དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མིས་མེར་སྲེག་གཏོང་དོན་དང་འབྲེལ་འགྲེམས་སྟོན་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༧ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ཛ་དྲག་གི་དྲི་བ། བོད་མི་རྣམས་རང་ལུས་མེར་སྲེག་གཏོང་དགོས་དོན་གང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པའི་ཐོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་འདུག

འགྲེམས་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་མར་མེ་ཞལ་འབྱེད་གནང་རྗེས་རང་ལུས་མེར་སྲེག་གཏོང་དོན་དང་འབྲེལ་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། ཁོང་གིས་གསར་འགོད་པའི་འདྲི་བར་ལན་འདེབས་དང་སྦྲགས་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་ཡོང་བའི་ཆེད་བོད་མི་ཚོས་རང་ཉིད་ལ་གཅེས་པའི་ལུས་སྲོག་བློས་གཏོང་བྱེད་བཞིན་ཡོད་པའི་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ནན་བརྗོད་གནང་སོང་།

འགྲེམས་སྟོན་འདིའི་ཐོག་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མངོན་འདོད་དང་མེར་སྲེག་གཏོང་ཡུལ་ས་ཁུལ་རྣམས་བོད་ཀྱི་ས་ཁྲའི་སྟེང་གསལ་སྟོན་གྱིས་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། འགྲེམས་སྟོན་འདི་ནི་བོད་ནང་གྲྭ་བཀྲ་བྷེ་ལགས་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རང་ལུས་མེར་སྲེག་ཐོག་མར་བཏང་ནས་ལོ་ངོ་བཅོ་ལྔ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་པ་བཅས།