བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་གཞིས་ཆགས་ཁག་ཅིག་དང་ཁྱབ་ཁོངས་ས་གནས་ཁག་ཅིག་ལ་ས་བགོས་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་བ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༡༢ བར་རྒྱ་གར་བྱང་ཕྱོགས་སིམ་ལ་གྲོང་ཁྱེར་དང་། ཁ་ར་པ་ཐར། ནར་ཀན་ཌ། དེ་བཞིན་བོན་གཞིས་ཌོ་ལན་ཇི་དང་། སྤོན་ཊ་ཆོལ་གསུམ། ས་ཊོན་ཁམས་ཀཿ ཐོག ཀུམ་རའོ། སྤུར་ཝ་ལ་ས་སྐྱ་གཞིས་ཆགས། ཧར་པ་སྤུར། སེ་ལ་ཀུའེ། ཅན་རྡི་སྒར། ཨམ་བྷ་ལ། ཀར་ནལ་བཅས་ས་གནས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༣༠ ཉིན་བཞུགས་སྒར་རྡ་ས་ནས་ཅན་རྡི་སྒར་བརྒྱུད་སིམ་ལར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣༡ ནས་ཟླ་ ༢ ཚེས་ ༡ བར་ཉིན་གཉིས་རིང་སིམ་ལ་ཁྱབ་ཁོངས་སུ་ལས་རིམ། ཕྱི་ཚེས་ ༢ ཉིན་བོན་གཞིས་ཌོ་ལན་ཇིར་ལས་རིམ། ཕྱི་ཚེས་ ༣ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༤ ཉིན་སྤུར་ཝ་ལ་ས་སྐྱ་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༥ ཉིན་ས་ཊོན་ཁམས་ཀཿ ཐོག་ཏུ་ལས་རིམ། ཕྱི་ཚེས་ ༦ ཉིན་ཀུམ་རའོ་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༧ ནས་ ༨ བར་ཧར་པ་སྤུར་དང་། སེ་ལ་ཀུའེ་བཅས་ལ་ལས་རིམ། ཕྱི་ཚེས་ ༩ ཉིན་ཅན་རྡི་སྒར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༠ ཉིན་ཨམ་བྷ་ལ་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༢ ཉིན་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །