རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ལས་འགུལ་ཉིན་གསུམ་པ།

༄༅། ། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༦ ཉིན་གུང་རྒྱ་གར་ (AAP) སྲིད་དོན་ཚོགས་པའི་ཁོངས་ནས་ཡིན་པའི་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཤིལ་ ཀུ་མར་ གུབ་ཏ་ (Shri. Sushil Kumar Gupta, MP Rajya Sabha) མཆོག་དང་། རྒྱ་གར་དབུས་གྲོས་ཚོགས་འོག་མའི་འབྲས་ལྗོངས་ཁོངས་ཀྱི་འཐུས་མི་སྐུ་ཞབས་ཨིནྡྲ་ ཧཱངྒ་ སུ་བྷ་ (Shri. Indra Hang Subba, SKM MP Lok Sabha) མཆོག ཉིན་རྒྱབ་རྒྱ་གར་ཨིན་ སི་ པི་སྲིད་དོན་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ཨེ་སི་ ཨར་ ཀོ་ཧ་ལི་ (Shri S. R. Kohli National General Secretary, NCP Administration) མཆོག ཕྱི་དྲོ་རྒྱ་གར་དབུས་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་དང་། རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཨར་ ཨེ་སི་ ཨེ་སི་ཚོགས་པའི་རྒྱུན་ལས་འབུམ་རམས་པ་རམ་ མཱ་དེབ་ (Dr. Ram Madhav, RSS National Executive Member) མཆོག་བཅས་དང་ལྷན་རིམ་པའ་མཇལ་འཕྲད་གནང་ཡོད་འདུག

མཇལ་འཕྲད་སྐབས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་མཉམ་བཅར་ཞུས་ཡོད་པ་བཅས།