བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཇ་མུ་ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་མཆོག་སོགས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཇ་མུ་ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་ནིར་མལ་ སིངྒ་ (Dr Nirmal Singh, Former Deputy CM of Jammu & Kashmir) མཆོག

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པ་ཙམ་ལ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ནས་རྒྱ་གར་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་ཇ་མུ་ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་ནིར་མལ་ སིངྒ་ (Dr Nirmal Singh, Former Deputy CM of Jammu & Kashmir) མཆོག་དང་།

ཇ་མུ་ཀ་ཤི་མིར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨར་ ཀེ་ ཀལ་སོ་ཊ་ར་ (R. K. Kalsotra, President, All India Confederation of SC/ST/OBC Organisation, Jammu and Kashimir) མཆོག

ཇ་མུ་ཀ་ཤི་མིར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨར་ ཀེ་ ཀལ་སོ་ཊ་ར་ (R. K. Kalsotra, President, All India Confederation of SC/ST/OBC Organisation, Jammu and Kashimir) མཆོག་རྣམ་གཉིས་དང་མཇལ་འཕྲད་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་སྐོར་ཞུས་གནང་ཡོད་པ་བཅས།