་ཆོས་ལྟར་ཡིན་ན་རྒྱ་གར་ནས་དུས་རབས་བརྒྱད་པའི་ནང་བོད་ལ་དར་བ་རེད། རྒྱ་ནག་རེད། དེ་བཞིན་ཨེ་ཤི་ཡའི་ལུང་པ་མང་པོར་དར་ཡོད་རེད། དེ་ནས་ནུབ་ཕྱོགས་ཀྱི་ལུང་པར་ཡིན་ན་ང་ཚོ་བཙན་བྱོལ་ལ་འབྱོར་བའི་རྗེས་ལ་དར་བ་རེད་མ་གཏོགས། བོད་ནང་པ་ཟེར་བ་དེ་ཕལ་ཆེར་ཡོད་མ་རེད། དེར་བརྟེན་ད་ལྟའི་དུས་ཚོད་ལ་བོད་ནང་པ་ཟེར་བ་དེ་འཛམ་བུ་གླིང་ལུང་པ་ཚང་མར་ཁྱབ་བསྡད་ཡོད་རེད། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་བོད་ཀྱི་ཆོས། རིག་གཞུང་། སྐད་ཡིག་ཟེར་བ་དེ་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་ཆོས་དེ་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཐུབ་ན། དེའི་རྗེས་ལ་བོད་ཀྱི་སྐད་ཡིག་དེ་རང་བཞིན་གྱིས་ངོས་འཛིན་བྱེད་ཐུབ་པ་ཞིག་སླེབས་ཡོང་གི་འདུག དཔེར་ན། ནང་ཆོས་ལ་བཀའ་འགྱུར་དང་བསྟན་འགྱུར་ལ་པོད་སུམ་བརྒྱ་ལྷག་ཙམ་ཡོད་རེད། འདི་ཆ་ཚང་བ་དེ་བོད་ཀྱི་སྐད་ཡིག་གཅིིག་པུའི་ནང་ལ་ཡོད་རེད། སྐད་ཡིག་གཞན་པ་སུ་གཅིག་གི་ནང་ལ་ཡོད་མ་རེད། དེ་ཡིན་དུས་བོད་ཀྱི་སྐད་ཡིག་ལ་རང་བཞིན་གྱིས་ཆེ་མཐོང་ཆེན་པོ་སླེབས་ཡོང་གི་འདུག་གཱ། ད་ལྟའི་དུས་ཚོད་ལ་ང་ཚོའི་བཀའ་འགྱུར་དང་བསྟན་འགྱུར་དེ་འཛམ་གླིང་གཞན་པའི་སྐད་ཡིག་ནང་ལ་བསྒྱུར་རྒྱུ་འགོ་འཛུགས་ཀྱི་ཡོད་རེད། དེ་འདྲར་སྒྱུར་བ་ཡིན་ནའང་ང་ཚོར་མ་འགྲིག་པ་གང་ཡང་ཡོད་མ་རེད་དེ། ཁུངས་དེ་བོད་ཀྱི་སྐད་ཡིག་དེ་ཆགས་ཀྱི་ཡོད་དུས། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ཟེར་བ་དེ་རང་བཞིན་གྱི་གལ་ཆེན་པོར་སླེབས་བསྡད་པའི་གནས་སྟངས་ཆགས་ཀྱི་འདུག དེ་འདྲའི་ཐོག་ནས་ང་ཚོའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་ཡོང་དུས་དམིགས་བསལ་གྱི་རིག་གཞུང་དང་། སྐད་ཡིག་དེ་ཚོར་དམིགས་བསལ་གྱིས་དོ་སྣང་ཆེན་པོ་བྱུང་སོང་བསམ་གྱི་ཡོད། དེ་ག་ནང་བཞིན་ང་ཚོས་འཛིན་སྐྱོང་བཀའ་ཤག་དང་མཉམ་དུ་གྲོས་བསྡུར་བྱས་ནས་སྐབས་དེ་དུས་ཨ་རིའི་གྲོས་ཚོགས་ནང་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐོག་ལ་ཉན་ཞིབ་བྱས་པ་དེ་གཅིག་བྱས་ན་ཐོག་མ་ཡིན་སྲིད་ཀྱི་རེད། མཁས་དབང་དེ་ཚོ་གདན་འདྲེན་ཞུས་ནས་ཉན་ཞིབ་ཅིག་གནང་ཡོད་རེད། དེའི་ཐོག་ནས་ད་ལྟ་ཨ་རིའི་ཁྲིམས་ཡིག་གསར་པ་དེ་བཞིན་འདིའི་འོག་ནས་བྱུང་བ་ཞིག་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་དེའི་སྔོན་ལ་དཔལ་ལྡན་སྲིད་སྐྱོང་མཆོག་རེད། དཔལ་ལྡན་ཕྱི་དྲིལ་བཀའ་བློན་དང་ཚོགས་གཙོ་གཉིས་བཅས་དངོས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བཅར་རྒྱུ་བྱུང་སོང་། དེའི་སྔོན་ནས་དཔལ་ལྡན་སྲིད་སྐྱོང་ཕེབས་བསྡད་ཡོད་རེད། ཡིན་ནའང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཅར་བ་དེ་ཕལ་ཆེར་ཐེངས་དང་པོའི་གནད་དོན་འདྲ་ཞིག་ཆགས་ཡོད་རེད། དེའི་ཐད་ང་ཚོ་ཕར་ཡོང་གི་ཡོད། དེར་བཅར་ཆོག་པ་བྱེད་ཅེས་གང་ཡང་ཞུས་ཡོད་མ་རེད། ཡིན་ནའང་སྐབས་དེ་དུས་ཀྱི་བོད་དོན་འབྲེལ་མཐུད་པ་དེ་ལྕམ་སྐུ་ Uzra Zeya ཁོང་རང་རེད། རྩ་བའི་ཁོང་རང་ང་ཚོས་གྲོས་ཚོགས་ཀྱི་ཚོགས་འདུར་གདན་འདྲེན་ཞུས་ཡོད་རེད། ཡིན་ནའང་གཙོ་བོ་གྲོས་ཚོགས་ཀྱི་ལས་དོན་ཆགས་དུས་ཁོང་བཅར་མ་ཐུབ་པར། ཚོགས་གཙོ་ཚོགས་གཞོན་དང་། དཔལ་ལྡན་སྲིད་སྐྱོང་རེད། ཕྱི་དྲིལ་བཀའ་བློན་བཅས་ལས་ཁུངས་སུ་འཁྱུག་ཙམ་ཕེབས་ཐུབ་ན་ཡག་པོ་འདུག་ཅེས་དེ་འདྲའི་བཀལ་མོལ་ཚུར་བྱུང་བ་ཡིན་དུས། ང་ཚོ་དངོས་སུ་ཨ་ཪིའི་ཕྱི་སྲིད་ལས་ཁུངས་ལ་བཅར་ནས་བཀའ་མོལ་དེ་འདྲ་བྱུང་སོང་། དེ་ཡིན་དུས་གང་ལྟར་ང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་བོད་ཀྱི་ཆབ་སྲིད་རེད། རིག་གཞུང་རེད། དེ་ཚོ་ཚང་མའི་ཐོག་ནས་རྒྱབ་སྐྱོར་ཡོང་སའི་འབྱུང་ཁུངས་དང་ལོ་རྒྱུས་འདྲ་པོ་དེ་ཆགས་སོང་བསམ་གྱི་ཡོད། དེ་ཡིན་དུས་སྐབས་དེ་དུས་གསུང་བཤད་དང་ཡིག་ཆ་ཁག་དེ་ཚོ་ད་ལྟ་ཡོད་རེད། དེ་ཚོའི་ཐོག་ལ་ང་ཚོས་ཉམས་ཞིབ་བྱེད་ན་ད་དུང་གསལ་པོ་ཆགས་པའི་གནས་སྟངས་ཡོང་སྡོད་ཀྱི་རེད།

དེ་ག་ནང་བཞིན་ང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་ཉི་འོང་གི་རྒྱལ་ས་ཊོཀ་ཡོ་ (Tokyo) ལ་ཚོགས་པ་རེད། ཉི་འོང་ལ་ཚོགས་པ་དེ་སྐབས་བཅུ་དྲུག་པའི་སྐབས་སུ་ད་ལྟའི་གཏམ་བཤད་གནང་མཁན་གྱི་ཚོགས་གཙོ་འདི་༸སྐྱབས་མགོན་རིན་པོ་ཆེར་གཟིམ་ཆུང་མཇལ་ཁ་ཞུ་དུས། སྐབས་དེ་དུས་༸སྐྱབས་མགོན་རིན་པོ་ཆེ་ཡིས་ང་ཚོའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་ཉི་འོང་ལ་གཅིག་འཚོགས་ཐུབ་རྒྱུ་མི་འདུག་གམ། ཉི་འོང་དེ་རྒྱལ་སྤྱིའི་ནང་ལ་ང་ཚོའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོགས་མི་མང་ཤོས་དེ་ཆགས་ཀྱི་ཡོད་རེད། ལུང་པ་གལ་ཆེན་པོ་ཞིག་ཡིན་དུས་གཅིག་འཚོགས་ཐུབ་རྒྱུ་མི་འདུག་གམ་ཞེས་བཀའ་རྗེན་པར་ཕེབས་པ་རེད་དེ། དེ་དུས་བྱུང་ཡོད་མ་རེད། ཡིན་ནའང་ང་ཚོས་སེམས་ལ་ཉར་བསྡད་ཡོད་རེད། དེ་ནས་ཨ་རིའི་ནང་ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཚོགས་ཚར་བའི་རྗེས་སུ་ང་ཚོས་ལམ་སང་ཉི་འོང་ལ་ཚོགས་ཐུབ་རྒྱུའི་གྲོས་བསྡུར་བྱས། དཔལ་ལྡན་ཚོགས་གཙོ་གཞོན་པ་དང་། དེ་བཞིན་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་ནས་དེའི་ཐོག་ལ་འགན་ཁུར་ཡག་པོ་བཞེས་ཡོད་རེད། གཙོ་བོ་ཉི་འོང་དོན་གཅོད་རེད། དེ་ནས་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་དུ་གོ་བསྡུར་བྱས་ནས་ངོས་ལེན་ཚད་མཐོན་པོ་ཞེ་པོ་ཞིག་གནང་སོང་། དེ་ཡིན་དུས་ཁོང་རང་ཚོས་མཐུན་འགྱུར་སྦྱར་རྒྱུ་དང་། ཕ་གིར་ནས་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་སའི་ཚོགས་ཁང་དེ་ཚོར་ཧ་ལས་པའི་ཚད་མཐོན་པོའི་མཐུན་འགྱུར་སྦྱར་སོང་། དེ་ཡིན་དུས་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi དང་། དེ་ག་ནང་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ Jim McGovern རེད། དེ་ག་ནང་བཞིན་ཉི་འོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Eriko Yamatani ཁོང་ཚོ་ཚང་མ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེའི་རྗེས་ལ་ང་ཚོའི་བསམ་བློ་གཏོང་སྟངས་དེར་བོད་དོན་ཞུ་གཏུག་ཟེར་ནའང་འགྲིག་གི་འདུག