རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཇ་མུ་ཀ་ཤི་མིར་རྒྱལ་ས་ཤྲི་ན་གར་དུ་འབྱོར་བ།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཇ་མུ་ཀ་ཤི་མིར་རྒྱལ་ས་ཤྲི་ན་གར་དུ་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཇ་མུ་ཀ་ཤི་མིར་རྒྱལ་ས་ཤྲི་ན་གར་དུ་འབྱོར་བ།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཇ་མུ་ཀ་ཤི་མིར་རྒྱལ་ས་ཤྲི་ན་གར་དུ་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཇ་མུ་ཀ་ཤི་མིར་རྒྱལ་ས་ཤྲི་ན་གར་དུ་འབྱོར་བ།དེ་ཡང་ལ་སྤྱི་ལས་ཁང་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་དེ་བཞིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་འཁྲུངས་སྐར་དུས་ཆེན་ཉིན་ལ་དྭགས་རང་སྐྱོང་གི་སྤྱི་ཁྱབ་པ་སྐུ་ཞབས་རིག་འཛིན་དཔལ་འབྱོར་མཆོག་ནས་དབུ་འབྱེད་གནང་ཞིང་དེ་ཉིན་ནས་ཉིན་དྲུག་གི་རིང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་ས་རྟགས་བསྡུ་རུབ་གནང་བར་ས་རྟགས་བསྡོམས་ ༤༡༠༠།༠༠ ཐམ་པ་བྱུང་འདུག་པ་དང་། ས་རྟགས་འགོད་མཁན་ནི་ལ་དྭགས་ཡུལ་མི་གཙོ་བོར་གྱུར་པའི་ཐོག་ཨ་རི་དང་། ཨོ་སི་ཀྲི་ལི་ཡ། ཕ་རན་སི། ཇར་མ་ནི། སུད་སི། ཧངྒ་རི། ཨི་སི་རལ། ཐའི་ལེནྜ། ཅེག་སྤྱི་མཐུན། ཉི་འོང་། ཀོ་རི་ཡ། ཕིན་ལེནྜ། ཨིང་ལེནྜ། བལ་ཡུལ། ནིའུ་ཛེ་ལེནྜ་བཅས་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་འདུག ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢ དགོང་དྲོ་ཆུ་ཚོད་ ༥ པ་ཙམ་ནས་སླེ་ཁུལ་དུ་མཇུག་བསྒྲིལ་གྱིས་ཀར་གྷིལ་ཕྱོགས་སུ་བདེན་པའི་མེ་ལྕེའི་འགན་འཁུར་བྱེད་པོ་ས་འཐུས་ཚོགས་གཞོན་ཆུང་གྲགས་ལགས་དང་། མཉམ་འབྲེལ་དྲུང་ཆེ། བརྒྱ་ཤོག་བདུན་པའི་བརྒྱ་དཔོན་བཅས་ཕྱོགས་ཐོན་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་ཀར་གྷིལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། ཚེས་ ༡༦  ཉིན་ཤྲི་ན་གར་བོད་རིགས་ཁ་ཆེ་དང་བོད་པ་སུད་ཚོང་འདུ་ཚོགས་སུ་ས་འཐུས་ཚོགས་གཞོན་ནས་ངོ་སྤྲོད་འགྲེལ་བརྗོད་དང་བཅས་རྩིས་སྤྲོད་གནང་འདུག  ཚེས་ ༡༩ ཉིན་ཤྲི་ན་གར་མི་འཐུས་ནས་པ་ཋན་ཀོ་ཊ་དུ་ཌལ་ཧོར་ས་གནས་ལ་རྩིས་སྤྲོད་གནང་རྒྱུ་ཡིན་པ་བཅས་ཀྱི་གསར་གནས་སུ།
བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཇ་མུ་ཀ་ཤི་མིར་རྒྱལ་ས་ཤྲི་ན་གར་དུ་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཇ་མུ་ཀ་ཤི་མིར་རྒྱལ་ས་ཤྲི་ན་གར་དུ་འབྱོར་བ།