རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་དང་བློན་ཆེན་བཅས་མཇལ་འཕྲད་ཀྱིས་བོད་དོན་ཞུ་འབོད་གནང་བ།

 ཕྱི་ལོ་༢༠༡༦ ཟླ་ ༡༡ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་དང་བློན་ཆེན་ཁག་མཇལ་འཕྲད་གནང་བཞིན་པ་ལྟར་ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༨ མུ་མཐུད་གྲོས་ཚོགས་འོག་མའི་མཐུས་མི་ Shri Dharambir Singh མཆོག་གཙོས་པའི་འཐུས་མི་ཁག་གཅིག་དང་ཆབ་སྲིད་ཚོགས་པ་གྲགས་ཅན་ J.D.U དང་། B.J.P ཚོགས་པ་གཉིས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཅས་མཇལ་འཕྲད་བགྱིས་ཏེ་སྔར་བཞིན་བོད་ཀྱི་ཁོར་ཡུག་དང་བོད་ནང་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་ཞུས། ཕྱི་ཚེས་ ༢༨ ཉིན་རྒྱ་གར་དབུས་གཞུང་གི་བདེ་སྲུང་བློན་ཆེན་ཟུར་པ་ད་ལྟ་གྲོས་ཚོགས་གོང་མའི་འཐུས་མི་ A.K Anthony མཆོག་གིས་གཙོས་པའི་འཐུས་མི་བདུན་ཙམ་མཇལ་འཕྲད་བྱས་ནས་ཐེངས་འདིའི་གྲོས་ཚོགས་འཐུས་མིའི་མཇལ་འཕྲད་ཀྱི་ལས་རིམ་ལེགས་གྲུབ་ཟིན། སྐབས་འདིའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱི་ལས་རིམ་ནང་དེ་སྔོན་མཇལ་འཕྲད་གནང་མ་མྱོང་བ་ཁྱོན་མངའ་སྡེ་ཁག ༡༨ ནང་ནས་ཕེབས་པའི་སྲིད་དོན་ཚོགས་པ་ཆེ་ཁག་བཅིུག་གི་གྲོས་ཚོགས་གོང་འོག་གི་འཐུས་མི་བཞི་བཅུ་ལྷག་དང་། དབུས་གཞུང་གི་བློན་ཆེན་གསུམ་ཙམ་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་དང་། ཁོར་ཡུག་གཏོར་བཤིག་སོགས་ཀྱི་སྐོར་འཁོད་པའི་ཡིག་ཆ་ཁག་གསུམ་ཙམ་མཇལ་འཕྲད་གནང་མཁན་ཚང་མའི་ཕྱག་ཏུ་ཕུལ་ཡོད་པ་དང་། གྲོས་ཚོགས་འཐུས་མི་དང་བློན་ཆེན་རྣམས་ཀྱིས་ཡིག་ཆ་ཁག་ལ་ལྟ་ཀློག་དང་གཟིགས་ཞིབ་གནང་ཞིང་། སླད་ནས་མུ་མཐུད་ལམ་སྟོན་དང་རྒྱབ་སྐྱོར་ཡོད་པ་མ་ཟད་གྲོས་ཚོགས་ནང་གླེང་སློང་གནང་རྒྱུ་དང་། འཐུས་མི་སོ་སོས་སྲིད་འཛིན་དང་སྲིད་བློན་སོགས་ཀྱི་མཚན་ཐོག་ལ་ཡང་སྙན་ཞུ་འབུལ་རྒྱུའི་ཞལ་བཞེས་གནང་ཡོད་འདུག

 

[envira-gallery id=”13219″]