བོད་དོན་ཞུ་སྐུལ་དེ་གླིང་ཆེན་འདྲ་པོར་བསམ་བློ་བཏང་ནས་ཨ་རི་རེད། ཡུ་རོབ་རེད། ཨེ་ཤི་ཡའི་ནང་ལ་ང་ཚོས་འཆར་གཞི་ཞིག་བཏིང་ནས་བོད་ཀྱི་ཐོག་ལ་བོད་ནང་གི་བོད་མིའི་གནས་སྟངས་རེད། དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་གནད་དོན་རེད། དེ་ཚོར་ཞུ་སྐུལ་བྱེད་རྒྱུ་དེ་ཨ་རི་ནས་འགོ་བཙུགས་ནས་ཡུ་རོབ་ནང་ལའང་ཞུ་སྐུལ་ཞིག་བྱེད་ཐུབ་ན་བསམ་ནས་སྐུ་ཚབ་དོན་གཅོད་རྣམ་པ་མཉམ་དུ། བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞིག་སྦར་སིལ་ལ་ཚོགས་པ་རེད། དེ་དུས་གོ་བསྡུར་བྱས། དེ་ཚོ་ངས་གལ་ཆེན་པོར་བརྩི་ཡི་ཡོད་ཅེས་ཞུ་ཡི་ཡོད། གྲོས་ཚོགས་ནང་ལ་གྲོས་ཚོགས་འཐུས་མི་སྐུ་གཞོན་པ་མང་པོ་ཞིག་སླེབས་ཡོད་རེད། དེ་ཚོའི་གྲས་དེ་མ་འོངས་པར་ང་ཚོའི་འགོ་ཁྲིད་ཆགས་འགྲོ་ཡི་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ། ང་རང་ཚོའི་ངོས་ནས་བོད་ནང་གི་གནས་སྟངས་ཐོག་ལ་ཞུ་སྐུལ་བྱ་རྒྱུ་དང་། རྒྱབ་སྐྱོར་བཙལ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག་ཟེར་ནས། ཡུ་རོབ་རེད། ཨོ་སི་ཀྲོ་ལི་ཡ་རེད། དེ་ཚོ་ཚང་མ་དོན་གཅོད་མཉམ་དུ་གོ་བསྡུར་ཞུས་ནས་ང་ཚོའི་སྤྱི་འཐུས་རྣམ་པ་ཆ་བགོས་བྱས་ནས་ཕེབས་མ་ཐུབ་པའི་སྤྱི་འཐུས་ཡོད་པ་རེད་མ་གཏོགས། ཐེངས་གཉིས་ཙམ་ཕེབས་པའི་གོ་སྐབས་བྱུང་ཡོད་རེད། དེ་ང་ཚོས་གལ་ཆེན་པོ་ཞེ་པོ་ཞིག་ལ་བརྩིས་ནས་ལས་འཆར་དེ་བཟོས་པ་རེད། ཡིན་ནའང་དེའི་རྗེས་འབྲེལ་གྱི་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་རེད། བོད་ཀྱི་ཐོག་ལ་གོ་རྟོགས་རེད། དེ་ཚོ་ང་ཚོ་བཅར་ས་དེ་ཚོ་ལ་ཏན་ཏན་ཐུགས་ཕན་སོས་ཡོད་པའི་རེ་བ་ཞུ་ཡི་ཡོད།

དེ་ག་ནང་བཞིན་ང་ཚོའི་གནས་ཡུལ་དེ་རྒྱ་གར་རྒྱལ་ཁབ་ཆགས་སྡོད་ཡོད་རེད། རྒྱ་གར་རྒྱལ་ཁབ་འདི་གལ་ཆེན་པོ་ཡིན་པ་ཁ་སང་ང་ཚོའི་གྲོས་ཚོགས་ནང་ལ་ཡང་བཀའ་མོལ་རིམ་པ་ཡོང་སྡོད་ཀྱི་འདུག་གཱ། དམིགས་བསལ་གྱིས་བཀའ་དྲིན་ཆེན་པོ་ཡིན་པ། བསམ་བློ་གཏོང་ཡོང་དུས་དེ་དངོས་གནས་ཧ་ལས་པ་རེད་འདུག ང་ཚོ་འདིར་རྩ་བའི་བོད་དོན་འཐབ་རྩོད་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་འབྲེལ་ནས་ཡོང་གི་ཡོད་རེད། དཔེར་ན། ང་རང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་འདུག སྐབས་དེ་དུས་གནད་ཡོད་མི་སྣ་མང་པོ་བཅར་ཡོད་རེད། དེ་ག་ནང་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ད་ལྟ་ཕྱི་དྲིལ་ལས་ཁུངས་ཀྱིས་བསྡུ་སྐོང་གནང་བཞིན་པ་དེ་རེད། དེ་ཡང་དང་པོ་དེ་རྒྱ་གར་ལ་ཚོགས་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་ཆབ་སྲིད་འཐབ་རྩོད་ཀྱི་འབྱུང་ཁུངས་འདྲ་པོ་དེ་རང་བཞིན་གྱིས་རྒྱ་གར་འདི་ཆགས་སྡོད་ཀྱི་འདུག དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་སྡོད་ཀྱི་འདུག། ཁོང་ཚོའི་རྣམ་དཔྱོད་དང་ང་རང་ཚོའི་འཆར་གཞི་དེ་ཚོ་ཟུང་དུ་འབྲེལ་བའི་ཐོག་ནས་དེ་ཚོའི་གྲས་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་སྡོད་ཀྱི་ཡོད་དུས། ང་རང་ཚོས་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་སྡོད་ཀྱི་འདུག འཛམ་བུ་གླིང་ནང་གི་མི་འབོར་མང་ཤོས་བྱས། སྟོབས་ཆེ་ཤོས་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཀྱི་ཡོད་རེད། ང་ཚོ་མཉམ་དུ་འབྲེལ་བ་ཉེ་ཤོས་དང་ང་ཚོ་ལ་བཀའ་དྲིན་ཆེ་ཤོས་དེ་ཆགས་སྡོད་ཀྱི་ཡོད་དུས། བོད་དོན་གྱི་ཐོག་ལ་གོ་རྟོགས་སྤེལ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་སྡོད་ཀྱི་འདུག དེ་ཡིན་དུས་ང་ཚོའི་ཕྱི་ལོ་ ༢༠༢༣་་༢༠༢༤ ནང་རྒྱ་གར་གྱི་མངའ་སྡེ་ཁག་ཆ་ཚང་ནང་སྤྱི་འཐུས་རྣམ་པ་ཆ་བགོས་བྱས་ནས་རྒྱ་གར་གྱི་གནད་ཡོད་མི་སྣ། རྒྱ་གར་གྱི་མངའ་སྡེའི་གནད་ཡོད་མི་སྣ་རེད། དབུས་གཞུང་གི་གནད་ཡོད་མི་སྣ་རེད། དེ་ཚོ་ལ་མཇལ་ཕྲད་གནང་རྒྱུ་བྱས། དེའི་སྐབས་སུ་ང་ཚོས་ཞུ་སྐུལ་བྱ་རྒྱུའི་ཡིག་ཆ་དེ་ཚོ་གཏན་འབེབས་དེ་འདྲ་བྱས་པ་ཡིན། དེ་ག་ནང་བཞིན་ང་ཚོ་བཀའ་སྤྱི་གཉིས་ཀྱི་ཐོག་ནས་ལྡི་ལིར་གཞུང་ཚབ་ཁག་ཐུག་རྒྱུ། དེ་དུས་ང་ཚོས་ཡིག་ཆ་དེ་ཚོ་དཔེ་ཡག་པོ་བཟོས་ཡོད་རེད། དེ་ཚོའི་གྲས་ཀྱི་ཐོག་ནས་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་དགོས་པ་དང་རྒྱ་གར་ནང་བཞུགས་པའི་གཞུང་ཚབ་ཁག་མཉམ་དུ་ང་ཚོས་བོད་དོན་ཐོག་འབྲེལ་བ་ཉར་རྒྱུ་དེ་ཚོ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་ཡོད་དུས། མ་འོངས་པར་ཡིན་ནའང་ང་ཚོས་འདིའི་ཐོག་ལ་ནུས་པ་གང་ཡོད་འདོན་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཆགས་སྡོད་ཀྱི་འདུག ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ནས་ལོ་ ༦༧ འགྲོ་ཡོད་རེད་དེ། རྒྱ་གར་ནང་དེ་ཙམ་གྱིས་བོད་དོན་ཐོག་ལ་གོ་རྟོགས་མེད་པ་དང་མཁྱེན་རྟོགས་མེད་པའི་གནས་སྟངས་དེ་འདྲ་ཡོང་སྡོད་ཀྱི་འདུག དེ་འདྲ་ཡིན་དུས་ང་ཚོས་སྙོབ་མ་ཐུབ་པའི་གནས་སྟངས་ཆགས་སྡོད་འདུག དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་དུ་མི་འབོར་མང་ཤོས་སླེབས་ས་དེ་རྒྱ་གར་རེད། རྒྱ་གར་ནང་དུ་འཚར་ལོངས་བྱུང་གི་ཡོད་རེད། རྒྱ་གར་གྱི་ཆབ་སྲིད་འཐབ་རྩོད་པ་དང་རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་རེད། རྒྱ་གར་ནང་གི་མཁས་པ་རེད། རྒྱ་གར་ནང་གི་སྒྲིག་འཛུགས་ཁག་དེ་ཚོ་མཉམ་དུ་ང་ཚོས་འབྲེལ་བ་ཉེ་པོ་ཞེ་པོ་བཞག་ཐུབ་དགོས་པའི་གནས་སྟངས་ཆགས་དགོས་པའི་གནས་བབ་དེ་འདུག ད་ལྟ་ང་ཚོས་དེའི་ཐོག་ལ་ཞེ་པོ་ཞིག་སྙོབ་ཐུབ་ཀྱི་མི་འདུག དེ་སྙོབ་མ་ཐུབ་པའི་གནས་སྟངས་དེ་ག་རེ་ཆགས་འདུག འགན་ཁུར་མཁན་རྣམ་པའི་ཐོག་ནས་ཡིན་ནའང་རེད། མང་ཚོགས་ཀྱི་ཐོག་ནས་ཡིན་ནའང་འདྲ། དེ་ང་ཚོས་སླར་གསོ་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་འདུག དེ་ཡིན་དུས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དེ་ཚོ་ཡིན་ན་ཡང་མངའ་སྡེ་འདྲ་མིན་ནང་གནས་སྡོད་ཀྱི་ཡོད་རེད། དེ་ཡིན་དུས་མངའ་སྡེ་དེ་ཚོ་རང་བཞིན་གྱིས་འབྲེལ་བ་ཞིག་ཆགས་སྡོད་ཀྱི་འདུག དེ་འདྲའི་ཐོག་ནས་ང་ཚོས་མ་འོངས་པར་བོད་དོན་ཐོག་ལ་གོ་རྟོགས་སྤེལ་རྒྱུ་དང་། རྒྱ་གར་གྱི་ནང་ནས་ཆབ་སྲིད་ཀྱི་འཐབ་རྩོད་རེད། རིག་གཞུང་རེད། སྐད་ཡིག་རེེད། ང་ཚོ་ལ་རྒྱབ་སྐྱོར་དེ་ཚོ་ཐོབ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་རེད་འདུག དེ་ཐོབ་པ་ལ་ང་ཚོ་ལ་གོ་རྟོགས་དེ་མེད་པ་ཡིན་ན་ཁག་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག དེར་གོ་རྟོགས་སྤེལ་ནས་ཡོང་དགོས་པ་ཞིག་ཡིན་དུས། དེ་འདྲའི་ཐོག་ནས་ང་ཚོས་ལས་འཆར་དེ་བཏིང་པ་རེད། ལས་འཆར་དེ་ལ་གྲུབ་འབྲས་གང་ལ་གང་འཚམ་ཐོན་པ་རེད། སྐབས་དེ་དུས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་རེད། མངའ་སྡེའི་གྲོས་ཚོགས་ཀྱི་བློན་ཆེན་ཁག་རེད། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཁག་རེད། གནད་ཡོད་མི་སྣ་མང་པོ་ཞིག་ལ་ཐུག་ཡོད་རེད། མ་འོངས་པར་ཡིན་ནའང་དེ་འདྲའི་ལས་འཆར་དང་། རྒྱ་གར་ནང་དུ་བོད་དོན་ཐོག་གོ་རྟོགས་སྤེལ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་རེད་འདུག