རྒྱ་གར་གློག་བརྙན་བཟོ་བསྐྲུན་པ་ཞིག་གིས་བོད་ཀྱི་ཟློས་གར་ཚོགས་པ་དང་ཟུང་སྦྲེལ་ཐོག་རྒྱ་གར་གྲགས་ཅན་གློག་བརྙན་ཞིག་གི་གླུ་གཞས་འཁྲབ་སྟོན་གསར་བཟོ་གནང་བ་ཞིག་གཟིགས་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་དུ་ཕེབས་པ།

༄༅། ། རྒྱ་གར་གྱི་གློག་བརྙན་གྲགས་ཅན་ཤོ་ལེ་ (Sholay) ཞེས་པ་འཁྲབ་ཁྲིད་འགྲེམས་སྤེལ་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩི་སླད། ཕྱི་ལོ་ ༢༠༢༥ ཟླ་ ༨ པའི་ཚེས་ ༡༤ ཉིན་རྒྱ་གར་གློག་བརྙན་བཟོ་བསྐྲུན་པ་སྐུ་ཞབས་རཱ་མཱན་ སི་དྷར་ཐི་ (Raman Siddharth) ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པ་དང་ཟུང་སྦྲེལ་ཐོག གློག་བརྙན་དེའི་གླུ་གཞས་འཁྲབ་སྟོན་གསར་བཟོ་གནང་བ་ཞིག་རྡ་ཤོད་གྷོལ་ཊི་གློག་བརྙན་ཁང་ (Gold Cinema) དུ་གཟིགས་འབུལ་ཞུས་གནང་སོང་།

སྐབས་དེའི་གླུ་གཞས་འཁྲབ་སྟོན་གཟིགས་འབུལ་མཛད་སྒོའི་ཐོག་ཀངྒ་ར་རྫོང་དཔོན་ སྐུ་ཞབས་ཧིམ་རཇ་ བྷེར་ཝ་ (Shri Hemraj Bairwa, Deputy Commissioner (DC) of Kangra) མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་ས་གནས་རྒྱ་གར་གྱི་གནད་ཡོད་མི་སྣ་སོགས་ཕེབས་འདུག

རྒྱ་གར་གློག་བརྙན་བཟོ་བསྐྲུན་པ་སྐུ་ཞབས་རཱ་མཱན་ སི་དྷར་ཐི་ (Raman Siddharth) ལགས་ཀྱིས་བརྩམས་པའི་ལས་གཞི་འདིས། བོད་དང་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་ཆེ་བསྟོད་དང་། ལྷག་པར་དུ་བོད་པའི་རིག་གཞུང་འཛམ་གླིང་གི་སྡིངས་ཆའི་ཐོག་དར་སྤེལ་གཏོང་རྒྱུའི་དམིགས་ཡུལ་ཡོད་སྐོར་གསུངས་ཡོད་པ་བཅས།