བདེན་པའི་མེ་ལྕེ་སྐོར་བསྐྱོད་འབུམ་སྡེ་ལར་འབྱོར་བ།

༢༤།༧།༢༠༡༢ བདེན་པའི་མེ་ལྕེ་སྐོར་བསྐྱོད་འབུམ་སྡེ་ལར་འབྱོར་བ།༢༤།༧།༢༠༡༢ བདེན་པའི་མེ་ལྕེ་སྐོར་བསྐྱོད་འབུམ་སྡེ་ལར་འབྱོར་བ།
འབུམ་ལ་བསྟན་སྒང་ས་གནས་འགོ་འཛིན་ལས་ཁང་ནས་གནས་ཚུལ་བཏང་གནས་སུ།
བདེན་པའི་མེ་ལྕེ་དེ་བཞིན་བསྟན་འཛིན་སྒང་གཞིས་ཆགས་ནས་རུ་པ་ས་གནས་བརྒྱུད། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༤ དགོང་དྲོའི་ཕྱག་ཚོད་ ༨ པའི་ཐོག་བསྟན་སྒང་གཞིས་ཆགས་ཀྱི་དྭང་བླང་མི་གྲངས་ ༧༠ དང་ལྷན་དུ་ཕེབས་འབྱོར་བྱུང༌། ཟླ་ ༧ ཚེས་ ༢༥ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་འབུམ་སྡེ་ལ་ས་གནས་བོད་མི་དང་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་རྣམས། འབུམ་ལ་ཐུབ་མཆོག་དགའ་ཚལ་གླིང་དགོན་དུ་ལྷན་འཛོམས་ཐོག་དཀར་ཕྱོགས་ལྷ་བསངས་གཟབ་རྒྱས་བཏང་རྗེས། དགོན་པའི་གཡས་གཡོན་དུ་ས་སྐྱ་མི་མང་རུ་སྒྲིག་ཐོག་བདེན་པའི་མེ་ལྕེ་འབུམ་ལ་ཁ་འཐོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས། ས་གནས་རང་ཚོགས་ཚོགས་གཙོ་དང་ལས་དྲུང་བཅས་ནས་ྋགོང་ས་མཆོག་གི་ྋསྐུ་དཔར་མཐོང་མགྲོལ་རིན་པོ་ཆེ་ལྷན་དུ། བོད་དང་རྒྱ་གར་རྒྱལ་དར་གཞན་ནང་པའི་ཆོས་དར་སོགས་མཉམ་འཁྱེར་གྱིས་གོང་འཁོད་དགོན་པར་གདན་འདྲེན་ཞུས། མི་མང་ནས་བདེན་པའི་མེ་ལྕེ་ལ་མཇལ་དར་རིམ་བཞིན་བསྒྲོན་གནང་ཞུས་རྗེས། འབུམ་ལ་བསྟན་སྒང་ས་གནས་འགོ་འཛིན་རྡོ་རྗེ་རིན་འཛིན་ལགས་ནས་ངོ་སྤྲོད་གསུང་བཤད་དང་། བདེན་པའི་མེ་ལྕེ་བསྐོར་བསྐྱོད་འགྲོ་ལམ་ས་བཀྲ་དང་རྒྱ་གར་བྱང་ཤར་ཤིས་ལོང་ནས་དབུ་བཙུགས་ཀྱིས། ས་གནས་ཁག་བཅུ་དགུ་ཙམ་བསྐོར་བསྐྱོད་ལས་གཞི་ཡོད་ལུགས་དང་། ཐ་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཁག་གསུམ་དུ་བདེན་པའི་མེ་ལྕེ་དང་མཚན་རྟགས་བསྡུ་རུབ་ཞུས་པ་རྣམས། ཟླ་ ༡༢ ཚེས་ ༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་དང་སྟབས་བསྟུན་ནས་ལས་ཁུངས་ཁག་དུ་འབུལ་རྒྱུ་ཡིན་སྐོར་མང་ཚོགས་ལ་འགྲེལ་བརྗོད་ཞུས།
