སི་པེན་གྲོས་ཚོགས་སོགས་ཀྱི་མི་སྣར་འབྲེལ་མོལ་ཞུས་པ་བཞིན་བོད་དོན་རྒྱབ་སྐྱོར་གང་ལེགས་ཐོབ་པ།

 

བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་གིས་ཟླ་འདིའི་ཕྱི་ཚེས་  ༡  ཉིན་སི་པན་གྲོང་

ཁྱེར་བྷསི་ལོ་ནའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nuria De Gispert མཆོག་དང་།   ཕྱི་དྲིལ་ལས་

ཁུངས་ཀྱི་མི་སྣ།   དེ་བཞིན་ཡུ་རོབ་མཉམ་འབྲེལ་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་

གནས་སྟངས་སྐོར་དང་།   བོད་ནང་རང་ལུས་མེར་སྲེག་གནང་མཁན་རྣམ་པའི་མངོན་འདོད་གང་ཡིན།

བོད་མིའི་སྒྲིག་འཛུགས་དང་།   སྤྱི་འཐུས་ལྷན་ཁང་ནས་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་གང་ཡིན་

བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་ཟབ་རྒྱས་གནང་ཡོད་པ་མ་ཟད།   དྲི་བ་གནང་ཁག་ལ་ལན་འདེབས་

ཀྱང་གནང་ཡོད་པ་རེད།   ཚོགས་གཙོ་ Nuria De Gispert མཆོག་དང་གྲོས་ཚོགས་འཐུས་མི་ཡོངས་

ནས་བོད་ཀྱི་དཀའ་ངལ་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་།   བདེན་པ་ར་འཕྲོད་

ཡོང་ཕྱིར་རྒྱབ་སྐྱོར་གང་ཡོང་ཞུ་རྒྱུ་དང་།   དབུས་མའི་ལམ་གྱི་ཐབས་ལམ་ལ་ཡིད་ཆེས་དང་བསྔགས་

བརྗོད་ཡོད་སྐོར་གསུངས་ཡོད་པ་མ་ཟད།   ཚོགས་མི་ཡོངས་ནས་རྒྱབ་སྐྱོར་ཡོང་བའི་ཐབས་ཤེས་ཞུ་རྒྱུའི་

གྲོས་ཆོད་ཁག་ཅིག་ཀྱང་བཞག་ཡོད་པ་རྣམས་ནི།

 

དང་པོ།     ཁ་ཏ་ལུན་ཡའི་གྲོས་ཚོགས་ནང་བོད་དོན་ཆེད་ Intergroup ཞིག་བཟོ་རྒྱུ་དང་།

 

གཉིས་པ།   གྲོས་ཚོགས་འཐུས་མི་ཁག་ཅིག་དྷ་རམ་ས་ལར་བོད་མའི་སྒྲིག་འཛུགས་དང་།   གྲོས་ཚོགས།

རིག གཞུང་ལྟེ་གནས་ཁག བཙོན་ཟུར་སོགས་ལ་ལྟ་སྐོར་དང་གླེང་མོལ་ཞུ་བར་བཅར་རྒྱུ་དང་།   དེའི་

སྐབས་སུ་༸གོང་ས་མཆོག་དང་མཇལ་འཕྲད་གནང་འབད་ཞུ་རྒྱུ།

 

གསུམ་པ།  ཁ་ཏ་ལུན་ཡའི་གྲོས་ཚོགས་ནས་བོད་ཀྱི་རྩ་དོན་ཆེད་གྲོས་ཆོད་གྲོས་འཆར་ཞིག་ལ་རྒྱབ་སྐྱོར་

ཐོབ་ཐབས་གནང་རྒྱུ་ཡིན་འདུག