ང་ཚོ་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་ངོས་ནས་སྤེལ་བ་གཞིར་བཟུང་གིས་གྲུབ་འབྲས་ཡིན་ནའང་གང་ལ་གང་འཚམ་ཞིག་ཐོན་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་དེ་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་འགན་ཁུར་ཐོག་ནས་ལྡི་ལིར་རྒྱ་གར་དབུས་གྲོས་ཚོགས་ག་དུས་འཚོགས་པ་ཡིན་ནའང་ང་ཚོ་མར་བཅར་ནས་ཞུ་སྐུལ་བྱེད་ཀྱི་ཡོད་རེད། དེ་ཡང་གལ་ཆེན་པོ་ཞིག་ལ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ག་དུས་བཙུགས་མིན་ལོ་རྒྱུས་ཀྱི་ཡིག་ཆ་གསལ་པོ་མི་འདུག ཡིན་ནའང་ཕྱི་ལོ་ ༡༩༧༠ ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཙུགས་པ་རེད་ཅེས་གསལ་གྱི་འདུག དེ་འདྲ་ཡིན་དུས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Surendra Kumar ཁོ་རང་ལ་རྒྱུས་མངའ་འདུག སྔོན་མ་ང་ཁོང་རང་ཐུག་པ་ཡིན། ཁོ་རང་ལ་རྒྱ་གར་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་དང་དེའི་བྱུང་རིམ་སྐོར་ལ་གཅིག་འབྲི་རོགས་ཞེས་ཞུས་པ་ཡིན། བྱུང་རིམ་དེ་ཡིག་ཐོག་ནས་ཡོད་པ་ཡིན་ན་ཡག་པོ་འདུག་གཱ། དེ་བྱུང་མེད་ས་རེད། ད་ལྟ་ལག་ལེན་དུ་གང་སོན་མ་སོང་། ཡིན་ནའང་ང་ཚོ་དངོས་སུ་སྐབས་དེ་དུས་འགན་དང་པོ་གང་འདྲ་འཁུར་འདུག འགན་གཉིས་པ་གང་འདྲ་འཁུར་འདུག་ཟེར་བ་དེ་ཁྱོན་ནས་ཡོང་གི་མི་འདུག དེ་གསལ་གྱི་མི་འདུག ཡིག་ཆ་ཚད་ལྡན་ཞིག་མེད་པ་ཡིན་ན། ང་ཚོས་ཞུ་ཐུབ་པའི་གནས་བབ་མི་འདུག་གཱ། དཔེར་ན། ཕྱི་ལོ་ ༡༩༩༤ ལོར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་དེ་ང་ཚོས་ལྡི་ལིར་ཚོགས་པ་རེད། ང་ཚོས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་གསུང་བཤད་ཕྱོགས་སྒྲིག་བྱེད་ཡོང་དུས། སྐབས་དེ་དུས་ཀྱི་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་གསུང་བཤད་དེ་ང་ཚོར་རག་གི་ཡོད་མ་རེད། ང་ཚོས་འབྲེལ་བ་ཡོད་ས་མང་པོ་ཞིག་ལ་འབྲེལ་བ་ཞུ་ཡི་ཡོད་རེད་དེ། སྐབས་དེ་དུས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བ་དེ་ད་ལྟ་ང་ཚོར་རག་ཐུབ་ཀྱི་མི་འདུག་གཱ། དེ་ཡིན་དུས་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་ཡོད་རེད། ང་ཚོས་ལོ་རྒྱུས་དེ་མི་རབས་ནས་མི་རབས་ལ་བཤད་ཀྱི་ཡོད་རེད་དེ། ང་རང་ཚོའི་མི་རབས་ཀྱིས་ལོ་ངོ་ ༦༧ རིང་གི་གནས་ཚུལ་དེ་ཡལ་འགྲོ་རྒྱུའི་གནས་བབ་ཞིག་ཆགས་བསྡད་ཀྱི་འདུག དེ་ཚོའི་བྱུང་རིམ་དེ་ཚོ་གནས་ཐུབ་དགོས་པ་དང་། མ་འོངས་པར་མི་རིགས་གཞན་པ། མི་རིགས་གཞན་ཟེར་ན་མི་འདུག ལོ་ཆུང་བའི་མི་རིགས། ན་གཞོན་དེ་ཚོ་ལ་ངོ་སྤྲོད་བྱེད་དགོས་ན་རྒྱ་གར་གྱི་ཐོག་ནས་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་དེ་འདྲ་དེ་འདྲ་ཡིས་རྒྱབ་སྐྱོར་བྱས་ཡོད་རེད་དཱ་ཟེར་ནས་ང་ཚོར་ཁུངས་འདྲ་ཞིག་དགོས་ཀྱི་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་རྒྱལ་ཁབ་དང་ལུང་པ་གཞན་པ་ཡིན་ནའང་དེ་ཚོ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་འདུག ང་ཚོའི་མི་རབས་འགྱུར་བ་ཐེབས་འགྲོ་ཡི་ཡོད་རེད། ང་ཚོ་ལོ་ ༦༧ ཆགས་ནས་སྐབས་དེ་དུས་ཀྱི་༸རྒྱལ་བ་རིན་པོ་ཆེ་མཆོག་དང་ཐད་ཀར་འབྲེལ་བ་ཡོད་པའི་མི་དེ་ཚོ་ཆབ་སྲིད་ཀྱི་ཐོག་ནས་ཟུར་པ་ཆགས། མང་པོ་ཞིག་ང་ཚོའི་གནས་སྟངས་དེ་གཞན་པར་འགྱུར་འགྲོ་ཡི་རེད། མི་རབས་གཞོན་པ་ཚོས་འགན་འཁུར་རྒྱུ་དང་། མི་རབས་གཞོན་པས་འགན་འཁུར་བའི་དུས་ཚོད་སླེབས་ཡོང་དུས། དེའི་ཁུངས་འདྲ་པོ་ཞིག་དང་། དེ་ལ་སེམས་ཤུགས་སྐྱེད་རྒྱུ་དང་། ང་ཚོས་སྤོབས་པ་སྐྱེད་པ་ལ་རྒྱུ་ཆ་ཞིག་སྤྲོད་དགོས་ཀྱི་ཡོད་རེད། དེ་ཡོང་བ་ལ་ང་ཚོར་ཡིག་ཆའི་ཐོག་ནས་དེ་ཚོའི་གྲས་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་དུས། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་ང་ཚོས་དེར་སླར་གསོ་ཐེངས་གཉིས་ཙམ་བྱས་ཡོད་རེད། དེ་ལས་སླ་པོ་ཞིག་མི་འདུག མ་འོངས་པར་ང་ཚོས་དེའི་ཐོག་ལ་བསམ་བློ། སྐབས་དེ་དུས་འགན་འཁུར་མཁན་གྱི་བསམ་བློ་གཏང་དགོས་པའི་གནས་བབ་ཆགས་བསྡད་ཀྱི་འདུག དང་པོ་སླར་གསོ་བྱེད་དུས་གྲོས་ཚོགས་འཐུས་མི་སུ་ཇིཏ་ཀུ་མར་ (Sujeet Kumar) ལགས་རེད། ཁོ་རང་ཨོ་ཌི་ཤ་ནས་རེད། བྱས་ཙང་ཁོང་རང་གིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་བཞེས་སོང་། དེའི་རྗེས་ལ་དཀའ་ངལ་གང་ཙམ་བྱུང་། ཡིན་ནའང་མཐའ་མ་དེར་མེ་ཏབ་ཇི་ (Bhartruhari Mahtab Ji) ཁོ་རང་ཡང་ཨོ་ཌི་ཤ་ནས་རེད། ད་ལྟའང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་བཞེས། དེ་ག་ནང་བཞིན་གྱི་ཨ་རུ་ན་ཅལ་ནས་ཡིན་པ་ Tabir Gao ཁོང་གིས་ཀྱང་འགན་བཞེས་ནས་ད་ལྟ་ཡག་ཐག་ཆོད་འགྲོ་སྡོད་ཡོད་རེད། ཡིན་ནའང་མ་འོངས་པར་ང་ཚོས་དེ་ཚོའི་ཐོག་ལ་ཡིན་ནའང་རེད། ང་ཚོས་རྒྱ་གར་གྲོས་ཚོགས་མཉམ་དུ་དམིགས་བསལ་གྱི་འབྲེལ་བ་བཞག་ཐུབ་དགོས་རྒྱུ་དང་། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། འཐབ་རྩོད་ཀྱི་གནས་བབ་དེ་ངམ་ངམ་ཤུགས་ཀྱི་ཟེར་ནའང་མི་འདུག ཤུགས་མ་ཐུབ་ཀྱི་རྒྱ་གར་དང་འབྲེལ་བ་ཡོད་པ་དེ་གསལ་པོ་ཞེ་དྲག་ཆགས་བསྡད་ཀྱི་འདུག་གཱ། དེ་ཡིན་དུས་དེའི་ཐོག་ནས་རྒྱབ་སྐྱོར་བཙལ་རྒྱུ་དེ་ཡང་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་ནས་ང་ཚོས་རྒྱབ་སྐྱོར་འཚོལ་ཐུབ་དགོས་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག ཡང་ན་ང་ཚོས་མང་ཚོགས་མཉམ་དུ་འབྲེལ་བ་བཞག་ནས་རྒྱབ་སྐྱོར་འཚོལ་ཐུབ་པའི་གནས་བབ་བཞག་དགོས་ཀྱི་ཡོད་རེད། ཡིན་ནའང་ད་ལྟ་གོམས་གཤིས་དེ་ཞེ་པོ་ཞིག་སླེབས་ཐུབ་མི་འདུག་གཱ། ཕྱི་རྒྱལ་ཁག་འདྲ་ཡིན་ན་མང་ཚོགས་ཀྱི་ཐོག་ནས་བོད་དོན་གྱི་ཐོག་ལ་དྲི་བ་འདྲི་བ་ལ་སོགས་པ་དེ་འདྲ་ཡོང་བསྡད་ཀྱི་འདུག རྒྱ་གར་གྱི་ཆབ་སྲིད་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་ཡང་ང་ཚོས་དེ་ཤུགས་ཆེན་པོ་ཞེ་པོ་ཞིག་ཡོང་ཐུབ་ཀྱི་མི་འདུག ང་ཚོས་ཆབ་སྲིད་པ་མཉམ་དུ་འབྲེལ་བ་འཇོག་རྒྱུ་དང་། མང་ཚོགས་དང་མཉམ་དུ་འབྲེལ་བ་བཞག་ནས་བསྟུད་མར་ཡོང་ཐུབ་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་ང་ཚོས་གནད་ཡོད་མི་སྣ་དང་སྐབས་དེར་ང་ཚོས་མར་བཅར་ནས་མཇལ་འཕྲད་བྱུང་བ་ ༣༠༠ ལྷག་ཙམ་ཞིག་བྱུང་འདུག དེ་ཚོའི་གྲས་ང་ཚོའི་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་བྱུང་རིམ་ནང་ལ་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད།

