༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༧ ཉིན་བྷོ་སོ་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཀུ་རུ་ཀུལླའི་ཆོས་ཚོགས་ཐུན་མོང་གི་གོ་སྒྲིག་འོག སྐུ་མགྲོན་གྱི་གཙོ་བོ་ས་གནས་རྫོང་དཔོན་བྷེ་རེ་ནཱ་ ལུང་གྷུ་ ཀོ་ཨིན་ (Mayor Breanna Lungo-Koehn) མཆོག་དང་། མངའ་སྡེའི་སྐུ་ཚབ་པོལ་ ཇེ་ ཌོ་ན་ཊོ་ (Paul J. Donato) མཆོག མངའ་སྡེའི་སྐུ་ཚབ་ཊེཀ་ཀྱེ་ ཅན་ (Tackey Chan) མཆོག བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག སྲིད་ཟུར་བློ་བཟང་སེང་གེ་མཆོག གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་དཔོན་རིགས་གནད་ཡོད་མི་སྣ་ཁག་དང་། ཆོས་ལུགས་ཆེ་ཁག་ཡེ་ཤུ་དང་། ཁ་ཆེ། ཧིན་དུ། སིག བདག་ཅག་གི་སྟོན་པའི་རྗེས་འཇུག་པ། གཞན་སྐུ་མགྲོན་བཅས་མི་མང་བརྒྱ་ཕྲག་ཁ་ཤས་ལྷན་འཛོམས་ཐོག་ས་ག་ཟླ་བའི་དུས་ཆེན་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་འབྲེལ། མགོན་པོ་༧གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ཚན་ཆོས་ལུགས་མཐུན་འབྲེལ་སོགས་ཀྱི་དགོངས་གཞི་ལ་དམིགས་ནས་སྲུང་བརྩི་ཞུས་གནང་འདུག་པ་བཅས།