དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༤༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༦ ཉིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༤༡ འཁོར་བའི་དུས་དྲན་མཛད་སྒོ་ཞིག་རྡ་ས་མེག་ལོར་དུ་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁའི་ཚོགས་ཁང་དུ་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༥ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག གཞན་སྐུ་མགྲོན་དུ་དབུས་གཙང་གི་སྤྱི་འཐུས་རྣམ་པ། དབུས་གཙང་ཆོལ་ཁའི་རྒྱུན་ལས་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མི་མང་སོགས་འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོ་དང་དམིགས བསལ་སྐུ་མགྲོན་རྣམ་གཉིས་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་གྲུབ་མཚམས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ཉེ་ལམ་ཁམས་སྡེ་དགེའི་ནང་ཛ་དྲག་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ཡང་སྒོས་ཚེ་འདས་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་མཆོག་དང་ཚེ་འདས་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག་རྣམ་གཉིས་སྐུ་ཚེའི་འཕེན་པ་རྫོགས་པར་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

དེ་རྗེས་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་༧སྐུའི་ན་བཟའ་ཆེན་མོ་ཕུན་ཚོགས་ཚེ་རིང་ལགས་སུ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་འབུལ་ལམ་ཞུས་གནང་བ་དང་། དམིགས་བསལ་སྐུ་མགྲོན་མཆོག་ནས་རྡ་སའི་ས་རྒྱུན་ཟུར་པ་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་སྒྲོན་གནང་སོང་།

སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་གསུང་བཤད་གནང་དོན། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དེ་ཉིད་དབུ་བརྙེས་ནས་ལོ་ངོ་ ༤༡ འཁོར་བའི་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། སྒྲིག་འཛུགས་དེ་ཉིད་ཀྱི་ས་བོན་ཐོག་མར་འཛུགས་མཁན་ཀ་སྦུག་དབུས་གཙང་ཚོགས་པ་ཡིན་ཚུལ་སོགས་སྒྲིག་འཛུགས་དབུ་བརྙེས་པའི་བརྒྱུད་རིམ་དང་། བར་ལ་སྐུ་ངལ་བསྐྱོན་མཁན་དང་ད་ལྟ་ཕྱག་ལས་གནང་མཁན་སོགས་འབྲེལ་ཡོད་སྐུ་ངལ་བསྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་བཞིན་ཚོགས་གཞོན་མཆོག་གིས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཐ་ན་བོད་ཀྱི་ངོ་བོ་མཚོན་བྱེད་རྩ་མེད་བཟོ་བཞིན་ཡོད་པས་བོད་མི་ཚོས་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཡོད་པའི་དཀྲོག་གཏམ་ལ་མགོ་མ་འཁོར་བར་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་། ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མ་བོད་ཀྱི་རང་དབང་སླར་གསོའི་ཆེད་བཙུགས་པ་ཡིན་པ་ཤེས་དགོས་པ་དང་། བོད་མི་ཚོས་དུས་རྟག་ཏུ་རང་ཉིད་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པ་དང་བོད་མི་རིགས་ཀྱི་འཐབ་རྩོད་པ་ཡིན་པ་ནམ་ཡང་བརྗེད་མི་རུང་བའི་སྐོར་ནན་བརྗོད་གནང་སོང་།

