
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༤ ཉིན་སྒང་ཏོག་ས་གནས་འགོ་འཛིན་སྦྱིན་པ་ཕུན་ཚོགས་ལགས་དང་ལྷན། བོད་མི་མང་སྤྱི་འཐུས་རྣམ་གཉིས་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་ཕྱག་བཏབ་གནང་བའི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཕེབས་འབྱོར་སྐབས་དགོན་པའི་མཁན་པོ་དང་། ཕྱག་མཛོད་ལས་སྣེ་རྣམས་ནས་ཕེབས་བསུའི་སྣེ་ལེན་གནང་སྟེ་དགོན་པའི་འདུ་ཁང་དང་། གཟིམས་ཆུང་། གསེར་གདུང་མཆོད་རྟེན། ཀརྨ་པའི་གཙུག་ལག་སློབ་གཉེར་ཁང་ (Karma Shri Nalanda Institute) བཅས་ལ་མཚམས་གཟིགས་མཆོད་མཇལ་དང་། དགོན་པའི་ཕྱག་མཛོད་དང་མཁན་པོ། ལས་སྣེ་རྣམ་པར་མཇལ་འཕྲད་གནང་སྟེ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཆ་བགོས་ཀྱིས་གཞུང་འབྲེལ་མཚམས་གཟིགས་ཕེབས་བཞིན་པའི་སྐོར་ངོ་སྤྲོད་གནང་བ་དང་། དགོང་དྲོ་ས་གནས་འབྲས་ལྗོངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཕེབས་བསུའི་སྣེ་ལེན་གསོལ་ཚིགས་ལ་ཆེད་བཅར་གནང་ཡོད་པ་བཅས།
