ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བོད་དོན་ཞུ་སྐུལ་ནང་མཉམ་ཞུགས་ཀྱིས་ཨོ་གླིང་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་ཕྲད་གནང་བ།

༄༅། ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡ ནས་ ༢ བར་ཉིན་གྲངས་གཉིས་རིང་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱིས་བོད་དོན་ཞུ་སྐུལ་གྱི་ཉིན་མོ་གོ་སྒྲིག་ཞུས་པའི་ཐོག ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་དང་། ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཛའོ་ བྷེ་ཌི་ཕོར་ཌི་ (Dr. Zoe Bedford) ལགས། ལས་བྱེད་བསོད་ནམས་ཚེ་རིང་ལགས། གསར་འགོད་དྭངས་ཞབས་པ་ཇི་རལ་ཌིན་ ནོར་ཌི་ཕིལ་ཌི་ (Geraldine Nordfeldt) ལགས། ཨོ་གླིང་ས་གནས་འདྲ་མིན་གྱི་བོད་མིའི་སྐུ་ཚབ་གྲངས་ ༡༥ ལྷག་ཙམ་མཉམ་ཞུགས་གནང་འདུག་ཅིང་། སྐབས་དེར་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་བོད་དོན་ཞུ་སྐུལ་ཚོགས་ཆུང་གཅིག་སྣེ་ཁྲིད་གནང་ཡོད་འདུག

ཕྱི་ཚེས་ ༡ ཉིན་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་བོད་དོན་ཞུ་སྐུལ་འགོ་འཛུགས་ཀྱིས་ཐོག་མར་ཨོ་གླིང་གྲོས་ཚོགས་རྭ་བའི་ནང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་དོན་ཞུ་སྐུལ་གནང་མཁན་སྐུ་ཚབ་གཉིས་ཀྱིས་བོད་དོན་ཞུ་སྐུལ་སྐོར་ངོ་སྤྲོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བརྗོད། ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསུམ་ནས་ཀྱང་བོད་དོན་སྐོར་ངོ་སྤྲོད་གསུང་བཤད་དང་། བཅའ་འདྲིར་ལན་འདེབས་གསལ་བཤད་གནང་འདུག

དེ་རྗེས་རིམ་པས་ཉིན་གཉིས་ཀྱི་རིང་ཨོ་གླིང་གྲོས་ཚོགས་གོང་འོག་འཐུས་མི་གྲངས་ ༣༠ ཙམ་དང་མཇལ་ཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཞིང་། ༧རྒྱལ་དབང་སྐུ་ཕྲེང་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་འགན་དབང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་འགན་དབང་མེད་སྐོར། བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་ལྷག་བསྡད་ཡོད་སྟབས། དེ་སེལ་ཐབས་སུ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས། ཨོ་སི་ཀྲོ་ལི་ཡའི་ནང་གནས་སྡོད་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་སྐོར་བཅས་གནད་དོན་གསུམ་གྱི་ཐོག་ལ་ཞུས་གནང་འདུག

སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Bridget McKenzie མཆོག་དང་། ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་Senator Richard Colbeck མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Paul Scarr མཆོག་གི་ལས་བྱེད་ Jason Sandorp, Chief of Staff ལགས།  ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Renee Coffey མཆོག  ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Nick Mckim མཆོག ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Dr. Sophie Scamps མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Andrew Mclachan མཆོག་བཅས་དང་ལྷན་མཇལ་འཕྲད་དང་། གཞན་ཞུ་སྐུལ་ཚོགས་ཆུང་བཞི་ནས་ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Alison Penfold མཆོག ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Mary Aldred མཆོག ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Alicia Payne མཆོག Senator Dean Smith, Senator Barbara Pocock, ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP David Moncrieff མཆོག ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Tim Wilson མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Dorinda Cox མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Deb O’Neil མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Steph Hodgins-May མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator David Smith མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Pete Whish-Wilson མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator David Pocock མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Raff Ciccone མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Penny Allman-Payne མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Senator Mehreen Faruqi མཆོག ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Andrew Wallace མཆོག ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Susan Templeman མཆོག་བཅས་དང་མཇལ་འཕྲད་གནང་འདུག

མཇལ་འཕྲད་སྐབས་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་དང་། དེ་བཞིན་གྲོས་ཚོགས་འཐུས་མི་གསར་པ་མང་དག་ཅིག་ལ་བོད་དོན་སྐོར་ངོ་སྤྲོད་གནང་ཐུབ་པ་བྱུང་བ་དང་། ཁོང་རྣམས་ནས་ཀྱང་བོད་དོན་སྐོར་ལ་དོགས་འདྲི་དང་ཐུགས་སྣང་ཆེན་པོ་གནང་ཡོད་འདུག

ཉིན་གྲངས་གཉིས་རིང་བོད་དོན་ཞུ་སྐུལ་གནང་བ་བརྒྱུད། ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་ MP Susan Templeman མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ Senator Dean Smith མཆོག  གྲོས་ཚོགས་གོང་མའི་འཐུས་མི་ Senator Nick Mckim མཆོག གྲོས་ཚོགས་གོང་མའི་འཐུས་མི་ Senator Steph Hobgings-May མཆོག་བཅས་ཀྱིས་ཨོ་གླིང་གྲོས་ཚོགས་སུ་བོད་དོན་སྐོར་གླེང་སློང་དང་། བོད་དོན་ཞུ་སྐུལ་སྐབས་རེ་འབོད་ཞུས་པའི་དོན་ཚན་ཁག་ཅིག་གི་ཐོག་གསུངས་འདུག

ད་ལྟའི་ཆར་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ནི། ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ MP Susan Templeman མཆོག་དང་། གུ་ཡངས་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Senator Dean Smith མཆོག་དང་། ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Senator David Pocock མཆོག་བཅས་གསུམ་ཡིན་འདུག

བོད་དོན་ཞུ་སྐུལ་ཉིན་གཉིས་པའི་ཞོགས་པར། Falong DAFA ཚོགས་པས་མགྲོན་འབོད་གནང་བ་ལྟར། ཕྱོགས་བཞུགས་སྤྱི་འཐུས་མཆོག་གིས་ཨོ་གླིང་གྲོས་ཚོགས་ཕྱི་རོལ་དུ་དེ་གའི་རང་དབང་ཞུ་སྐུལ་ལས་འགུལ་གྱི་འདུ་འཛོམས་སར་ཆེད་བཅར་གྱིས་བོད་དོན་དང་། རང་དབང་སྐོར་ལ་གཏམ་བཤད་དང་། ཚོགས་པ་དེའི་གསར་འགོད་པའི་བཅའ་འདྲིར་དང་ལེན་གནང་འདུག་པ་བཅས།