བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།

བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༢ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་གསུམ་པའི་སྐབས་སྤྱི་འཐུས་རྒྱུན་ལས་གཉིས་གསར་དུ་ཕེབས་པ་ལས་གཞན་རྣམས་རང་འཇགས་བཞུགས་ཡོད། དེ་ཡང་བོད་མི་མང་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། བོད་མི་མང་ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་རྒྱུན་ལས་སུ་གསར་དུ་ཕེབས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་རྒྱུན་ལས་ལ་ཕེབས་པར་འཚམས་འདྲི་ཞུས་གནང་སོང་།

དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༩ ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༨ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་གསུམ་པའི་སྡེ་ཚན་དང་།  སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་ཡོད་པ་ལྟར། སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡ ཉིན་ནས་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་རྒྱུན་ལས་སུ་འཕོ་ལེན་ཞུས་པ་སྡེ་ཚན་ཆ་བགོས་ཞུས་པ་གཤམ་གསལ།

རྒྱུན་འབྲེལ་སྡེ་ཚན།

       ༡༽     སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག

༢༽     སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག

ཆབ་སྲིད་སྡེ་ཚན།

༡༽     སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག

༢༽     སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག

༣༽    སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག

༤༽    སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག

༥༽     སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག

འཛིན་སྐྱོང་རྟོག་ཞིབ་སྡེ་ཚན།

༡༽     སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག

༢༽     སྤྱི་འཐུས་དགེ་བཤེས་གངས་རི་མཆོག་བཅས་ལ་ཐུགས་གཏན་འཁེལ་གནང་ཡོད་པ་རེད།།

བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།
བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།
བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།
བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།