བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བེལ་ཇི་ཡམ་དུ་གཞུང་འབྲེལ་ཕྱོགས་ཕེབས།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༢ ནས་ ༢༥ བར་ཉིན་བཞི་རིང་བལ་ཇི་ཡམ་རྒྱལ་ཁབ་ཀྱི་རྒྱལ་ས་བར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཛད་སྒོར་གདན་ཞུས་ལྟར་ཕེབས་འཆར་ཡོད་འདུག ཚོགས་ཆེན་འདི་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བལ་ཇི་ཡམ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གོ་སྒྲིག་ཞུས་གནང་ཡོད་འདུག

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་འདི་ཟླའི་ཚེས་ ༢༠ ཉིན་རྡ་ས་ནས་རྡི་ལིར་ཕེབས་ཐོན་གནང་རྒྱུ་དང་།  ཚེས་ ༢༡ ཉིན་བལ་ཇི་ཡམ་ལ་ཕེབས་རྒྱུ་ཡིན་པ་བཅས།