དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་སི་ཊི་ཝི་ལགས་དང་མཇལ་འཕྲད་གནང་བ།

དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་སྰི་ཊི་ཝི་ལགས་དང་མཇལ་འཕྲད་གནང་བ།

༄༅། །སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Steve Schroedeer ལགས་དང་ཁོང་གི་ནང་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་དང་ལས་བྱེད་གཅིག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕེལ་རིམ་དང་། གྲུབ་ཆ། ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རིང་ནས་སྙིང་དུ་བརྣག་པའི་བོད་ཀྱི་ཆབ་སྲིད་མང་གཙོ་ཡང་དག་པར་སྒྱུར་རྒྱུའི་ཐུགས་དགོངས་སོགས་ངོ་སྤྲོད་དང་སྦྲགས་བོད་ཀྱི་མང་གཙོའི་འཕེལ་རིམ་ཁྲོད་བོད་མི་ཚོས་ཕན་ཚུན་གྱི་བསམ་ཚུལ་མི་མཐུན་པར་གུས་རྩི་ཞུ་རྒྱུ་དང་། བསམ་ཚུལ་སྣ་ཚོགས་པ་དང་ལེན་བྱ་རྒྱུ་སོགས་ཤེས་ཡོད་སྐོར་དང་།

དེ་རྗེས་ཁོང་གིས་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་རིང་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་སྔོན་རྩིས་གཏན་འབེབས་དང་འཛིན་སྐྱོང་གི་ལས་དོན་ཐོག་རྟོག་ཞིབ་སོགས་ལས་དོན་བྱེད་ཕྱོགས་སྤྱི་དང་བྱེ་བྲག་ཏུ་ས་བགོས་ཕྱོགས་བསྐྱོད་དང་། བོད་དོན་ཞུ་སྐུལ་སོགས་ངོ་སྤྲོད་དང་སྦྲགས་ཨ་རི་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པ་དང་། དམིགས་བསལ་ཨ་རི་གྲོས་ཚོགས་ནས་བོད་དོན་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།

དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་སྤྱི་ལོ་ ༡༩༦༤ ལོར་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཁོངས་ནས་བུད་མེད་སྤྱི་འཐུས་རེ་རེ་ཟུར་བཅད་ས་མིག་འཕར་སྣོན་གནང་བ་དང་འབྲེལ་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་བོད་པའི་མང་ཚོགས་ནང་བུད་མེད་དབུ་ཁྲིད་མང་པོས་ལས་གནས་འདྲ་མིན་ཐོག་འགན་འཁུར་བཞེས་བཞིན་ཡོད་སྐོར་གསུངས་སོང་།

མཐར་ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་དང་མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་བཅས།