དེ་ག་ནང་བཞིན་ང་ཚོའི་གནས་ཡུལ་གྱི་གཞུང་ཧི་མ་ཅལ་མངའ་སྡེ་དེ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཧི་མ་ཅལ་མངའ་སྡེ་ཡི་གྲོས་ཚོགས་ག་དུས་ཚོགས་པ་ཡིན་ནའང་། ང་ཚོས་འབྲེལ་བ་ཞུས། དངོས་སུ་ཁོང་ཪང་ཚོ་དང་འབྲེལ་བ་ཞུས་པའི་ཐོག་ནས་ང་ཚོས་ཐེངས་གཉིས་ཙམ་ཞིག་དྷ་རམ་ས་ལའི་གྲོས་ཚོགས་ཚོགས་ཁང་ངམ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་ནང་ཟུར་ཉན་དུ་བཅར་རྒྱུ་དང་། ཕན་ཚུན་བཀའ་མོལ་ཞུ་རྒྱུ། གསོལ་ཚིགས་དང་ཕྱག་རྟགས་ཕུལ་རྒྱུའི་གོ་སྐབས་བྱུང་སོང་། དེ་ཡིན་དུས་ང་ཚོས་མ་འོངས་པ་ལ་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་གལ་ཆེན་པོ་གཅིག་རེད། ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་དེ་རྒྱ་གར་ཧི་མ་ཅལ་ཆགས་བསྡད་ཀྱི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་བཞུགས་ས་དེ་ཧི་མ་ཅལ་མངའ་སྡེ་ཆགས་བསྡད་ཡོད་རེད། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་ས་དེ་ཡང་ཧི་མ་ཅལ་མངའ་སྡེ་ཆགས་བསྡད་ཡོད་རེད། ཧི་མ་ཅལ་མི་མང་དེ་དང་ང་ཚོ་བོད་ཀྱི་ས་འབྲེལ་གྱི་ཧི་མ་ལ་ཡའི་གནས་བབ་ཀྱི་ཐོག་ནས་འབྲེལ་བ་ཆགས་བསྡད་ཀྱི་རེད། རང་བཞིན་གྱི་ང་རང་ཚོའི་ངོས་ལ་བློ་ཉེ་པོ་ཡོང་ཐུབ་པ་ལ་ཐབས་ཤེས་ག་རེ་གཏོང་རྒྱུ་འདུག དེ་ཚོའི་གྲས་དེ་གལ་ཆེན་པོ་ཞིག་རེད་འདུག དེ་གཞི་རྩར་འཛིན་ནས་ང་ཚོས་ལས་འཆར་དེ་ཚོ་བརྩམས་པ་རེད། དེས་ཏན་ཏན་གྱི་ཐུགས་ཕན་གསོས་པའི་རེ་བ་ཞུ་ཡི་ཡོད།

དེ་ག་ནང་བཞིན་གྱི་ང་ཚོ་སྤྱི་འཐུས་རྣམ་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ཁྱབ་ཁོངས་ལ་ས་གནས་འཐུས་ཚོགས་ཡོད་རེད། ས་གནས་འཐུས་ཚོགས་ཁག་དེ་ཚོའི་ནང་ལ་ལོ་གཞོན་པ་མང་པོ་སླེབས་ཡོང་གི་འདུག དེ་ཡིན་དུས་ས་གནས་འཐུས་ཚོགས་ཁང་དེ་ཚོ་ཚད་ལྡན་འདྲ་ཞིག་ཡོང་བ་ཡིན་ན། རིམ་པས་དེ་ནས་ཡར་སྤྱི་འཐུས་སུ་སླེབས་རྒྱུ་དང་། སྒྲིག་འཛུགས་ཀྱི་ལས་ཀ་ལས་མཁན་ཡིན་དུས། ང་ཚོའི་གྲོས་ཚོགས་ཀྱི་འགྲོ་ལུགས་རེད། དེ་ཚོའི་གྲས་ལ་དམིགས་བསལ་གྱི་ཐུགས་ཕན་གསོ་རྒྱུ་ཞིག་དང་། ས་གནས་ཀྱི་ས་གནས་འགོ་འཛིན་རེད། ས་གནས་འཐུས་ཚོགས་རེད། ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དེ་ཚོ་ལྗིད་མཉམ་སྟངས་འཛིན་འདྲ་པོ་ཡག་པོ་ཞིག་ཡོང་ཐུབ་ན། ས་གནས་ནས་ཚགས་ཚུད་པོ་ཡོད་བསྡད་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་དེ་འདྲའི་དམིགས་ཡུལ་ཞིག་ཟིན་ནས་ང་ཚོས་ས་འཐུས་ཚོོགས་ཁག་ལ་ཟབ་སྦྱོང་ཕུལ་བ་གྲངས་ ༡༡ བྱུང་ཡོད་རེད། དེ་ག་ནང་བཞིན་སྤྱི་འཐུས་རྣམ་པར་ཐབས་བྱུས་དང་འབྲེལ་བའི་ཟབ་སྦྱོང་གྲངས་ ༦ འདྲ་བྱུང་ཡོད་རེད། དེ་ཡིན་དུས་སྐབས་བཅུ་བདུན་པ་དེའི་སྐབས་སུ་མང་གཙོའི་ཐེབས་རྩ་ (NDI) སྐབས་དེ་དུས་དྷ་རམ་ས་ལར་ཡོད་རེད། དེ་སྔོན་གྱི་འགན་འཛིན་གཉིས་འདྲ་པོ་ཞིག་བྱུང་བ་རེད། ཁོང་རྣམ་པས་ཐུགས་འགན་ཞེ་པོ་ཞིག་བཞེས་སོང་། གྲོས་ཚོགས་ཀྱི་ལས་དོན་ལ་དམིགས་བསལ་གྱི་ལོ་ལྔའི་ལས་འཆར་འདྲ་པོ་ཐབས་བྱུས་ཀྱིས་དེ་འདྲ་ཞིག་བཟོ་ཐུབ་ན་ཡག་པོ་ཡོད་རེད། ང་ཚོ་མཉམ་དུ་གོ་བསྡུར་རིམ་པ་བྱས་ནས་མཐའ་མ་ང་ཚོས་ཡིག་ཆ་ཞིག་བཏོན་ཐུབ་ཡོད་རེད། དེབ་དེ་བཏོན་ཡོད་པ་རེད། དེ་གཞིེར་བཟུང་གིས་ལས་ཀ་ལས་རྒྱུ་དེ་བྱུང་ཡོད་རེད། དེ་ག་ནང་བཞིན་ངས་གོང་དུ་ཞུས་པ་གཞིར་བཟུང་རེད། གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་རེད། གནས་ཡུལ་རྒྱལ་ཁབ་ཀྱི་འགྲོ་སྟངས་རེེད། དེ་ཚོའི་ཐོག་ལ་གོ་རྟོགས་འདྲ་ཞིག་སྤེལ་ནས་མ་འོངས་པར་ཞུ་སྐུལ་བྱེད་རྒྱུ་དང་། བཀའ་མོལ་ཞུ་རྒྱུ་དེ་ཚོ་གདེང་ཚོད་དང་ལྡན་པ་ཞིག་ཡོང་ཐུབ་བསམ་ནས་དམིགས་ཡུལ་དེ་ཟིན་པ་རེད། ང་ཚོས་དེ་ག་རང་ཞུ་ཡི་ཡོད། གྲོས་ཚོགས་ཀྱི་འཐུས་མི་དེ་ཚོ་གལ་ཆེན་པོ་ཞེ་པོ་ཞིག ད་ལྟ་སྐབས་བཅུ་བདུན་པའི་ནང་ལ་ན་གཞོན་མང་པོ་སླེབས་བསྡད་ཡོད་རེད། མ་འོངས་པར་བོད་ཀྱི་ཐོག་ལ་རང་བཞིན་གྱི་དེའི་ཐོག་ནས་བཀའ་མོལ་ཞུ་རྒྱུའི་གནས་སྟངས་ཆགས་བསྡད་དུས། དེའི་ཐོག་ནས་གོ་རྟོགས་འདྲ་ཞིག་ཚད་ལྡན་ཞིག་ཡོང་ཐུབ་པ་ཡིན་ན། བཀའ་མོལ་ཞུ་བར་གདེང་ཚོད་དེ་རང་བཞིན་གྱི་སླེབས་ཡོང་གི་རེད་པཱ། དེ་གལ་ཆེན་པོ་ཞེ་པོ་ཞིག་བརྩིས་ནས། དེ་ག་ནང་བཞིན་གྱི་རྒྱ་གར་ཕྱི་སྲིད་ཀྱི་དྲུང་ཆེ་ཟུར་པ་དང་གནད་ཡོད་མང་པོ་ང་ཚོས་གདན་འདྲེན་ཞུས་ཡོད་རེད། དེ་ག་ནང་བཞིན་གྱི་རྒྱལ་སྤྱིའི་བཀའ་མོལ་ཞུ་མཁན་གྱི་རྒྱལ་པོ་དང་། སྲིད་འཛིན་དང་སྲིད་བློན་དེ་ཚོར་ལམ་སྟོན་ཞུ་མཁན་དེ་འདྲའི་གནད་ཡོད་མི་སྣ་གདན་འདྲེན་ཞུས་ནས་ང་ཚོས་སྤྱི་འཐུས་རྣམ་པར་ཟབ་སྦྱོང་ཕུལ་ཡོད་རེད། དེ་ཡིན་དུས་དེ་ཚོའི་གྲས་ང་ཚོས་དྲན་པ་བརྗེད་རྒྱུ་མི་འདུག དེ་ཚོའི་གྲས་ང་ཚོས་ཡང་སེ་ཡང་སེ་བསམ་བློ་ཞིག་བཏང་ནས་སྐབས་དེ་དུས་བཀའ་མོལ་ག་རེ་གསུངས་སོང་། དགོངས་པ་བཞེས་ཕྱོགས་གང་འདྲ་རེད་འདུག དེ་མཉམ་དུ་ང་ཚོའི་གནས་བབ་ཀྱི་ཐོག་ནས་དེའི་ཐོག་ལ་ཐུགས་ཕན་ག་རེ་གསོ་ཡི་འདུག་ཟེར་བ་ཞིག་ཡོད་རེད་པཱ། དེ་དངོས་གནས་གལ་ཆེན་པོ་ཞེ་པོ་ཞིག་རེད་འདུག དེ་ཡིན་དུས་ང་ཚོས་ཆོས་ཕྱོགས་ཀྱི་ཐོག་ནས་ཞུས་པ་ཡིན་ན། ཐོས་བསམ་སྒོམ་གསུམ་ཟེར་གྱི་ཡོད་རེད། དང་པོ་དེར་ཚུར་ཐོས་དགོས་ཀྱི་ཡོད་རེད། ཐོས་པ་དེ་ལ་བསམ་གཞིག་བྱེད་དགོས་ཀྱི་ཡོད་རེད། བསམ་གཞིག་བྱས་ནས་ཡིད་ཆེས་སླེབས་ན་དེར་སྒོམ་དགོས་ཀྱི་ཡོད་རེད། དེ་ནང་བཞིན་གྱི་ང་ཚོའི་ཆབ་སྲིད་ཀྱི་གནས་བབ་དེ་ཡང་དེ་ག་རང་རེད། རྒྱལ་སྤྱིའི་གནས་བབ་ཡིན་ནའང་རེད། ག་པར་ཡིན་ནའང་དང་པོ་སོ་སོས་ཤེས་པར་བྱས། ཤེས་པ་ལ་དང་པོ་ཉན་དགོས་ཀྱི་ཡོད་རེད། ཉན་པའི་རྗེས་སུ་ཤེས་པར་བྱས། དེ་ལ་བསམ་གཞིག་བྱས། ང་ཚོའི་གནས་བབ་དང་མཚུངས་པའི་ཐོག་ནས་ཐབས་ལམ་ག་རེ་འདུག དེ་བསྒོམ་སོང་ན། མཐའ་མ་ང་ཚོས་ལག་བསྟར་བྱེད་རྒྱུར་ག་རེ་ཐུགས་ཕན་གསོ་ཡི་འདུག་ཟེར་བ་ཞིག་ཡོད་རེད་པཱ། དེའི་རིམ་པ་དེ་ང་ཚོས་འགྲོ་དགོས་ཀྱི་འདུག་གཱ། དེའི་རིམ་པ་དེ་མ་འགྲོ་བ་དེ་ག་སེ་ང་ཚོས་དྲན་པ་བརྗེད་ཆོག་ཆོག དེ་ཡང་ཆོ་ག་ཕྱག་ལེན་གྱི་རྣམ་པ་འདྲ་ཞིག་བརྩི་བསྡད་ན་རྩ་བ་ཉིད་ནས་ཏག་ཏག་བསྡད་ཀྱི་མི་འདུག དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་རང་ཚོའི་ངོས་ནས་སྤྱི་འཐུས་རྣམ་པར་ཟབ་སྦྱོང་ཕུལ་རྒྱུའི་གོ་སྐབས་ཐེངས་ ༦ ཙམ་ཞིག་བྱུང་འདུག དེ་ཡང་གལ་ཆེན་པོ་ཞིག་བརྩི་ནས་གནང་གི་ཡོད། མ་འོངས་པར་རྣམ་པ་ཚོའི་རྒྱུད་ལ་ཡིན་ནའང་དམིགས་བསལ་གྱི་ཐུགས་ཕན་གསོ་བའི་རེ་བ་ཞུ་ཡི་ཡོད།

