བདམས་ཐོན་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་གནས་གཟིགས་སུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡ ཉིན་སྔ་དྲོ་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། བདམས་ཐོན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ལས་འཁུར་དམ་འབུལ་མ་ཞུས་གོང་། སྔ་དྲོ་ཆུ་ཚོད་ ༧།༠༠ ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང། དགའ་གདོང་གསལ་བྱེད་གླིང་གྲྭ་ཚང་བཅས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་སྣེ་ཤན་ཞུས་ཏེ་གནས་གཟིགས་སུ་ཕེབས་ཡོད་པ་བཅས།