བདེན་པའི་མེ་ལྕེ་སྐོར་བསྐྱོད་འབུམ་སྡེ་ལར་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་འབུམ་སྡེ་ལར་འབྱོར་བ།
དེ་ནས་མི་མང་རྣམས་ནས་སྨོན་ལམ་མཆོད་འབུལ་ཉིན་དགུང་ཞལ་ལག་བར་གསུང་འདོན་ཞུས།
དགོང་དྲོ་ཕྱག་ཚོད་ ༤།༣༠ ནས་བདེན་པའི་མེ་ལྕེ་འཁྲོམས་གཞུང་ནང་སྐོར་བསྐྱོད་དབུ་འཛུགས་ཀྱིས། དགོན་པ་ནས་མི་གྲངས་ ༣༠༠ ཙམ་འབུམ་ལ་གྲོང་འཁྱེར་ལམ་གཞུང་དང་འཁྲོམ་གཞུང་སོགས་ལ་རྒྱང་ཐག་ཀི་ལོ་མི་ཊ ༤ ཙམ་གོམ་བགྲོད་ཐོག་སྨོན་ལ་གསུངས་འདོན་དང་། དབྱིན་ཡིག་རྒྱ་གར་ཡིག་གེ་ཐོག་བྲིས་པའི་གསར་ཤོག་ནང་འདོན་རྒྱུའི་གནས་བྲིས་ཁག་འགྲེམས་སྤེལ་ཞུས་ནས། ཐ་མ་དགོན་པའི་མདུན་ཐང་དུ་མཇུག་བསྡོམས་མ་ཞུས་གོང་། མར་མེའི་འཁྲོམ་བསྐོར་ཡང་ཞུས་ནས་སྨོན་ལམ་རྒྱལ་བའི་ཞབས་རིམ་དང་བདེན་ཚིག་སྨོན་ལམ་གསུང་འདོན་གནང། དགོང་དྲོ་ཕྱག་ཚོད་ ༧ པའི་ཐོག་མཇུག་བསྒྲིལ་གྱིས་ས་གནས་འགོ་འཛིན་ནས་མང་ཚོགས་ལ་མཇུག་བསྡོམས་གསུང་བཤད་དང་། ཚང་མས་མཉམ་རུབ་གནང་བར་ཐུགས་རྗེ་ཆེའི་འཚམས་འདྲི་གནང་བ་དང་སྦྲགས་ནས། མ་འོངས་པར་ལས་འགུལ་ཇི་ལྟར་སྤེལ་ཡང་མི་མང་མཉམ་རུབ་རྒྱབ་བསྐྱོར་དགོས་གལ་སོགས་མང་ཚོགས་ལམ་སྟོན་གནང་། ཐོག་མའི་འཆར་གཞི་ལ་བདེན་པའི་མེ་ལྕེ་དེ་བཞིན་མོན་རྟ་དབང་ཁུལ་དུ་བསྐོར་བསྐྱོད་ལས་འཆར་ཡོད་ནའང་། ཆར་ཞོད་ཆེ་བའི་འགྲོ་ལམ་འགག་པ་དང་འབྲེལ་ཡོད་རྫོང་དཔོན་ལས་ཁུངས་ནས་ཆོག་མཆན་བཀའ་འཁྲོལ་མ་ཐོབ་པའི་དབང་གི་འགྲོ་ཐུབ་མེད་ཀྱང་། ཡིག་ཆ་འགྲེམས་སྤེལ་དང་མཚན་རྟགས་བསྡུ་རུབ་སོགས་མོན་རྟ་དབང་རང་ཚོགས་ཚོགས་གཙོ་ལ་ལས་འགུལ་སྤེལ་རྒྱུའི་འོག་གྲབ་ཆེད་ཁུངས་གཏོང་ཞུས༌། འབུམ་ལ་བསྟན་སྒང་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ ལ།།
བདེན་པའི་མེ་ལྕེ་སྐོར་བསྐྱོད་འབུམ་སྡེ་ལར་འབྱོར་བ།བདེན་པའི་མེ་ལྕེ་སྐོར་བསྐྱོད་འབུམ་སྡེ་ལར་འབྱོར་བ།