དེ་ག་ནང་བཞིན་གྱི་དེ་ཡི་ཞོར་འདྲ་པོ་ཞིག་ཡིན། ད་ལྟ་ NDI ཡི་འགན་འཛིན་ Leela རེད། སྐབས་དེ་དུས་ང་ཚོ་ཨིན་ཇིའི་ལུང་པར་བཅར་བ་རེད། ད་ལྟ་བཀུར་འོས་སྤྱི་འཐུས་གཅིག་དེ་ལ་བཞུགས་བསྡད་ཡོད་རེད། ཕ་གིའི་ལས་རིམ་དེ་ང་ཚོ་གྲོས་ཚོགས་སྐབས་བཅུ་བདུན་པའི་སྐབས་ནས་དང་པོ་འདྲ་པོ་ཞིག་རེད། དེ་ཡིན་དུས་ཕ་གིར་བཅར་བ་དང་། ཕ་གིའི་གནད་ཡོད་མི་སྣ་མང་པོ་ཞིག་དང་མཉམ་དུ་མཇལ་འཕྲད་ཞུ་རྒྱུ་བྱུང་ཡོད་རེད། སྐབས་དེ་དུས་དེ་ཞེ་པོ་ཞིག་ཡག་པོ་བྱུང་སོང་བསམ་གྱི་ཡོད། དེར་ཨིན་ཇིའི་གཞུང་གི་གྲོས་ཚོགས་གོང་འོག་གཉིས་ཀའི་ཚོགས་གཙོ་དང་ལྷན་ང་ཚོ་མཇལ་འཕྲད་གནང་ཡོད་རེད། གྲོས་ཚོགས་འོག་མའི་ཚོགས་གཙོ་མཇལ་འཕྲད་ཞུ་བའི་དུས་ཚོད་ལ་དམིགས་བསལ་གྱི་གཞུང་འབྲེལ་གྱི་རྣམ་པ་འདྲ། དེ་འདྲའི་ཆེ་མཐོང་དེ་འདྲ་གནང་སོང་། དེ་ཡིན་དུས་དེ་ཚོའི་ཐོག་ནས་ང་ཚོའི་སྒྲིག་འཛུགས་འདི་གཞུང་འབྲེལ་གྱིས་ངོས་ལེན་ཡོད་མེད་ལ་མ་ལྟོས་པའི་ཐོག་ནས་ང་ཚོ་མི་སྒེར་དང་། ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ནས་ངོས་འཛིན་འདྲ་ཡོད་བསྡད་པའི་གནས་བབ་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་དེ་འདྲའི་ཐོག་ནས་སྐབས་དེ་དུས་ཀྱི་འགན་འཛིན་ Leela རེད། དེ་ག་ནང་བཞིན་གྱི་ NDI ཡི་འབྲེལ་ཡོད་ཚང་མ་ལ་གོ་སྐབས་དེ་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། དེ་ཡིན་དུས་མ་འོངས་པར་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐོག་ནས། གྲོས་ཚོགས་ཀྱི་ཚོགས་གཙོ་ཕན་ཚུན་མཇལ་འཕྲད་ཞུ་རྒྱུའི་ལམ་ཁ་འདྲ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་དགོངས་པ་བཞེས་རྒྱུ་གཅིག་དེ་ཆགས་བསྡད་ཡོད། དེ་ག་ནང་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་ལོ་ལྔ་རེད། རྒྱུན་ལས་ཁག་གཅིག་ལོ་ལྔ་ཧྲིལ་པོ་བཞུགས་ཡོད་པ་དང་། རྒྱུན་ལས་ཁག་གཅིག་ལོ་གཉིས་དང་ཕྱེད་ཀ དེ་བཞིན་ཁག་གཅིག་ལོ་རེ་རེ་རེ་རེ་བཞུགས་ཡོད་པ་རེད། སྐབས་དེ་དུས་ཚོགས་གཙོ་གཉིས་ཀྱི་ཐོག་ལ་ཡིན་ནའང་གནས་ཚུལ་ག་རེ་ཡིན་ནའང་བསམ་བློ་གཏོང་སྟངས་དེ་ཕན་ཚུན་གོ་བསྡུར་བྱེད་ཀྱི་ཡོད། དགོངས་པ་མཐུན་མིན་ལ་མ་ལྟོས་པར་ཕན་ཚུན་གོ་བསྡུར་བྱས། ང་ཚོའི་རྒྱུན་ལས་ནང་ལ་སྙན་སེང་ཞུས། རྒྱུན་ལས་ཀྱི་འཐུས་མི་ཚང་མས་ལྷག་བསམ་རྣམ་དག་གི་སྒོ་ནས་འགན་ཁུར་བཞེས་སོང་བས་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཚོགས་གཙོ་གཉིས་ཀྱིས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་བཀའ་སྤྱི་ལྷན་རྒྱས་ཐེངས་གཅིག་གཉིས་ཤིག་ཚོགས་རེད། བཀའ་ཤག་གི་ཐོག་ནས་ཡིན་ནའང་གྲོས་ཚོགས་ནང་གི་ལས་དོན་རེད། གྲོས་ཚོགས་ཕྱི་ལོགས་ཀྱི་ལས་དོན་རེད། ཚང་མའི་ཐོག་ལ་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པས་མཐུན་འགྱུར་ཆ་ཚང་སྦྱར་སོང་བས་དེ་རིང་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་ལོ་འདི་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་གོ་སྟོན་གྱི་ལོ་དང་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་རྒྱུའི་གནས་བབ་ཆགས་བསྡད་ཡོད་རེད། དེ་ངས་ཡག་པོ་བྱུང་སོང་བསམ་གྱི་ཡོད། ང་ཚོས་བོད་ཀྱི་རིག་གཞུང་དེ་གལ་ཆེན་པོ་རེད་ཅེས་ལབ་ཀྱི་ཡོད་རེད། གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་རེད་ཟེར་དུས། བྱམས་བརྩེའི་འབྱུང་ཁུངས་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་རེད། བྱམས་བརྩེའི་འབྱུང་ཁུངས་སུ་ངོས་འཛིན་བྱས་པ་ཡིན་དུས། དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཆགས་བསྡད་ཡོད་པས། ང་ཚོའི་རིག་གཞུང་དེ་གང་རེད་ཟེར་དུས། རིག་གཞུང་དེ་བྱམས་བརྩེའི་གནས་བབ་ཅིག་ཡོད་པ་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་པ་རེད། དེ་༸རྒྱལ་བ་རིན་པོ་ཆེས་འཛམ་གླིང་ནང་དུ་གསུང་བཤད་རིམ་པ་གནང་བ་དང་། ༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་བརྟེན་ནས་ཡིད་ཆེས་རྙེད་པ་རེད། བོད་པ་ཟེར་དུས་དམིགས་བསལ་མི་འདྲ་བ་ཞིག་ཡོད་རེད་ཟེར་བའི་ཁོར་ཡུག་ཅིག་བཟོས་ཐུབ་ཡོད་རེད། དེའི་ཐོག་ནས་ང་ཚོས་བསྐྱར་དུ་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཐོག་ནས་བྱམས་བརྩེའི་ལོ་བརྩི་སྲུང་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཡོད་པ་རེད། དེ་བཞིན་གྲོས་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་གྲོས་ཚོགས་ཚོགས་དུས་བཅུ་པའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་བཞག་ཡོད་པ་རེད། གྲོས་ཆོད་ཀྱི་ནང་དུ་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཚང་མ་དེའི་ནང་ཚུད་བསྡད་པའི་གནས་བབ་བྱུང་ཡོད་རེད། དེ་ཡིན་དུས་ང་ཚོས་སྤྱི་མོས་བཞག་ཐུབ་པ་དེ་ཞེ་པོ་ཞིག་གཟི་བརྗིད་བྱུང་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུར་མཚོན་ན། དགུང་ལོ་བཅུ་དྲུག་ནས་ད་ལྟ་བར་དུ་བོད་མི་རིགས་དང་འཐབ་རྩོད། བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་ཀྱི་བདེ་དོན་རིག་གཞུང་། བོད་ཀྱི་ཁོར་ཡུག་ལ་སོགས་པའི་གནས་བབ་མང་པོ་ཞིག་ལ་མཛད་པ་འཕྲིན་ལས་ཚད་མེད་པ་བསྐྱངས་ཡོད་པ་རེད། ང་ཚོའི་བཅའ་ཁྲིམས་ནང་དུ་བོད་མིའི་གཅིག་སྒྲིལ་དང་དེའི་མཚོན་རྟགས་ཞེས་བཀོད་ཡོད་རེད། དེ་ཞེ་པོ་ཞིག་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོས་༸རྒྱལ་བ་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གཅིག་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ཡར་སྨིན་པོ་ཆགས་བསྡད་ཡོད་རེད། མ་འོངས་པར་ལུང་བསྟན་ཁག་ལྟ་བུ་བརྩིས་པ་ཡིན་ན། ཕལ་ཆེར་རྡོ་སྒྲུབ་བསྟན་པའི་ཉི་མའི་ལུང་བསྟན་ཞིག་ཡོད་རེད། དེའི་ནང་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་རྒྱུའི་ལུང་བསྟན་ཞིག་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བར་སྐབས་ཤིག་ནས་དགུང་ལོ་བརྒྱ་དང་སུམ་ཅུ་ལྷག་ཙམ་བཞུགས་ཐུབ་པའི་ཞལ་བཞེས་གནང་ཡོད་པ་རེད། དེ་ཡོང་ཐུབ་པར་ང་ཚོའི་ངོས་ནས་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་ཐུགས་དགྱེས་པོ་བཟོ་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག་གཱ། དེར་བརྟེན་བཀའ་དྲིན་རྗེས་དྲན་བཞག་པ་ནང་བཞིན་བོད་མི་ཚང་མས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ཚོར་བའི་ཐོག་ནས་དགོངས་གཞི་འགྲུབ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་རེད།

