
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་པ་ཚོགས་གནང་ཞིང་། སྐབས་དེར་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། དེའི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་བཅས་བརྗོད་པ་གཉིས་པའི་ཐོག་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

དེ་ཉིན་ཁྲིམས་བཟོའི་ལས་དོན་ཐོག ཡིག་ཆ་ཨང་ ༡༢ ཁ བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་བཟོའི་ཁྲིམས་འཆར་ཐོག ཡིག་ཆ་ཨང་ ༢༣ གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཞིག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྙན་སྒྲོན་གནང་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་རྗེས་ཡིག་ཆ་ཨང་ ༡༢ ཁ བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་བཟོའི་ཁྲིམས་འཆར་དང་། ཡིག་ཆ་ཨང་ ༢༣ གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གཉིས་ཀྱི་ཐོག་དོན་ཚན་རེ་རེ་བཞིན་བརྗོད་པ་གཉིས་པའི་ཐོག་ནས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་སྦྲགས། དོན་ཚན་དང་པོ། དོན་ཚན་ལྔ་པ། དོན་ཚན་དྲུག་པ། དོན་ཚན་བརྒྱད་པའི་ནང་གསེས་ ༢ དང་། ༣། ༦། ༧། ༩། ༡༠། ༡༡། ༡༤ དོན་ཚན་དགུ་པའི་ནང་གསེས་ ༡ དང་། ནང་གསེས་ ༢ པའི་ཀ༽ ཁ༽ ག༽ དོན་ཚན་བཅུ་པའི་ནང་གསེས་ ༡ དང་། ༢། ༣། དོན་ཚན་བཅུ་གཅིག་པ། དོན་ཚན་བཅུ་གཉིས་པ། དོན་ཚན་བཅུ་གསུམ་པ། དོན་ཚན་བཅུ་བཞི་པ། དོན་ཚན་བཅོ་ལྔ་པ། དོན་ཚན་བཅུ་དྲུག་པ། དོན་ཚན་བཅུ་བདུན་པའི་ནང་གསེས་ ༡། ༢། ༣། ༤། ༥ དོན་ཚན་བཅོ་བརྒྱད་པ། དོན་ཚན་བཅུ་དགུ་པ། དོན་ཚན་ཉི་ཤུ་པ། དོན་ཚན་ཉེར་གཅིག་པ་བཅས་གྲོས་ཚོགས་ནས་མང་མོས་ཀྱིས་གཏན་འབེབས་དང་། དོན་ཚན་གཉིས་པ་དང་། དོན་ཚན་གསུམ་པ། དོན་ཚན་བརྒྱད་པའི་ནང་གསེས་ ༡ དང་། ༤། ༥། ༨། ༡༢། ༡༣ དོན་ཚན་དགུ་པའི་ནང་གསེས་ ༢ པའི་ང༽ དང་། ནང་གསེས་ ༣ དང་ ༤ གསར་འཇུག དོན་ཚན་བཅུ་བདུན་པའི་ནང་གསེས་ ༦ དང་། ༧ གསར་འཇུག དོན་ཚན་ཉེར་གཉེས་པ་གསར་འཇུག དོན་ཚན་ཉེར་གསུམ་པ་བཅས་ཀྱི་ཐོག་བསྐྱར་བཅོས་ཁྲིམས་འཆར་གྲོས་ཚོགས་ནས་མང་མོས་ཀྱིས་གཏན་འབེབས། དོན་ཚན་བཞི་པའི་ཐོག་ཡིག་ཆ་ཨང་ ༢༣ ཀ སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་སྒྲིག་གཞི་བཟོ་བཅོས་ཁྲིམས་འཆར་སྙན་སྒྲོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས། དོན་ཚན་བདུན་པའི་ཐོག་ཡིག་ཆ་ཨང་ ༢༣ ཁ སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་སྒྲིག་གཞི་བཟོ་བཅོས་ཁྲིམས་འཆར་སྙན་སྒྲོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་གྲོས་ཚོགས་ནས་མང་མོས་ཀྱིས་གཏན་འབེབས་དང་། དེ་བཞིན་ཟུར་འཛར་ཁག་གྲོས་ཚོགས་ནས་མང་མོས་ཀྱིས་གཏན་འབེབས་གནང་སོང་།

གཞི་རྩའི་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བདེ་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདིའི་ནང་སྔོན་འགྲོ་དང་། བོད་ཀྱི་རྒྱལ་དར་གྱི་སྤྱི་བཤད། བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས། བོད་ཀྱི་རྒྱལ་རྟགས་ཀྱི་སྤྱི་བཤད། བོད་ཀྱི་རྒྱལ་གླུ་བཅས་ལེའུ་དྲུག་དང་། ནང་གསེས་དོན་ཚན་ཉི་ཤུ་རྩ་གསུམ་ཡོད་པ་བཅས།
