རྒྱ་གར་བྱང་ཤར་མངའ་སྡེ་ཊི་རི་པུ་ར་ (Tripura) ཡི་བློན་ཆེན་གྲོས་ཚོགས་སུ་ཕེབས་པ།

༄༅། །རྒྱ་གར་བྱང་ཤར་མངའ་སྡེ་ཊི་རི་པུ་རའི་ Home (Jail, Fire Service and Emergency), OBC Welfare, Minorities Welfare and Cooperation བློན་ཆེན་སྐུ་ཞབས་རམ། པྲ་སཌ། པོལ་ (Mr. Ram Prasad Paul) མཆོག་བཞུགས་སྒར་དུ་ཕེབས་ཡོད་པ་བཞིན། བོད་དོན་རྒྱབ་སྐྱོར་ཚོགས་པ་ Core Group for Tibetan Cause ཡི་ Northern Regional Convener སྐུ་ཞབས་རི་ཤི་ཝ་ལི་ཡ་ (Rishi Walia) མཉམ་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་སུ་གཟིགས་བསྐོར་དུ་ཕེབས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྣེ་ཤན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་དེ་རིང་སྔ་དྲོ་ཚོུད་ ༡༠།༠༠ ཐོག་འཚམས་གཟིགས་སུ་ཕེབས་པ་དང་། སྤྱི་འཐུས་རྒྱུན་ལས་ནས་ཕེབས་བསུ་སྣེ་ལེན་ཞུས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་གདན་འདྲེན་ཞུས། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐོར་ངོ་སྤྲོད་གནང་། དེ་རྗེས་སྐུ་མགྲོན་མཆོག་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་ནང་གསོལ་ཇ་འདེགས་འབུལ་དང་སྦྲགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་སྤྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོ་སྤྲོད་གནང་བ་དང་། དེ་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་སོགས་ངོ་སྤྲོད་གནང་། སྐབས་དེར་སྐུ་མགྲོན་མཆོག་གི་དྲི་བ་ལ་སྤྱི་འཐུས་རྒྱུན་ལས་ནས་ལན་འདེབས་གསལ་བཤད་གནང་བ་དང་། དེ་ཡང་བོད་རྒྱ་ཞི་མོལ་སྐོར་བཀའ་བསྡུར་བྱུང་ནས་བོད་རྒྱ་ཞི་མོལ་སླར་གསོའི་ཆེད་ནུས་པ་གང་ཐུབ་གནང་གི་ཡོད་པ་སོགས་གསལ་བཤད་གནང་ནས་སྐུ་མགྲོན་མཆོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་ཕྱག་རྟགས་གནང་བ་བཅས་ཀྱི་གནས་ཚུལ་དུ། །