བོད་དོན་ཞུ་གཏུག་ལས་འགུལ་མཇུག་སྒྲིལ་གནང་བ།

རྒྱ་གར་ལྷོ་ཕྱོགས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་མཁན་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་

དང་། ཚེ་རིང་གཡུ་སྒྲོན་མཆོག འཇིགས་མེད་འབྱུང་གནས་མཆོག  བློ་བཟང་ཡེ་ཤེས་མཆོག་བཅས་ཀྱིས་རྒྱ་

གར་ར་ཇི་སི་ཐན་མངའ་སྡེའི་ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨ་ཤོཀ་གེ་ལོ་ཊི་ Chief

Minister Ashok Gehlot མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་མཇུག་སྒྲིལ་

གནང་ཡོད་པ་རེད།  མཇལ་འཕྲད་སྐབས་བོད་མིའི་སྐུ་ཚབ་རྣམ་པས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕྱག་

རྟགས་ཕུལ་བ་དང་སྦྲགས། བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་སྐུལ་ཞུས་ཡོད། སྐབས་དེར་

བློན་ཆེན་མཆོག་གིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པ་མ་ཟད། གང་ཐུབ་རྒྱབ་སྐྱོར་གནང་རྒྱུ་

ཡིན་སྐོར་གསུངས་ཡོད། གཞན་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༢ ཉིན་སྤྱི་འཐུས་རྣམ་པས་ར་ཇི་སི་ཐན་

མངའ་སྡེའི་ཤེས་ཡོན་བློན་ཆེན་སྐུ་ཞབས་བྷི་རི་ཇི་ཀི་ཤོར་ཤར་མ་ Mr Brij Kishore Sharma མཆོག་

དང་མཇལ་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཞུས་ཡོད། ཕྱོགས་མཚུངས་བོད་མིའི་སྐུ་ཚབ་

རྣམ་པས་ར་ཇི་སི་ཐན་གྱི་རྒྱལ་རྒྱུད་འཛིན་མཁན་སྐུ་ཞབས་ཀུན་ཝར་ཇེ་སིངྒ་ Mr Kunwar Jai Singh

མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད།སྐབས་དེར་ཁོང་ནི་བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་

མཆོག་ལ་གུས་འདུད་ཧ་ཅང་ཞུ་མཁན་ཞིག་ཡིན་སྐོར་གསལ་བཤད་གནང་བ་མ་ཟད། བོད་མི་ཚོས་དཀའ་

ངལ་འཛེམ་མེད་ཐོག་རང་གི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སོར་ཆུད་བྱེད་

ཐུབ་པ་དེར་ངོ་མཚར་སྐྱེ་བཞིན་ཡོད་སྐོར་གསུངས། ཕྱོགས་མཚུངས་ཁོང་གིས་གང་ཐུབ་བོད་མིའི་བདེན་

པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད།  སྤྱི་འཐུས་རྣམས་ཀྱིས་ར་ཇི་སི་ཐན་

ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཧིན་བོད་མཛའ་འབྲེལ་ཚོགས་

པ་དང་། འཕགས་བོད་མཛའ་འབྲེལ་ཚོགས་པ་སོགས་ཀྱི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་ཡོད་

པ་བཅས་ཀྱི་གནས་བསྡུས་སུ།