དེ་མཚུངས་དཔལ་ལྡན་ཚོགས་གཞོན་མཆོག་གིས་མུ་མཐུད་གསུང་དོན་ལ་དབུས་གཙང་སྒྲིག་འཛུགས་ཐོག་མར་འཛུགས་དུས་སྐབས་དེའི་འགོ་ཁྲིད་རྣམ་པས་ད་ལྟ་ཚོགས་ཁང་ཡོད་སའི་ས་ཆ་དེར་བོད་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་བཙུགས་འཆར་གྱིས་ས་ཁྲ་བཟོས་པ་དང་ཆོག་ཆན་ཞུས་པ་སོགས་དབུས་གཙང་མི་རབས་རྒན་པ་ཚོའི་རླབས་ཆེན་གྱི་དགོངས་བཞེས་ལ་ཡིད་རངས་བསྔགས་བརྗོད་དང་རྗེས་དྲན་ཞུས་གནང་བ་དང་། རིམ་བཞིན་ཁོང་གིས་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ནས་མི་རབས་རྒན་པ་རྣམས་དང་ནད་པ་སོགས་ལ་རོགས་རམ་དང་། དེ་བཞིན་མི་ཤི་རྐྱེན་འདས་བྱུང་བའི་སྐབས་སུ་སེམས་གསོར་ཕེབས་པ་སོགས་ཕྱག་ལས་ཧ་ཅང་ཡག་པོ་གནང་གི་ཡོད་པ་ཞེས་བསྔགས་བརྗོད་གནང་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་ཆགས་བབས་ཀྱི་ཆ་ནས་བཙན་བྱོལ་ནང་བོད་ཆོལ་ཁ་གསུམ་ནས་དབུས་གཙང་མི་མང་མང་ཤོས་ཡོད་པ་དང་། མི་འབོར་མང་ཤོས་ཡིན་པས་འགན་འཁུར་ཡང་ཆེ་ཤོས་ཡོད་པ་སོགས་དང་འབྲེལ་

དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ནས་བོད་མི་རིགས་ཀྱི་འཐབ་རྩོད་དེ་མ་འོངས་པར་གཞོན་སྐྱེས་འགན་འཁུར་ཐུབ་མཁན་དང་ཆོལ་ཁ་ཕྱོགས་ལྷུང་མེད་པ་ཚོས་མུ་མཐུད་རྒྱུན་འཁྱེར་ཐུབ་ཐབས་སུ་ན་གཞོན་སྐྱེ་སྲིང་དགོས་གལ་ཆེན་པོ་ཡིན་སྐོར་དང་། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ནས་ཕྱི་ལོ་ ༢༠༢༥ ལ་གཞོན་སྐྱེས་འདུ་འཛོམས་ཡོད་པ་ཤེས་བྱུང་པར་ལེགས་གསོལ་བསྔགས་བརྗོད་དང་སྦྲགས། བོད་ནང་རྒྱ་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་ཁག་གི་ནང་གཏན་སྡོདབྱེད་དུ་འཇུག་གི་ཡོད་ལ་བོད་ཕྲུག་ཚོའི་རང་གི་རིག་གཞུང་དང་། ཆོས་ལུགས། དེ་བཞིན་ལོ་རྒྱུས་སོགས་སྦྱོང་རྒྱུའི་ཐོབ་ཐང་འཕྲོག་པ་མ་ཟད། བོད་ཕྲུག་ཚོའི་སེམས་ཁམས་ནང་སིམ་འཛུལ་གྱིས་བོད་པའི་ངོ་བོ་ནག་སུབ་གཏོང་ཐབས་བྱེད་བཞིན་ཡོད་པས་ བཙན་འབྱོལ་ནང་ཡོད་པའི་བོད་ཕྲུག་རྣམས་བོད་པའི་ངོ་བོ་ཡོད་པ་སྐྱེ་སྲིང་བྱེད་དགོས་པ་སོགས་ཀྱི་གསུང་བཤད་དང་། མདོར་ན་བོད་མིའི་འཐབ་རྩོད་ཆིག་སྒྲིལ་ནི་མེད་དུ་མི་རུང་བ་ཡིན་པས་ཚང་མས་༧གོང་ས་མཆོག་གི་བཀའ་སློབ་སྙིང་བཅང་གིས་སྐད་ཆ་ག་རེ་བཤད་ཀྱང་གཟབ་གཟབ་བྱེད་དགོས་པའི་འབོད་བསྐུལ་ཞུས་གནང་སོང་བ་བཅས།