རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཆེས་མཐོའི་ལྷན་ཁང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་ལ་སྐུལ་འདེབས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཆེས་མཐོའི་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ན་ཝེ་པེལ་ལེ་ Navi Piilay མཆོག་གི་མགྲིན་ཚབ་པ་ལྕམ་ར་ཝེ་ན་ཤམ་ད་ས་ནི་ Ravina Shamdasani ཡིས་རེས་གཟའ་མིག་དམར་ཉིན་འཇི་ནི་ཝར་གསར་འགོད་ལྷན་ཚོགས་སྐབས། བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཆེས་མཐོའི་ལྷན་ཁང་གིས་རྒྱ་གཞུང་ལ་འགན་འཁུར་ལེན་དགོས་པའི་འབོད་སྐུལ་གནང་འདུག

རེའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཆེས་མཐོའི་ལྷན་ཁང་གི་ཚོགས་གཙོའི་མགྲིན་ཚབ་པས། ད་ལྟའི་བོད་ནང་གི་ཡ་ང་བའི་གནས་སྟངས་དང་། བོད་མི་རྐྱེན་འདས་སོང་བར་བློ་ཕམ་དང་། རྒྱ་གཞུང་ལ་དོན་རྐྱེན་ཞི་འཇགས་ཡོང་རྒྱུར་སྐུལ་མ་གནང་འདུག་ཅིང་།

མགྲིན་ཚབ་པས། ང་ཚོས་རྒྱ་གཞུང་ལ་ད་ལྟའི་གནས་སྟངས་ཞི་འཇགས་དང་། དོན་རྐྱེན་འདི་རིགས་མུ་མཐུད་མ་ཡོང་བའི་སྔོན་འགོག་བྱེད་དགོས་ཞེས་སོགས་གསུངས་ཡོད་པ་དང་། དེའི་གོང་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་དམིགས་བསལ་སྐུ་ཚབ་ཁག་དྲུག་གིས་ཐུན་མོང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱ་གཞུང་ལ་ཉེན་བརྡ་བཏང་ཡོད་པ་དང་། དེའི་ཞིབ་ཕྲའི་གནས་ཚུལ་རྣམས་དྲ་ངོས་ http://154.35.130.75.org/index.php?option=com_content&view=article&id=541:2011-11-02-06-28-49&catid=72:2011-02-16-06-10-47&Itemid=173 འདི་ནས་གཟིགས་ཐུབ།