
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༠ ཉིན་གྱི་ཞོགས་པ་ཆུ་ཚོད་༩།༠༠ པའི་ཐོག་ཀ་སྦུག་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་ལྷན་དུ། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཀ་སྦུག་སཾ་བྷོ་ཊ་སློབ་གྲྭར་ཞོགས་འཛོམས་ཐོག་དགེ་སློབ་ཡོངས་ནས་ཕེབས་བསུ་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ནས་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་གསུང་བཤད་གནང་བ་དང་། དེ་རྗེས་ས་སྐྱ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དགོན་པ་དང་། ཀ་སྦུག་སྲད་རྒྱུད་གྲྭ་ཚང་། ཟེ་དཀར་དགོན་པ་བཅས་ལ་ཆོས་མཇལ་ཞུས་འདུག

གཞན་ཡང་སྤྱི་འཐུས་རྣམ་གཉིས་ཀ་སྦུག་ཞྭ་སྒབ་པའི་གཟིམས་ཤག་ལ་གཟིགས་སྐོར་གནང་བར། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་སྲས་ཆེ་བ་དང་མཇལ་འཕྲད་ཞུས་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་སྲིད་དོན་རྒྱལ་རབས་སྐོར་གྱི་བྱུང་རིམ་ངོ་སྤྲོད་གནང་འདུག

ཉིན་རྒྱབ་མ་ཎི་ལྷ་ཁང་ཚོགས་ཁང་དུ་ཀ་སྦུག་ས་གནས་བོད་རིགས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་གཉིས་ནས་མི་མང་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་ཀྱི་ལས་རིམ་བསྐྱངས་ཡོད་པ་བཅས།


