བོད་མི་མང་སྤྱི་འཐུས་རྣམ་པ་ཁག་ཅིག་ཉི་འོང་རྒྱལ་ས་ཊོཀ་ཡོར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢ ནས་ ༦ བར་ཉི་འོང་རྒྱལ་ས་ཊོཀ་ཡོ་ (Tokyo) རུ་གཞུང་འབྲེལ་ལས་དོན་སླད་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡ ཉིན་རྒྱལ་ས་ལྡི་ལི་ནས་ཉི་འོང་རྒྱལ་ས་ཊོཀ་ཡོར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢ ནས་ ༥ བར་ས་གནས་སུ་མཛད་འཆར། ཕྱི་ཟླ་ ༦ པའི་ཚེས་ ༦ ཉིན་ཉི་འོང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།