
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༢༥ ཉིན་སུད་སི་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་བསལ་ཚོགས་ཆེན་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག
དེ་ཡང་ཚོགས་ཆེན་ཐོག་དམིགས་བསལ་སྐུ་མགྲོན་ཕྱོགས་བཞུགས་སྤྱི་འཐུས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་མང་ཚོགས་ལ་ངོ་སྤྲོད་གསུང་བཤད་གནང་ཡོད་འདུག་པ་བཅས།




