བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་གནང་བ།

བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༤ ཉིན་མོན་དཔལ་སྤུངས་བྱང་ཆུབ་ཆོས་གླིང་གི་མཁན་པོ་ཆོས་རྗེ་བླ་མ་ཉི་མ་བཀྲ་ཤིས་མཆོག་བརྒྱུད་ནས་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་ལྷན་མཇལ་འཕྲད་ཀྱིས་ད་བར་རྒྱ་གར་དབུས་གཞུང་དང་། དམིགས་བསལ་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་རྣམས་ལ་མཐུན་འགྱུར་རོགས་མགོན་ཡུན་རིང་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ། མ་འོངས་པར་ས་གནས་བོད་མི་ཚོར་གང་ཅིར་མཐུན་འགྱུར་སྐྱབས་མཇུག་གནང་སྐྱོང་ཡོང་བའི་རེ་སྐུལ་གསོལ་འདེབས་ཞུས་གནང་ཡོད་པ་དང་། སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་ནས་བོད་མིར་ཚོར་ང་ཚོས་གང་ཐུབ་རོགས་མགོན་གནང་ཡོད་ལ། མ་འོངས་པར་ཡང་གང་ཐུབ་རོགས་རམ་གནང་རྒྱུའི་ཞལ་བཞེས་དང་། ད་བར་བཙན་བྱོལ་ནང་གི་བོད་ཀྱི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་ནང་ཨ་རུ་ན་ཅལ་མངའ་སྡེའི་མི་མང་པོ་ཞིག་ལ་ཆོས་དང་རིག་གཞུང་གི་སློབ་སྦྱོང་མཐུན་རྐྱེན་བཟང་པོ་ཞིག་གནང་བར་བརྟེན་ནས་ད་ལྟའི་ཆར་མོན་ཡུལ་འདིར་ཧ་ཅང་ཡག་པོ་བྱུང་ཡོད་པས་བོད་མིའི་སྒྲིག་འཛུགས་ལ་ཐུགས་རྗེ་ཆེ་ཞེས་གསུངས་གནང་ཡོད་པ་རེད། ལོ་རྗེས་མར་ཨ་རུ་ན་ཅལ་མངའ་སྡེའི་གཞུང་ནས་༸གོང་ས་མཆོག་མོན་ཡུལ་འདིར་གདན་འདྲེན་ཞུ་རྒྱུའི་གྲ་སྒྲིག་ཡོད་སྐོར་ཡང་གསུངས་གནང་ཡོད་པ་བཅས། །