དེ་ག་ནང་བཞིན་གྱི་ང་ཚོའི་ལས་འཆར་གཅིག་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དེ་རྒྱལ་སྤྱིའི་ནང་དུ་ཞེ་པོ་ཞིག་ཁྱབ་བསྡད་ཀྱི་ཡོད་རེད། ངོས་འཛིན་ཞུ་ཡི་ཡོད་རེད། ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་པའི་གཟེངས་རྟགས་བརྒྱ་ཕྲག་མང་པོ་འབུལ་བཞེས་གནང་ཡོད་རེད། ཡིན་ནའང་ཡིག་ཐོག་ནས་ངོས་འཛིན་ཐོབ་དགོས་པ་ཞིག་ཡོད་རེད་པཱ། ཉི་འོང་དུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཐོག་ནས་དེ་དུས་དམིགས་བསལ་གྱིས་གྲོས་ཆོད་ཅིག་བཞག་ཡོད་རེད། ཡིག་ཆ་དེ་ད་ལྟ་ཡོད་རེད། དེ་ཚོའི་གྲས་ཞེ་པོ་ཞིག་གལ་ཆེན་པོ་ཆགས་བསྡད་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩི་བྱེད་པའི་སྐབས་ལ་ཕལ་ཆེར་རྒྱལ་སྤྱིའི་སྡིངས་ཆ་ཟེར་ན་མི་འདུག རྒྱལ་སྤྱིའི་རྣམ་པའི་ཐོག་ནས་གྲོས་ཆོད་བཞག་པ་དེ་ཐེངས་དང་པོ་ལྟ་བུ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཉི་འོང་ནང་དུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་པའི་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་ངོས་འཛིན་གནང་རྒྱུ་དང་། མ་འོངས་པར་ཡིན་ནའང་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་མུ་མཐུད་ནས་རྒྱལ་བ་རིན་པོ་ཆེའི་དགོངས་པ་ཇི་བཞིན་ཡོང་ཐུབ་རྒྱུར་ང་ཚོས་གྲོས་ཆོད་དེ་འདྲ་བཞག་ཡོད་རེད། དེ་ཚོའི་གྲས་འབྱུང་འགྱུར་མ་འོངས་པར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། དེ་ག་ནང་བཞིན་གཅིག་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕྱོགས་བསྒྲིགས་གནང་རྒྱུ་དང་མང་གཙོའི་དེབ་ཕྱོགས་བསྒྲིགས་གནང་རྒྱུ་དེ་རེད། ང་ཚོ་བཙན་བྱོལ་བོད་མིའི་མང་གཙོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་གསོལ་རས་གནང་བ་རེད། ཕྱི་ལོ་ ༡༩༦༠ ནང་གསོལ་རས་གནང་། ང་ཚོས་དྲུག་ཅུ་ནས་བརྩིས་པ་ཡིན་ན་ལོ་ངོ་དྲུག་ཅུ་རེ་དྲུག་ཆགས་འགྲོ་ཡི་ཡོད་རེད། སྤྱིར་བཏང་ནས་འཛམ་གླིང་ནང་དུ་ཆབ་སྲིད་ཀྱི་གཞུང་འཛིན་སྟངས་མི་འདྲ་བ་མང་པོ་ཡོད་རེད། མང་གཙོའི་ལམ་ལུགས་ཀྱི་ཐོག་ལ་ཡིན་ནའང་གྲོས་ཚོགས་ལམ་ལུགས་དང་སྲིད་འཛིན་ལམ་ལུགས་ཡོད་རེད། སྲིད་འཛིན་ལམ་ལུགས་ནང་ལོགས་ཡིན་ནའང་མ་འདྲ་བ་མང་པོ་ཞིག་ཡོང་བསྡད་ཀྱི་འདུག་གཱ། གྲོས་ཚོགས་ཀྱི་ལམ་ལུགས་ཡིན་ནའང་ནང་གསེས་མི་འདྲ་བ་མང་པོ་ཞིག་ཡོང་བསྡད་ཀྱི་འདུག་གཱ། དེ་ཡིན་དུས་ང་རང་ཚོའི་གྲོས་ཚོགས་ཀྱི་མང་གཙོའི་སྒྲོམ་གཞི་དེ་ཚང་མའི་ལེགས་ཆ་བླངས་ནས་དེ་ལྟར་༸སྐྱབས་མགོན་རིན་པོ་ཆེས་གནང་བ་ཞིག་ཆགས་བསྡད་ཀྱི་འདུག རྣམ་པ་ཚོར་ཞུ་དགོས་ཀྱི་ཡོད་མ་རེད། མཁྱེན་གྱི་ཡོད་རེད། ཕྱི་ལོ་ ༡༩༦༡ དང་ ༡༩༦༣ ལོར་༸སྐྱབས་མགོན་རིན་པོ་ཆེས་མ་འོངས་བོད་ཀྱི་རྩ་ཁྲིམས་ལམ་སྟོན་དེ་ཚོ་ཡོངས་ཁྱབ་གསལ་བསྒྲགས་གནང། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་སྐབས་ ༡༡ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་གཏན་འབེབས་གནང་སྟེ་༸སྐྱབས་མགོན་རིན་པོ་ཆེས་དེ་ལ་ཆོག་མཆན་མཚན་རྟགས་བཀོད་པ། དེའི་རྗེས་སུ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་དེ་ཚོའི་གྲས་ཞེ་པོ་རླབས་ཆེན་ཆགས་བསྡད་ཀྱི་ཡོད་རེད། ཕྱི་ལོ་ ༢༠༠༡ ནས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་གནང་། དེ་བཞིན་ཕྱི་ལོ་ ༢༠༡༡ ནས་༸སྐྱབས་མགོན་རིན་པོ་ཆེའི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་དེ་དག་འོས་བསྡུ་བྱས་ནས་མང་ཚོགས་ལ་འགན་ཁུར་གནང་བ་ཞིག་ཡོད་རེད་པཱ། དེ་གལ་ཆེན་པོ་ཞེ་པོ་ཞིག་རེད། བྱུང་རིམ་དང་མ་སོང་ན་ཕྲུ་གུ་གཅིག་ཆུང་ཆུང་ནས་འཚར་ལོངས་བྱུང་བའི་རྣམ་པ་ལྟ་བུ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་རང་ཚོས་གོ་བ་དེ་ལོན་དགོས་ཀྱི་འདུག་གཱ། དེ་འདྲའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཆབ་སྲིད་ཀྱི་ནང་དུ་གལ་ཆེ་ཤོས་ཞིག་ཆགས་ཡོད་རེད་ཅེས་༸རྒྱལ་བ་རིན་པོ་ཆེ་ཡིས་གསུངས་ཡོད་རེད། རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་ཞེས་པའི་དོན་གཅིག་དེ་མང་གཙོའི་སྒྲིག་འཛུགས་དང་འགྲོ་སྟངས་འདི་ཆགས་བསྡད་ཡོད་རེད། དེ་གལ་ཆེན་པོ་ཞེ་པོ་ཞིག་ཡིན་པས་ང་ཚོས་གཅེས་ཉར་བྱེད་དགོས་པ་ང་ཚོ་ཚང་མར་འགན་ཡོད་རེད། ང་ཚོ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མ་ལ་འགན་ཡོད་རེད། དེ་ཡིན་དུས་མང་གཙོའི་ནང་དུ་བསམ་ཚུལ་མཐུན་དང་མ་མཐུན་ཡོང་གི་ཡོད་ཀྱང་། བསམ་ཚུལ་དེ་ལ་སྦྱངས་བཤད་གོ་བསྡུར་བྱ་རྒྱུའི་ལམ་ཁ་ཆ་ཚང་ཡོད་རེད། མཐའ་མའི་ཐག་གཅོད་ལ་སྤྱི་མོས་མང་མོས་ཀྱི་ཐོག་ནས་འགྲོ་ཡི་ཡོད་རེད། དེ་ལ་ང་ཚོས་དང་ལེན་དང་བརྩི་བཀུར་བྱས། ང་ཚོ་རུབ་རུབ་འདྲ་ཡོང་ཐུབ་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རླབས་ཆེན་པོ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག་གཱ། དེའི་ཐོག་ནས་ང་ཚོའི་སེམས་ལ་བག་ཆགས་ཡག་པོ་ཞིག་འཇོག་ཐུབ་དགོས་པ་གལ་ཆེན་པོ་ཞེ་པོ་ཞིག་རེད་འདུག ང་ཚོར་བག་ཆགས་ཡག་པོ་ཞིག་བཞག་ཐུབ་པ་ཡིན་ན། ང་རང་ཚོ་མ་འོངས་པའི་མི་རབས་དེ་ལ་བག་ཆགས་ཡག་པོ་ཞིག་གཞག་ཐུབ་ཀྱི་རེད། ང་ཚོའི་ངོས་ནས་བག་ཆགས་ཡག་པོ་ཞིག་བཞག་མ་ཐུབ་པ་ཡིན་ན། མ་འོངས་པའི་མི་རབས་ཟེར་བ་དེ་བས་ཐག་རིང་པོ་ཆགས་འགྲོ་ཡི་འདུག་གཱ། དེ་ཆབ་སྲིད་ཀྱི་འཐབ་རྩོད་གཅིག་པུ་མ་རེད། ང་ཚོའི་རིག་གཞུང་དང་སྐད་ཡིག་བཅས་པ་མང་པོ་ཞིག་དང་འབྲེལ་བ་ཆགས་འགྲོ་ཡི་རེད། དེ་ཉམས་ཆག་ཞེ་པོ་ཞིག་ཆགས་འགྲོ་ཡི་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕྱོགས་བསྒྲིགས་གནང་རྒྱུ་དེ་དེབ་གཟུགས་རང་ལ་མ་ལྷག་པའི་ཐོག་ནས་དགོངས་པ་དང་རྒྱུ་མཚན་ཐོག་ནས་ཀློག་ཐུབ་རྒྱུ་ཞིག་ཡོད་རེད་པཱ། ད་ལྟ་དཔར་སྐྲུན་བྱེད་ཆོག་ཆོག་ཆགས་བསྡད་ཡོད་རེད། མ་འོངས་པར་དེ་ཚོ་དངོས་སུ་བཀའ་སློབ་རྣམས་ཡོངས་ཁྱབ་འགྲེམ་སྤེལ་གནང་གི་ཡོད་རེད། དེའི་ཐོག་ནས་བཀའ་སློབ་རྣམས་སོ་སོས་ཀློག་ནས་དེའི་ནང་དོན་རྣམས་ལག་བསྟར་ཞུ་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག

