བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་དང་ས་གནས་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་གནང་བ།

 

༄༅།། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་ས་བགོས་ཕྱོགས་བསྐྱོད་དང་འབྲེལ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པེ་ར་ཐམ་སི་ཧ་ Shri Prathap Sinha, MP Lok Sabha མཆོག་དང་། མངའ་སྡེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་མཧྭ་དྷི་བ་ Shri K. Mahadeva, MLA Periyapatna Taluk མཆོག་གཉིས་ལ་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་གཏུགས་དང་འབྲེལ་ད་ལྟ་བར་ལྷོ་ཕྱོགས་ཁུལ་ལ་ཡོད་པའི་དགོན་པ་དང་གཞིས་ཆགས་གཙོས་བོད་མི་ཡོངས་ལ་གཟིགས་རྟོགས་རྒྱ་ཆེར་གནང་བར་ཐུགས་རྗེ་ཆེ་ཞུ་དང་མ་འོངས་པར་མུ་མཐུད་ནས་དེ་བཞིན་གནང་རོགས་ཞེས་འབོད་སྐུལ་སོགས་ཞུས་འདུག་པ་དང་། རིམ་པས་ཉིན་འགའི་རིང་སྦེལ་ཀོབ་ལུགས་བསམ་གཞིས་དགོན་ཁག་དང་སློབ་གྲྭ་སོགས་ལ་ལས་རིམ་དང་། དེ་རྗེས་མེངྒ་ལོར་སོགས་ལ་ལས་རིམ་མུ་མཐུད་བསྐྱང་རྒྱུ་ཡིན་པ་རེད་འདུག