
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༩ ཉིན་དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་བོད་མི་མང་ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། བོད་མི་མང་ས་སྐྱའི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་གྷ་གྷལ་གནམ་ཐང་དུ་ཆེད་ཕེབས་ཀྱིས་གཞུང་འབྲེལ་ཕེབས་བསུ་སྣེ་ལེན་ཞུས་གནང་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཐོག་༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་མཉམ་ཞུགས་སླད་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།