
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ ཉིན་བལ་ཡུལ་གློ་སྒྲིག་ས་གནས་འགོ ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ དཔལ་འབྱོར་གླིང་གཞིས་ཆགས་དབུ་ བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ བའི་མཛད་སྒོའི་ཐོག་བོད་མི་མང་སྤྱི ་འཐུས་ཚོགས་གཙོ་མཁན་པོ་བསོད་ ནམས་བསྟན་འཕེལ་མཆོག་གིས་བརྙན་ འཕྲིན་བརྒྱུད་འཚམས་འདྲི་ཞུས་ གནང་ཡོད་པ་དང་། བརྙན་འཕྲིན་ནང་གསུང་དོན། དེ་རིང་བལ་ཡུལ་སྤོག་ར་གློ་སྒྲི ག་དཔལ་འབྱོར་གླིང་གཞིས་ཆགས་དབུ་ བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་སྲུང་བརྩི་ཐོ ག་ཕེབས་མཁན་གྱི་སྐུ་མགྲོན་རྣམ་ པ་དང་། གཞིས་ཆགས་ཀྱི་འགན་འཁུར་མཁན་རྣམ་ པ། དེ་བཞིན་གཞིས་ཆགས་ཀྱི་མང་ཚོགས་ ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱི་ཚབ་དང་སྒེར་ངོས་ནས་ཐོ ག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ ལེགས་ཞུ་རྒྱུ་ཡིན། དེ་རིང་གཞིས་ཆགས་གློ་སྒྲིག་དཔལ་ འབྱོར་གླིང་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་གནས་སྟངས་ཤིག་ཆགས་བསྡ ད་ཡོད་རེད། རྣམ་པ་ཚོས་བརྒྱུད་རིམ་མང་པོའི་ ཐོག་ནས་བོད་བསྟན་སྲིད་ཀྱི་ཆེད་ དུ་ཕྱག་ལས་མང་པོ་ཞིག་རིམ་པས་ གནང་ནས་ལོ་ ༥༠ འཁོར་འགྲོ་ཡི་ཡོད་རེད། སྤྱིར་བཏང་ལོ་ ༥༠ ཟེར་དུས་གྲངས་ཀར་བརྩིིས་ན་མགྱོ གས་པོ་འདྲ་ཞིག་ཐོན་འགྲོ་ཡི་ཡོད་ རེད་དེ། མི་ཞིག་གི་མི་ཚེར་བསམ་བློ་བཏང་ ན་མི་ཚེ་ཕྱེད་ཀ་ལྷག་ཙམ་རྫོགས་ པའི་གནས་སྟངས་ཆགས་བསྡད་ཡོད་རེད། ང་ཚོ་བོད་ནས་བཙན་བྱོལ་དུ་ཡོང་བ་ དེའང་སོ་སོ་ཟ་རྒྱུ་དང་འཐུང་རྒྱུ འི་ཆེད་དུ་མིན་པར། གཙོ་བོ་ཆབ་སྲིད་ཀྱི་སྐྱབས་བཅོལ་ བའི་གནས་སྟངས་ཤིག་ཆགས་པའི་རྒྱུ་ མཚན་ལ་བརྟེན་ནས་རེད། དེ་འདྲའི་དུས་སྐབས་སུ་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོ ག་གི་ཐུགས་རྗེ་བཀའ་དྲིན་རེད། དེ་བཞིན་བོད་པ་རྣམས་གནས་ཡུལ་རྒྱ ལ་ཁབ་སོ་སོའི་གཞུང་དང་མང་ཚོགས་ ཀྱི་མཐུན་འགྱུར་ལ་བརྟེན་ནས་སྐྱ བས་བཅོལ་བ་འདྲ་འདྲའི་ནང་ནས་མ་ འདྲ་བ། ཟུར་དུ་བོད་པ་རང་གནས་ཐུབ་རྒྱུའི ་གནས་བབ་དེ་བྱུང་བ་ཡིན་དུས། ང་རང་ཚོའི་ངོས་ནས་དམིགས་བསལ་གྱི ས་སྤོབས་པ་སྐྱེ་དགོས་པ་ཞིག་རེད། དུས་ཚོད་དེའི་ནང་དུ་བོད་བསྟན་སྲི ད་རེད། ལྷག་པར་དུ་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་བཟང་པོ་དེ་དག་ཉམས་པ་ སླར་གསོ་དང་མི་ཉམས་གོང་འཕེལ་བྱུ ང་ཐུབ་རྒྱུར་མི་རབས་རྒན་པ་ཚོ་ ནས་ད་ལྟ་རྣམ་པ་ཚོའི་བར་དུ་འགན་ ཁུར་རིམ་པའི་ཐོག་ནས་དེ་འདྲ་བྱུ ང་བ་ཡིན་དུས། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློ བ་ལམ་སྟོན་འོག་ཏུ་ཞབས་འདེགས་ཞུ་ རྒྱུ་འདི་དང་། བོད་བསྟན་སྲིད་ལ་ཕན་ཐོགས་རྒྱུའི ་ཞབས་འདེགས་གལ་ཆེན་པོ་ཞིག་ཆགས་ བསྡད་ཡོད་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་གཞིས་ མི་རྒན་པ་ཚོ་ཡིན་ནའང་རེད། ད་ལྟ་གཞིས་མི་ཡོད་བཞིན་པ་རྣམ་པ་ ཚོ་ཡིན་ནའང་འདྲ། དེ་འདྲའི་མཆོད་སེམས་ཟེར་ནའང་མི་ འདུག སོ་སོའི་བློས་བཏང་དང་། སེམས་ཤུགས་མ་ཆག་པའི་ཐོག་ནས་མ་འོ ངས་པར་ང་ཚོ་བཙན་བྱོལ་ནང་ག་ཚོད་ གནས་དགོས་ཀྱི་ཡོད་ནའང་རུང་། དུས་ཚོད་དེའི་རིང་དུ་གནས་ཐུབ་རྒྱུ ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ རེད། སྐད་ཡིག གོམས་གཤིས་དེ་ཚོ་སླར་གསོ་བྱེད་ ཐུབ་པ། མི་ཉམས་པར་མུ་མཐུད་ནས་རྒྱུན་འཛི ན་བྱེད་ཐུབ་རྒྱུའི་སེམས་ཤུགས་ དང་སྤོབས་པ་སྐྱེ་ཐུབ་དགོས་རྒྱུ་ འདི་གལ་ཆེན་པོ་རེད་འདུག རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་ བབ་ཐོག་ནས་བོད་ལ་དམིགས་བསལ་གྱི་ རྒྱབ་སྐྱོར་གནང་བ་དེ་འདྲ་བྱུང་ བསྡད་ཡོད་རེད། རིམ་པས་རྒྱ་ནག་ནང་རེད། བོད་ནང་དུ་བོད་མིའི་གནས་སྟངས་དེ ་དག་བཟང་ཕྱོགས་སུ་འགྱུར་བ་འགྲོ་ རྒྱུ་ཡིན་དུས། ཏན་ཏན་གྱི་ང་རང་ཚོ་གཞིས་བྱེས་ མཉམ་འཛོམས་ཡོང་མི་སྲིད་པ་མ་རེད། དེ་ཡིན་དུས་ང་ཚོ་གཞིས་བྱེས་མཉམ་ འཛོམས་ཡོང་བའི་དུས་ཚོད་ལའང་བོད་ ནང་གི་བོད་མིི་ཚོར་ལེགས་སྐྱེས་ འབུལ་ཐུབ་རྒྱུའི་བཟང་སྤྱོད་རེད། རིག་གཞུང་རེད། དེ་བཞིན་ཆབ་སྲིད་ཀྱི་འགྲོ་སྟངས་ དེའང་མང་གཙོའི་ལམ་ནས་ཡིན་དུས་མི ་ཚང་མར་ཆ་ཤས་བཞེས་རྒྱུའི་གོ་སྐ བས་ཡོད་པས། དེའི་ཐོག་ལ་དུས་རྒྱུན་དུ་ནས་ འགན་ཁུར་བཞེས་ཐུབ་དགོས་རྒྱུ་དེ་ ཞེ་དྲག་གི་གལ་ཆེན་པོ་རེད་བསམ་གྱི ་འདུག དེ་རིང་རྣམ་པ་ཚོས་བལ་ཡུལ་སྤོག་ ར་གློ་སྒྲིག་དཔལ་འབྱོར་གླིང་གཞི ས་ཆགས་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ རྒྱུ་དེའང་འདས་པའི་ལོ་རྒྱུས་ཀྱི ་གནས་བབ་ནས་ཉམས་མྱོང་བསགས་ནས་མ་ འོངས་པའི་སྤྱིར་བོད་བསྟན་སྲིད་ རེད། བྱེ་བྲག་བལ་ཡུལ་སྤོག་ར་གློ་སྒྲི ག་དཔལ་འབྱོར་གླིང་གཞིས་ཆགས་དེ་ ཡར་རྒྱས་ག་རེ་གཏོང་ཐུབ་དགོས་ཀྱི ་འདུག དེ་བཞིན་གཞིས་ཆགས་ནང་ཉམ་ཐག་འཁོ ས་ཞན་དེ་འདྲ་ཡོད་པ་ཡིན་ན། དེ་ཚོའི་གནས་སྟངས་ཡར་རྒྱས་འགྲོ་ རྒྱུའི་རོགས་སྐྱོར་ག་རེ་གནང་དགོ ས་ཀྱི་འདུག དེ་བཞིན་ན་གཞོན་སློབ་ཕྲུག་ཚོར་ འདབ་ཤོག་གཉིས་ལྡན་གྱི་མ་འོངས་ པར་བོད་སྤྱི་ལ་ཞབས་འདེགས་ཞུ་ཐུ བ་རྒྱུའི་ཤེས་ཡོན་དང་། སེམས་ཤུགས་བསྐྲུན་དགོས་རྒྱུ་དེ་ ཚོ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡ ད་ཡོད་རེད། དེ་ཚོ་ཚང་མ་དགོངས་པར་བཅངས་རོགས་ གནང་ཞུ་རྒྱུ་ཡིན། དེ་རིང་ལྔ་བཅུའི་དུས་དྲན་གོ་སྒྲི ག་ཞུ་མཁན་གྱི་རྣམ་པ་ཚོར་དམིགས་ བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ དང་། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱ བས་མགོན་ཆེན་པོ་མཆོག་སྐུ་ཚེ་ ༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་དགོངས་བཞེད་རྣམས་ལྷུན་ གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།