བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐབས་བྱུས་ཚོགས་འདུ་གོ་སྒྲིག་ཞུས་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐབས་བྱུས་ཚོགས་འདུ་གོ་སྒྲིག་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༩ ནས་ ༢༣ བར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐབས་བྱུས་ཚོགས་འདུ་ཞིག་རྒྱལ་ས་ལྡི་ལི་ཉེ་འཁྲིས་སུ་ཧར་ཡ་ན་རུ་གོ་སྒྲིག་ཞུས་ཡོད། ཚོགས་འདུའི་ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་དབུ་ཁྲིད་པའི་ཐོག་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐབས་བྱུས་ཚོགས་འདུ་གོ་སྒྲིག་ཞུས་པ།

དེ་རིང་སྔ་དྲོ་ཚོགས་འདུ་དབུ་འཛུགས་གནང་ནས་དབུ་འབྱེད་མཛད་སྒོའི་སྐབས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཚོགས་འདུ་འདི་ཉིད་གོ་སྒྲིག་ཞུ་བའི་རྒྱུད་རིམ་ངོ་སྤྲོད་དང་། ཚོགས་འདུའི་ཐོག་གནད་ཡོད་མི་སྣ་དང་མཁས་དབང་སོགས་གདན་འདྲེན་ཞུ་ཡོད་པའི་སྐོར་གསུང་གནང་བ་དང་། དེ་བཞིན་ཉིན་གྲངས་ལྔའི་ཚོགས་འདུའི་ལས་རིམ་གང་ཡོད་ངོ་སྤྲོད་གནང་སྟེ་ཚོགས་བཅར་བ་བཀུར་འོས་སྤྱི་འཐུས་རྣམ་པ་ཡོངས་ནས་བློ་རྩེ་གཅིག་སྒྲིམ་གྱིས་མཉམ་རུབ་ངང་ཚོགས་འདུ་ལམ་ལྷོང་ཡོང་བར་འབད་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐབས་བྱུས་ཚོགས་འདུ་གོ་སྒྲིག་ཞུས་པ།

དེ་རིང་ཚོགས་འདུ་འདི་བཞིན་ཨིན་ཡུལ་དང་ Scotland ཡི་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་མར་ག་རེཏ་ཁ་རེན་མཆོག་ནས་འགོ་འཛུགས་ཀྱིས་ཐབས་བྱུས་འཆར་གཞི་དང་། རྒྱལ་སྤྱིའི་ཞུ་གཏུག འབྲེལ་ལམ་ཐབས་བྱུས་ཐོག་ཟབ་ཁྲིད་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་ནས་དོ་སྣང་ཆེན་པོའི་ངང་གོང་གི་བརྗོད་གཞིའི་ཐད་སོ་སོའི་བསམ་ཚུལ་དང་། དོགས་འདྲི་བཅས་ཀྱི་ཐོག་བསམ་ཚུལ་བརྗེ་ལེན་གནང་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐབས་བྱུས་ཚོགས་འདུ་གོ་སྒྲིག་ཞུས་པ།

སང་ཉིན་ནས་ཉིན་བཞིའི་རིང་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་དང་། ཨེ་ཤི་ཡ་རྒྱལ་ཁབ་ནང་ལྷག་པར་དུ་རྒྱ་གར་གྱི་བོད་དོན་ཐད་ལས་འགན་ཐོག དེ་ནས་བོད་ཀྱི་གནད་དོན་དེ་བཞིན་ ASEAN རྒྱལ་ཁབ་ནང་ཁུལ་འབྲེལ་ལམ་སྐོར། རྒྱ་གར་གྲོས་ཚོགས་འཐུས་མིར་ཞུ་གཏུག་ཐོག དེ་བཞིན་རྒྱ་གཞུང་དམག་གི་ཐབས་བྱུས་ཐད་བོད་དང་། རྒྱ་གར། དེ་བཞིན་འཛམ་གླིང་ཡོངས་ལ་རྗེས་འབྲས་སྐོར། རྒྱལ་སྤྱིའི་ནང་བོད་དོན་ཐད་ཀྱི་འོས་བབ་སྐོར། གཤམ་གཤིས་འགྱུར་ལྡོག་གི་ཡུལ་བབ་སྲིད་བྱུས་འཛིན་སྟངས་བཅས་ཀྱི་ཐོག་བསམ་ཚུལ་བརྗེ་ལེན་གནང་རྒྱུ་ཡིན་འདུག་པའི་གནས་ཚུལ་དུ།།