བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཆ་ཏིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་སྤྱི་ཁྱབ་བློན་ཆེན་གཞོན་པ་སོགས་དང་མཇལ་འཕྲད་གནང་བ།

བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཆ་ཏིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་སྤྱི་ཁྱབ་བློན་ཆེན་གཞོན་པ་སོགས་དང་མཇལ་འཕྲད་གནང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་དང་སློབ་ཕྲུག་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་རྣམ་གཉིས་ནས་རྒྱ་གར་ཆ་ཏིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Vishnu Deo Sai མཆོག་ལ་མཇལ་འཕྲད་གནང་ཡོད། མཛལ་འཕྲད་སྐབས་དེ་སྔོན་མན་སྤར་ས་གནས་འགོ་འཛིན་གཡང་མཚོ་ལགས་ཀྱི་ཞུ་འབུལ་དང་འབྲེལ་མན་སྤར་ས་གནས་མི་མང་གི་བདེ་སྡུག་སོགས་སྙན་སེང་ཞུས་གནང་ཡོད་འདུག

དེ་རྗེས་སྤྱི་འཐུས་རྣམ་གཉིས་ནས་ས་གནས་འགོ་འཛིན་གཡང་མཚོ་ལགས་ཀྱིས་གང་ཞུས་པར་རྒྱབ་གནོན་གྱིས་བཙན་བྱོལ་བོད་མིར་མཐུན་བསྐྱོར་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དངོས་སུ་ལག་བསྟར་ཡོང་བར་ནན་བརྗོད་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་དང་བོད་མིའི་གནས་སྟངས་བཅས་ངོ་སྤྲོད་བྱས་ཏེ་སྤྱི་ལྷན་དྲན་རྟེན་ཕྱག་རྟགས་དང་མཇལ་དར་སྒྲོན་འབུལ་ཞུས་འདུག།

དེ་བཞིན་སྤྱི་འཐུས་རྣམ་གཉིས་ནས་ཆ་ཏིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ནང་སྲིད་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ Vijay Sharma མཆོག་ལ་མཇལ་འཕྲད་ཀྱིས་སླར་ཡང་མན་སྤར་ས་གནས་བོད་མི་ཚོར་ཐུགས་ཁུར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་དང་སྦྲགས། བོད་ནང་གི་ཛ་དྲག་གནད་སྟངས་ངོ་སྤྲོད་དང་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཞུས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་མཇལ་དར་སྒྲོན་འབུལ་ཞུས་འདུག།

སྤྱི་འཐུས་རྣམ་གཉིས་ནས་སོ་ནམ་གཙུག་ལག་སློབ་གྲྭའི་ (Indra Gandhi Krishi Vishwavidyalaya) ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Dr. Vivek Tripathi མཆོག་དང་སློབ་དཔོན་སྐུ་ཞབས་ Dr. Ghanshyam Sahu དེ་བཞིན་ཉེ་བའི་རིགས་བདག་སྐུ་ཞབས་ Dr. Girish Chandel བཅས་ལྷན་སོ་ནམ་སྡེ་ཚན་དུ་སྐོར་བསྐྱོད་དང་དམིགས་བསལ་སོ་ནམ་ཉམས་ཞིབ་ཀྱི་ལས་འཆར་འགྲོ་མུས་ཁག་གི་ཐོག་གཟིགས་སྐོར་ཕེབས་རྗེས། སོ་ནམ་གཙུག་ལག་སློབ་གྲྭའི་ཚོགས་འདུ་དང་འབྲེལ་བའི་བྱེད་སྒོའི་བཅས་ལ་མཉམ་ཞུགས་གནང་ཏེ་བོད་དོན་ངོ་སྤྲོད་དང་འགན་འཛིན་རྣམ་པར་མཇལ་དར་སྒྲོན་འབུལ་ཞུསའདུག་པ་བཅས།