བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་རྒྱལ་གཅེས་བོད་ཀྱི་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་བདུན་ཚིག་དྲུག་པའིི་མཆོད་འབུལ་སྨོན་ལམ་ལ་ཆེད་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ པར་སྒང་ཏོག་ས་གནས་འགོ་འཛིན་སྐུ་ངོ་སྦྱིན་པ་ཕུན་ཚོགས་ལགས་དང་ལྷན་དུ། འབྲས་ལྗོངས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་སྒང་ཏོག་སེར་བྱེས་དགོན་པར་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་ནས་བདུན་ཚིག་དྲུག་པའི་མཆོད་འབུལ་སྨོན་ལམ་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་རྒྱལ་ཁབ་ཀྱི་རང་བཙན་སླར་གསོ་དགོས་པའི་ཞལ་ཆེམས་དགོངས་དོན་བོད་མི་རྣམས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་སྔར་ལྷག་འབད་བརྩོན་དགོས་པའི་མཁས་པའི་གཏམ་བཤད། འདས་པོ་རང་བཙན་བློ་དགའ་ལགས་ཀྱི་བདུན་ཚིག་དྲུག་པའི་མཆོད་འབུལ་སྨོན་ལམ་བླ་མ་མཆོད་པའི་ཚོགས་མཆོད་རྒྱས་འབུལ་གནང་བར་མཉམ་ཞུགས་གནང་ཡོད།

 

ཉིན་རྒྱབ་སྔ་འགྱུར་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་གདན་ས་མཆོད་རྟེན་དགོན་པ་དང་། སྐུ་གདུང་མཆོད་རྟེན། རྣམ་རྒྱལ་དཔེ་མཛོད་ཁང་། སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་མཚམས་གཟིགས་གནང་ཡོད་པ་བཅས།