
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༡ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱིས་ཤྲཱི་ལི་གུ་རིའི་གནམ་ཐང་དུ་འབྱོར་སྐབས། སྒང་ཏོག་ས་གནས་འགོ་འཛིན་སྐུ་ངོ་སྦྱིན་པ་ཕུན་ཚོགས་ལགས་དང་། སྒང་ཏོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དབང་ཕྱུག་ལགས་རྣམ་གཉིས་ནས་ཕེབས་བསུ་གནང་སྟེ། ཉིན་རྒྱབ་རྒྱལ་ས་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་ཕེབས་འབྱོར་སྐབས། སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ལས་བྱེད། གུ་རུ་ལྷ་ཁང་གི་སྐུ་ཚབ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག དབུས་གཙང་། མདོ་སྨད་བཅས་ཀྱི་ཚོགས་པ་ཁག་གི་སྐུ་ཚབ། བོད་ཀྱི་གསོལ་མགྲོན་ཁང་གི་ལས་བྱེད་རྣམ་པ་བཅས་ནས་ཕེབས་བསུའི་མཇལ་དར་སྒྲོན་འབུལ་དང་། གསོལ་ཇ་ལྷན་བཞེས་ཀྱིས་སྣེ་ལེན་གནང་ཡོད་པ་མ་ཟད། སང་ཉིན་སྟེ་འདི་ཟླའི་ཕྱི་ཚེས་ ༡༢ ནས་ ༡༦ བར་སྒང་ཏོག་ས་འགོའི་ཁྱབ་ཁོངས་སུ་གཞུང་འབྲེལ་ལས་རིམ་བསྐྱང་གཏན་ཁེལ་ཡོད་པ་བཅས།

