བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་པ།

༄༅།། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་ས་བགོས་ཕྱོགས་བསྐྱོད་དང་འབྲེལ། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་༧ཞྭ་སེར་བསྟན་པའི་གཙུག་རྒྱན། ༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་གཟིམ་ཁང་ལ་མཇལ་བཅར་ཞུས་པ་དང་། ཆུ་ཚོད་ཕྱེད་ཀའི་རིང་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཟབ་མོ་ཕེབས་པ་དང་མདོར་ན་ཡར་ཞུས་མར་གནང་སོགས་བཀའ་མོལ་ལྷུག་པོར་བྱུང་འདུག