དེ་ག་ནང་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་འབྲེལ་བའི་ཐོག་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཉམ་དུ་ཐུན་མོང་གིས་མཉམ་འབྲེལ་གྱི་ཐོག་ནས་གྲོས་ཆོད་ཅིག་བཞག་ཡོད་རེད། དེ་ག་ནང་བཞིན་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཐུགས་བསྐྱེད་དམ་བཅའ་བཞི་ནི། མི་ཞིག་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ནང་དུ་བྱམས་བརྩེ་སྤེལ་དགོས་པ། ༸རྒྱལ་བ་རིན་པོ་ཆེ་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གནང་དགོས་པ། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་དེ་ཚོའི་ཐོག་ལ་གོ་རྟོགས་སྤེལ་རྒྱུ། དེ་བཞིན་༸རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་དམ་རྣམ་དཔྱོད་ཀྱི་འབྱུང་ཁུངས་ལྟ་བུ་གཅིག་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆགས་སྟབས། གནའ་བོའི་རིག་གཞུང་དེ་ཉམས་པ་སླར་གསོ་ཡོང་ཐུབ་རྒྱུར་༸རྒྱལ་བ་རིན་པོ་ཆེས་ཐུགས་བསྐྱེད་དམ་བཅའ་བཞི་དེ་འདྲ་བཞེས་ཀྱི་ཡོད་རེད། དེའི་ཐོག་ནས་ང་རང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཆོས་ལུགས་མཉམ་དུ་མཐུན་འབྲེལ་བྱས་ནས་གྷན་དི་མཆོག་གི་དྲན་རྟེན་བཞུགས་ཡུལ་ (Raj Ghat) དུ་ང་ཚོ་སྨོན་ལམ་ཚོགས་པ་དེ་འདྲ་བྱུང་སོང་། དེ་ཡིན་དུས་དེ་ཚོའི་གྲས་ཕྱོགས་གཅིག་ནས་དུས་ཚོད་ཐུང་ཐུང་དང་འགྲོ་སོང་ཞེ་པོ་ཡོད་མ་རེད། དེ་ཆུང་ཆུང་རེད་དེ་བག་ཆགས་དེ་ཆེན་པོ་འདྲ་ཞིག་ཡོང་ཐུབ་རྒྱུ་འདུག་གཱ། དཔེར་ན། ཆུའི་ཐིགས་པ་བསགས་ན་སྣོད་ཆེན་པོ་ཞིག་གང་གི་རེད་ཟེར་བ་དེ་གསལ་པོ་རེད་པཱ། དེ་འདྲའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་འགྲུབ་ཐུབ་པ་དང་། ང་རང་ཚོའི་སྤྱི་ཚོགས་ནང་དུ་བཟང་སྤྱོད་དང་དེ་ཚོ་གོང་མཐོར་སྤེལ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་འདྲའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཐོག་ནས་གཅིག་བསམ་བློ་གཏོང་བ་ཡིན་ན་ཞེ་པོ་ཞིག་གལ་ཆེན་པོ་རེད་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདིའི་སྔོན་གྱི་གྲོས་ཚོགས་ནང་དུ་གསུང་བཤད་མང་པོ་གནང་ཡོད་རེད། གྲོས་ཚོགས་ཀྱི་འཐུས་མི་ཚང་མས་གསུངས་ཡོད་རེད། ང་རང་ཚོའི་ལས་དོན་ལམ་ལྷོངས་ཡོང་བ་དེ་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ཆགས་བསྡད་པ་ཞིག་ཡོད་རེད། དེ་གསལ་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག་གཱ། མིག་མཐོང་ལག་ཟིན་ལྟ་བུ་ཡོང་བསྡད་དུས་དེ་ཚོའི་ཐོག་ལ་སོ་སོའི་སེམས་པའི་ཐོག་ནས་ཡང་སེ་དྲན་རྒྱུ་དང་། དངོས་སུ་དེའི་ཐོག་ལ་ལག་བསྟར་ཞུ་ཐུབ་དགོས་པ་ག་རེ་འདུག དེ་དག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག དེ་ཡིན་དུས་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ནས་ཕྱི་མིག་བལྟས་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེས་དགོངས་པ་བཞེས་ས་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་། ༸རྒྱལ་དབང་སྐུ་ཕྲེང་ལྔ་པར་དགོངས་པ་བཞེས་ནས་བཀའ་སློབ་གསུངས་ཡོང་དུས་ང་ཚོ་ཤེས་ཐུབ་ཀྱི་འདུག་གཱ། དེའི་ཡར་ལ་འགྲོ་ཡོང་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཟེར་ནས། ད་ལྟ་ང་ཚོའི་གྲོས་ཚོགས་ཀྱི་གཡས་ཕྱོགས་ལ་མེས་དབོན་རྣམ་གསུམ་གྱི་ལྡེབས་རིས་ཡོད་རེད། དེ་ག་ནང་བཞིན་དྷ་རམ་ས་ལའི་གཙུག་ལག་ཁང་གི་བཞུགས་ཁྲིའི་གཡོན་ཕྱོགས་སུ་མེས་དབོན་རྣམ་གསུམ་གྱི་ལྡེབས་རིས་ཡོད་རེད། དེ་ཚོའི་གྲས་སྔོན་མ་བོད་ནང་དུ་ལྡེབས་རིས་གསུམ་ཀ་ཡོད་ཀྱི་རེད་པཱ། ཡིན་ནའང་དེ་ཚོའི་གྲས་གལ་ཆེན་པོ་ཞེ་པོ་ཞིག་རེད། ངས་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཛད་པ་འཕྲིན་ལས་ལ་བརྟེན་ནས་ཡོང་གི་མེད་ན་བསམ་གྱི་ཡོད། དཔེར་ན། ང་ཚོའི་བཙན་པོ་སྲོང་བཙན་གྱི་དུས་ཚོད་ལ་ཡིན་ན་བོད་རྒྱལ་ཁམས་ཚང་མ་གཅིག་གྱུར་བཟོས་པ་དང། དེ་ག་ནང་བཞིན་ང་རང་ཚོའི་ཡོངས་གྲགས་ཀྱི་བསམ་བློ་བཏང་བ་ཡིན་ན་བོད་ཡིག་གསར་གཏོད་གནང་རྒྱུ། བོད་མི་ཡོངས་ལ་ཡིན་ནའང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་གཅིག་གིས་གཅིག་ལ་གུས་བརྩི་དང་ཆེ་མཐོང་། དམ་གཙང་ཡོང་བར་ཞེ་པོ་ཞིག་འབད་བརྩོན་གནང་འདུག་གཱ། དེ་ག་ནང་བཞིན་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཚོད་འདྲ་ཡིན་ན་བོད་རང་ལ་ཕྱི་ལོགས་ནས་དཔལ་ནཱ་ལེནྡྲའི་ནང་ཆོས་ཟེར་ན་མི་འདུག རྒྱ་གར་གྱི་ནང་ཆོས་དེ་བོད་ལ་གདན་འདྲེན་ཞུས་པ། ངའི་བསམ་པ་ལ་འདིའི་སྔོན་གྱི་ལོ་རྒྱུས་ལ་ང་ཚོ་ཞེ་པོ་རྒྱུས་ཡོད་མ་རེད་དེ། བོད་ནང་ལ་ཕྱི་ལོགས་ནས་མཁས་པ་ཞིག་ཡོངས་གྲགས་ཀྱིས་གདན་འདྲེན་ཞུས་ནས་བོད་ནང་དུ་ཤུགས་རྐྱེན་ཆེན་པོ་ཞིག་བྱུང་ཡོད་རེད་པཱ། དེ་དུས་རབས་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱུང་བཞག་བསམ་གྱི་ཡོད་རེད། སྐབས་དེ་དུས་ང་ཚོས་དཔལ་ནཱ་ལེནྡྲ་ནས་པནྜི་ཏ་ཟེར་ན་འགྲིག་གི་རེད། མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་པ། དེ་ག་ནང་བཞིན་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་ཞུས། བསམ་ཡས་གཙུག་ལག་ཁང་བཞེངས་པ། དེ་ཙམ་མ་རེད། གཙུག་ལག་ཁང་བཞེངས་པ་དེ་ཙམ་གྱིས་ཆོག་ཤེས་གནང་ཡོད་མ་རེད། བོད་ཀྱི་ནང་ཆོས་ཞེས་པ་དེ་བཀའ་དང་བསྟན་བཅོས་ཀྱི་ཐོག་ནས་ནང་དོན་དེ་བོད་ལ་ཚུར་བསྒྱུར་ནས། བསམ་ཡས་སྒྲ་སྒྱུར་གླིང་ཞེས་ཆེད་མངགས་བཙུགས་ནས་དེ་འདྲའི་ཆེ་མཐོང་གནང་འདུག་གཱ། དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག། དེ་འདྲའི་ཐོག་ནས་འཛམ་བུ་གླིང་ཚང་མ། རྒྱ་ནག་རེད། ཏ་ཟིག་རེད། ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཚོད་ལ་ང་རང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་རྒྱལ་མཚམས་ཀྱི་དབང་བསྒྱུར་གྱི་ཤུགས་རྐྱེན་ཆེན་པོ་ཡོད་རེད་དཱ། དེ་ག་ནང་བཞིན་ཁྲི་རལ་པ་ཅན་གྱི་དུས་ཚོད་ཡིན་ན་ང་ཚོའི་བོད་སྐད་ཡིག་གི་བརྡ་དང་ཚིག་སྦྱོར་དེ་ཚོ་བཅོས་ནས་ཚང་མས་གོ་རྟོགས་ཡོང་ཐུབ་རྒྱུ། དེ་ག་ནང་བཞིན་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་སྐབས་དེ་དུས་དུས་རབས་དགུ་པ་ཆགས་ཀྱི་ཡོད་རེད། དེ་དུས་ལྷ་སའི་རྡོ་རིང་ད་ལྟ་མཇལ་རྒྱུ་ཡོད་པ་དེ་བཙུགས་ཡོད་རེད། དེ་འདྲའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་ཡི་དགོངས་པ་བཞེས་རྒྱུ་དེ་བཙན་པོའི་དུས་རབས་དེ། ང་ཚོས་ལོ་ངོ་མང་པོ་ཞིག་ལ་བོད་སིལ་པོར་འཐོར་བ་རེད། དེའི་རྗེས་སུ་ས་སྐྱ་རེད། ཕག་གྲུ་རེད། སྡེ་པ་གཙང་པ་རེད། རིན་སྤུངས་རེད། དགའ་ལྡན་ཕོ་བྲང་བར་དུ་མར་ཤུགས་རྐྱེན་དེ་བྱུང་ཡོད་རེད་པཱ། དེའི་བསྡོམས་འདྲ་ཞིག་ཚུར་བླངས་རྒྱུ་ཞིག་ཡོད་རེད་པཱ། ང་ཚོས་བཙན་པོའི་ལྡེབས་རིས་དེ་ཚོ་འདིར་འབྲི་དགོས་པའི་རྒྱུ་མཚན་དང་དགོངས་པ་བཞེས་སྟངས་དེ་ཆབ་སྲིད་གཅིག་པུ་མ་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཚང་མ་ལ་དགོངས་པ་བཞེས་འདུག་གཱ། དེའི་ཐོག་ནས་བོད་ཟེར་བ་དེ་གསོན་པོར་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་གཱ། དཔེར་ན། ང་ཚོའི་མིའི་ལུས་འདྲ་བརྩིས་པ་ཡིན་ན་དོན་ལྔ་སྣོད་དྲུག་ཅེས་ཡོད་རེད། དེའི་ནང་ནས་གཅིག་ལ་སྐྱོན་ཆེན་པོ་ཞིག་བྱུང་ན་གཞན་འཚོ་གནས་བྱེད་པར་ཁག་པོ་ཞེ་པོ་ཞིག་ཆགས་ཀྱི་རེད་པཱ། དེ་ནང་བཞིན་བོད་ཟེར་བ་དེ་འཚོ་གནས་དང་བོད་ཅེས་པ་དེ་དགོས་པ་ཡིན་ན། བོད་ཀྱི་ཆ་ལག་ཆ་ཚང་བ་ཞིག