རྒྱ་གར་གཞུང་གི་ནུས་ཤུགས་བློན་ཆེན་ཟུར་པ་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ལ་གསོལ་སྟོན་ཞིག་བཤམས་ཡོད་པ་རེད།

རྒྱ་གར་གཞུང་གི་(Energy Minister)ནུས་ཤུགས་བློན་ཆེན་ཟུར་པ་སྐུ་ཞབས་ཝིག་ཀརམ་མཧཱ་ཇན་ (Mr.Vikram Mahajan) མཆོག་ཉེ་ཆར་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༦ པར་ཕེབས་པའི་ཚོགས་མི་ཡོངས་དང་། སྲིད་སྐྱོང་གིས་དབུས་བཀའ་བློན་རྣམ་པ་ལྷན་རྒྱས་བཅས་ལ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་དྷ་སྟེང་མེག་གྷན་( Club House) གསོལ་མགྲོན་དུ་གསོལ་སྟོན་ཞིག་ཏུ་འགྲོན་འབོད་ཞུས་ཡོད་པ་བཞིན། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དབུས་སྤྱི་འཐུས་རྣམ་པ་དང་། དེ་བཞིན་ནང་སྲིད་བཀའ་བློན་དང་། ཕྱི་དྲིལ་བཀའ་བློན་བཅས་ཕེབས་ཡོད་པ་དང་སྦྲགས་རྒྱ་བོད་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ཆུ་ཚོད་གཅིག་ཙམ་གྱི་རིང་ཕན་ཚུན་བསམ་ཚུལ་བརྗེ་ལེན་ཡང་གནང་ཡོད་པ་རེད།