ཆོས། སྐད་ཡིག རིག་གཞུང་། གོམས་གཤིས་ཚང་མ་ལ་བརྩི་བཀུར་ཡོང་ཐུབ་རྒྱུ་དང་། དེའི་ཐོག་ནས་དམིགས་བསལ་འབུར་དུ་ཐོན་ཐུབ་པ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་རེད་འདུག དེ་ཚོའི་གྲས་དེར་༸རྒྱལ་བ་རིན་པོ་ཆེ་ཡི་གསུངས་བསྡད་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་འཕེལ་འགྱུར་བྱུང་ཡོད་རེད། ང་ཚོ་བོད་ཀྱི་སྐད་ཡིག་གི་ཐོག་ནས། བོད་ཀྱི་ནང་ཆོས་ཀྱི་ཐོག་ནས་བོད་དེ་གཅིག་གྱུར་བཟོས་འདུག་བ་ཟེར་རྒྱུ་ཞིག་ཡོད་རེད་པཱ། དེ་ཡིན་དུས་མ་འོངས་པར་བོད་དེ་དེ་འདྲའི་གཅིག་གྱུར་ཡོང་བ་ལ་འབད་བརྩོན་བྱེད་རྒྱུ་དང་ནུས་པ་འདོན་དགོས། ང་ཚོས་འདས་པའི་ལོ་རྒྱུས་དེའི་ཐོག་ནས་ང་ཚོས་གོ་བ་བླངས་ནས་གཅིག་གྱུར་བཟོ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་རེད་འདུག་གཱ། དེ་འདྲ་ཡིན་དུས་དེ་འདྲའི་ཐོག་ནས་ང་ཚོ་ཚང་མས་འགན་ཁུར་བཞེས་ཐུབ་དགོས་པ་ཞིག་དང་། དེ་ག་ནང་བཞིན་རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་ཡིན་ནའང་དེ་ཚོ་ལ་དགོངས་པ་བཞེས་ནས་ཕྱར་བ་གྲུ་འདེགས་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྲོས་ཚོགས་ཚོགས་དུས་བཅུ་གཅིག་རིང་རེད། དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་མཐའ་མ་དེ་རེད། ཚོགས་དྲུང་ལས་ཁུངས་ཀྱི་སྐུ་ངོ་ཚོགས་དྲུང་མཆོག་ནས་ཕྱག་ལས་ཧུར་ཐག་གནང་སོང་། འཛིན་སྐྱོང་གི་ལས་དོན་གཅིག་པུ་མ་རེད། ང་ཚོའི་ལས་རིམ་གསར་ཤོག་རེད། དུས་དེབ་ཁག་རེད། དེ་ཚོ་ཞུ་དག་གནང་རྒྱུ་དང་མང་པོ་ཞེ་པོ་ཞིག་ལ་འགན་ཁུར་ཞུས་སོང་། དེ་ག་ནང་བཞིན་དྲུང་འཕར་གཉིས་རེད། འབྲེལ་ཡོད་ཀྱི་ལས་བྱེད་གལ་ཆེན་པོ་མང་པོ་ཞིག་ཡོད། དེ་ཚོ་ཚང་མ་ལ་ཚོགས་གཙོ་གཉིས་ཀྱི་ཐོག་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། གལ་ཆེན་པོ་ཡིན་དུས་ཁ་སེང་ལས་བྱེད་ཀྱི་ཚོགས་འདུའི་སྐབས་སུ་དམིགས་བསལ་དྲན་སྐུལ་ཞུས་ཡོད། གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་འོས་བསྡུ་བྱས་ནས་ཡར་ཡོང་གི་ཡོད་རེད། ལས་བྱེད་དེ་ཚོ་ཡིག་ཚད་བཏང་ནས་ཡར་ཡོང་གི་ཡོད་རེད། ཡར་སླེབས་ཚར་རྗེས་མི་དེ་སྤྱི་མི་ཆགས་འགྲོ་ཡི་རེད། ལས་དོན་དེ་བོད་བསྟན་སྲིད་ལ་ཞབས་འདེགས་ཞུ་ཐུབ་དགོས་པ་དེ་ང་ཚོའི་ལས་འགན་རེད་པཱ། ཀུན་སློང་དང་བསམ་བློའི་འཁྱེར་སྟངས་དེ་ཚོའི་གྲས་དེ་དུས་རྒྱུན་དུ་ནས་ཉར་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། སོ་སོའི་ཚོར་བ་དང་མཐུན་མིན་གྱི་ཐོག་ནས་རྒྱུ་མཚན་བཤད་སྡོད་པ་ཡིན་ན་དེ་ཡོང་ཆོག་པ་ཞིག་རེད་དེ། ཡིན་ནའང་གཞི་རྩའི་ལྟ་གྲུབ་དང་དམིགས་ཡུལ་དེ་ང་ཚོས་མ་འགལ་བ་ཞིག་དགོས་ཀྱི་ཡོད་རེད་པཱ། གཞི་རྩའི་ལྟ་གྲུབ་དང་དམིགས་ཡུལ་དང་འགལ་སོང་བ་ཡིན་ན་དེའི་ངོ་བོ་དེ་བརླག་རྒྱུ་དེ་ལས་སླ་པོ་ཞེ་པོ་ཞིག་ཆགས་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོའི་གཞི་རྩའི་ལྟ་གྲུབ་དེ་བོད་བསྟན་སྲིད་སྤྱི་ལ་ཕན་ཐོགས་ཐུབ་དགོས་པའི་དགོངས་པ་བཞེས་རྒྱུ་དང་ལས་དོན་རྩོམ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་རེད་བཞག་བསམ་ནས་དེ་ཞུས་ཡིན། དེ་ཡིན་དུས་དེ་རིང་བསྐྱར་དུ་ཚོགས་དྲུང་ལས་ཁུངས་ཀྱི་འབྲེལ་ཡོད་ཚོགས་དྲུང་གཙོས་པའི་དྲུང་འཕར་རྣམ་པ་གཉིས་དང་། འབྲེལ་ཡོད་ལས་བྱེད་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཚན་པ་རེད། དེ་ག་ནང་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཀྱི་ཐོག་སྔ་དགོང་གི་སྲུང་བྱ་རེད། དེ་ག་ནང་བཞིན་ནང་སྲིད་ཀྱི་གློག་གི་ལས་བྱེད་རེད། འབྲེལ་ཡོད་ཚང་མ་ལ་གྲོས་ཚོགས་རིམ་པའི་སྐབས་སུ་རེད། དེ་རིང་གྲོས་ཚོགས་འདིའི་ཐོག་ལ་དམིགས་བསལ་མཐུན་འགྱུར་ཡག་པོ་སྦྱར་སོང་། དེ་ཡིན་དུས་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་བསྡོམས་དེེར། ཆོས་ཕྱོགས་ནས་ཞུས་པ་ཡིན་ན་ལས་དང་སྨོན་ལམ་ཟེར་བ་ཞིག་རེད། ང་ཚོ་ཚང་མ་ཐུན་མོང་གི་ཐོག་ནས་ལས་དང་འབྲེལ་བའི་ཆ་ནས་མཉམ་ལས་བྱ་རྒྱུའི་གོ་སྐབས་བྱུང་བ་རེད། དེ་ཡང་ང་ཚོར་བོད་སྤྱི་པའི་ཆེད་དུ་མཉམ་ལས་བྱ་རྒྱུའི་གོ་སྐབས་བྱུང་བ་ཡིན་དུས་དམིགས་བསལ་གྱིས་བསྐལ་བ་བཟང་པོ་རེད་བསམ་གྱི་ཡོད། དེའི་ཐོག་ནས་སོ་སོའི་ངོས་ནས་ཀྱང་དེ་ལ་དགའ་བ་སྒོམ་དགོས་པ་གཅིག་དང་། དེ་ནས་གྲོས་ཚོགས་ནང་ལ་གྲོས་ཚོགས་འཐུས་མི་རེད། འཛིན་སྐྱོང་རེད། རིགས་གཅིག་བསྐྱར་དུ་ཕེབས་ཀྱི་ཡོད་རེད། རིགས་གཅིག་བསྐྱར་དུ་ཕེབས་མ་ཐུབ་པ་དེ་འདྲ་ཡོང་གི་ཡོད་རེད། རྣམ་པ་ཚོ་བསྐྱར་དུ་ཕེབས་མཁན་ཡིན་ནའང་འདྲ། བསྐྱར་དུ་མ་ཕེབས་མཁན་ཡིན་ནའང་འདྲ། ང་ཚོའི་འདས་པའི་ལོའི་ནང་ལ་ཚང་མས་ཧུར་ཐག་གནང་སོང་བས་ཚང་མར་ཚོགས་གཙོ་གཉིས་ཀྱི་ངོས་ནས་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་ང་ཚོའི་བཙན་བྱོལ་གྱི་གནས་བབ་ཟེར་ན་མི་འདུག བོད་མི་རིགས་ཀྱི་གནས་བབ་དེ་ཉག་ཕྲ་བའི་དུས་ཚོད་ཅིག་ལ་སླེབས་བསྡད་ཡོད་རེད། ཚང་མས་སྤྱི་པའི་ལས་དོན་དང་སྤྱི་སེམས་དེར་ཏོག་ཙམ་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྒེར་གྱི་དམིགས་ཡུལ་དེ་ཏོག་ཙམ་ཐག་རིང་ཙམ་བཞག སྤྱི་པའི་ལས་དོན་ཐོག་ལ་ཚང་མས་ཧུར་ཐག་གནང་ཐུབ་པ་ཡིན་ན་ཏན་ཏན་ང་ཚོར་གོ་སྐབས་ཡོད་ཡོད་པ་རེད། ཉི་མ་དེ་སྤྲིན་པའི་འོག་ནས་དྭངས་རྒྱུའི་དུས་ཤིག་ཡོད་ཡོད་པ་རེད། ཉི་མ་སྤྲིན་པའི་འོག་ལ་རྟག་པར་ཆུ་ཚོད་ཉི་ཤུ་རྩ་བཞི་བསྡད་ཀྱི་མ་རེད་པཱ། དེ་ནང་བཞིན་ང་རང་ཚོའི་བདེ་དོན་འཐབ་རྩོད་ཡིན་ནའང་དེ་ལྟ་བུའི་གོ་སྐབས་ཤིག་ཡོད་ཡོད་པ་རེད། དེ་ཡིན་དུས་ང་རང་ཚོའི་ངོས་ནས་སེམས་ཤུགས་མ་ཆག་པའི་སྒོ་ནས་གདེང་ཚོད་ལྡན་པའི་ཐོག་ནས་ཕྱག་ལས་ཧུར་ཐག་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། དེ་ག་ནང་བཞིན་བོད་ཀྱི་ཆོས་རིག་དར་རྒྱས་ཡུན་གནས་ཡོང་རྒྱུ་དང་། དེ་བཞིན་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་།།